logo

འགྱུར་རྩོམ། མི་རྟག་པ།

རྩོམ་པ་པོ།:མཁར་མོ་བྱམས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-01-26 ཀློག་གྲངས།:
མི་རྟག་པ།
རྩོམ་པ་པོ། ཞོ་ལེ།
བསྒྱུར་བ་བོ། མཁར་མོ་བྱམས།


མཛེས་སྡུག་རྣམ་བཀྲ་མེ་ཏོག་ཀྱང་། །
དུས་ཀྱིས་ཡོངས་སུ་བསྐམ་པར་འགྱུར། །
དེ་བཞིན་འབྲེལ་ཟབ་ཆོས་རྣམས་ཀྱང་། །
མི་རྟག་དབང་གིས་སོ་སོར་འབྲལ། །

སྲིད་པའི་སྤྲོ་དགའི་ཚད་ཅི་ཙམ། །
ཞེ་ན་མི་སྡུག་མཚན་མོ་རུ། །
གཡོ་བའི་གློག་ཞགས་གར་མཁན་མས། །
སྐད་ཅིག་འཁྲབ་པའི་ལྟད་མོ་བཞིན། །


བརྩེ་ལྡན་གཡོ་མེད་བློ་འགེལ་བའི། །
གྲོགས་ནི་ཉིན་མོའི་སྐར་མ་བཞིན། །
སྙན་སྨྲ་བརྩེ་མེད་གཡོ་ཆས་ཅན། །
ས་ཡི་རྡུལ་དང་གྲངས་མཉམ་མོ། །

དགའ་བའི་རྟེན་དང་བྲལ་བའི་ཁར། །
ཅི་འདོད་ཐམས་ཅད་སྟོང་གྱུར་པ། །
ཇི་ཞིག་ལྟར་ཡང་འུ་བུ་ཅག །
གསོན་པའི་ཁ་དོག་འཚོལ་དགོས་སོ། །


ནམ་མཁའ་དྲི་མ་མེད་པ་དང་། །
རྩི་ཤིང་མེ་ཏོག་ཁྲ་ལམ་མེར། །
མི་སྡུག་མུན་པ་མ་སླེབས་སྔོན། །
མིག་གི་མེ་ལོང་རབ་དྭངས་དུས། །

རྨི་ལམ་ཡིད་ཀྱི་ཞིང་མོ་ཆེར། །
སྲིད་པའི་ཕུན་ཚོགས་ཡོངས་སྤྱད་ལྟའི། །
མར་མེའི་རི་མོ་བྲིས་ཀྱང་རུང་། །
བདེན་དོན་རི་མོས་བསླུ་བ་མེད། །

无常
雪莱


今天还微笑的花朵
明天就会枯萎;
我们愿留贮的一切
诱一诱人就飞。
什么是这世上的欢乐?
它是嘲笑黑夜的闪电,
虽明亮,却短暂。


唉,美德!它多么脆弱!
友情多不易看见!
爱情售卖可怜的幸福,
你得拿绝望交换!
但我们仍旧得活下去,
尽管失去了这些喜悦,
以及“我们的”一切。


趁天空还明媚,蔚蓝,
趁着花朵鲜艳,
趁眼睛看来一切美好,
还没临到夜晚:
呵,趁现在时流还平静,
作你的梦吧——且憩息,
等醒来再哭泣。
འབྲེལ་ཡོད་འོས་སྦྱོར།