logo

འགྱུར་རྩོམ། རེ་བའི་སྐྱ་རེངས།

རྩོམ་པ་པོ།:མཁར་མོ་བྱམས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-01-15 ཀློག་གྲངས།:
རེ་བའི་སྐྱ་རེངས།
རྩོམ་པ་པོ། ཡིང་ཀོ་པོ་ཀོ་པ་ཧོ་མན།
བསྒྱུར་བ་བོ། མཁར་མོ་བྱམས།

 
སྐྱ་རེངས་མདའ་མོས་རྟ་བདུན་དབང་པོ་ཀུན་གསལ་མཁའ་ལམ་ཡངས་པོར་བསྐྱལ་དང་ལྷན་ཅིག་ཏུ། །
ས་ཡི་ལྷ་མོས་དགའ་བའི་ཉམས་དང་དགོད་པའི་འཛུམ་བཅས་ལོང་ཧྲན་མེ་ཏོག་སྐྱེས་སུ་བསྟབས། །
དེ་ཡི་བཀྲག་མདངས་རབ་ཏུ་འཚེར་བས་ཁྱོད་ཡིད་བརྟན་པ་ཅིག་ཅར་འཕྲོག་པ་དྲི་ཡི་བཞོན། །
ཕྱོགས་མཐར་རྒྱུ་བའི་འགྲོས་དང་ཀུན་མཚུངས་འགྱུར་ཁུགས་སྟོང་བཅས་དུས་ཀྱི་གར་དང་གཞི་གཅིག་གྱུར། །
 

གཟུགས་ཀྱི་གྲིབ་མ་གཡུ་གཟིའི་གླིང་གི་འཛིན་མའི་ཕངས་པར་རབ་ཏུ་བཀོད་དེ་ཕྱག་ཟུང་གིས། །
དྭངས་པའི་ཡིད་མཚོ་བརླན་པར་བགྱིས་པ་མཚོ་ཉའི་ལྟོ་བ་མཁའ་ལམ་ཡངས་པོར་གཏད་པ་བཞིན། །
མི་རྟག་འཆི་བ་སྐད་ཅིག་ཉིད་ཀྱི་ཡུན་མཐའ་ཙམ་ལ་ཁྱོད་ཀྱི་སྟེང་དུ་བབས་གྱུར་ན། །
ཁྱོད་ནི་ཆུ་ཤེལ་དཀྱིལ་འཁོར་བཞིན་དང་ཀེང་རུས་ཇི་བཞིན་བདེན་པར་གཡོལ་ཞིང་བཏུད་དེ་གནས། །

ཉིན་བྱེད་དབང་པོས་རབ་ཏུ་བསྐྱངས་པའི་ཆུ་གཏེར་ལས་ཀྱང་གལ་ཏེ་རང་འོད་འབྱིན་ནུས་ན། །
དེ་ཡིས་རླབས་ཕྲེང་བྱུ་རུའི་མེ་ཏོག་ཡང་ཡང་གཏོར་ཆེད་མཚོ་ངོས་བསྐྱོམས་ལ་གདོན་མི་ཟ། །
ནམ་ཞིག་མཛེས་པའི་ལོང་ཧྲན་མེ་ཏོག་སྐྱེད་བྱེད་དབང་འཛིན་སྒེག་མོའི་མངལ་དུ་སྦྲུམ་པའི་ཚེ། །
དེ་དང་ཉེ་བའི་ས་རྡོ་དག་ཀྱང་དེ་ཉིད་སྲུང་ཕྱིར་རང་ལུས་འདོར་ལ་ཞུམ་མི་མངའ། །
 
多年之后
英格博格·巴赫曼(奥地利)

时间之箭轻轻搭在太阳弓上。
当龙舌兰从岩石中长出,
在它上方你的心将在风中摇晃,
并与时间的目标同步。

一个影子掠过亚速尔群岛,
你的胸膛是颤动的褐虾。
如果死亡投身于瞬间,
你就是耀眼的玻璃,贴近它。
 
如果被宠坏了的大海擅长发光,
它就会为了一滩血提高海平面,
多年之后龙舌兰将开花,
岩石会保护它免遭狂潮的席卷。
འབྲེལ་ཡོད་འོས་སྦྱོར།