སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་ཉི་ཤུ་བ།)
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-01-29
ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
སོ་དགུ་པ།
ཀྲུའུ་ཕིན་དང་ངོ་མ་འཕྲད་པར་ཟླ་འགའ་འགོར་སོང་། དེའི་བར་ནས་ཁ་པར་ཡང་མ་བཏང་། ང་ལ་དོན་གཞན་གང་ཡང་མེད་མོད། འོན་ཀྱང་སྒྲོལ་མས། ང་ཚོ་མོ་ལ་བལྟ་རུ་འགྲོ་འོས། གུས་ལུགས་འགྲོ་འོང་བྱེད་དགོས། ཡང་ཅིག་བཤད་ན་ངས་མོ་ལ་ཁས་བླངས་ཡོད་ཅེས་ཟེར།
ང་སྔར་བཞིན་སེམས་འགུལ་མི་ཐེབས་པས། ངས། ང་ལ་དུས་ཚོད་མེད། ཉིན་འདི་འགར་སེམས་རྣལ་ལ་ཕེབས་ནས་བྲི་བྱ་འགའ་འབྲི་རྩིས་ཡོད་ཅེས་བཤད།
སྒྲོལ་མས། མོ་ནི་དང་ཐོག་ཁྱོད་ཀྱིས་ངོ་ཤེས་པའི་གྲོགས་མོ་ཡིན་པས་ཁྱོད་མ་སོང་ན་མོར་ལྟ་ཚུལ་ཡོད་སྲིད་ཅེས་ཟེར།
སྒྲོལ་མས་ལྷག་བསམ་རྣམ་དག་གིས་ང་བོས་པ་ཡིན་ཞིང་། བཤད་པའི་སྐད་ཆར་ཡང་གནས་ལུགས་ལྡན་པས་ང་མོའི་རྗེས་སུ་མི་འབྲངས་རང་དབང་མ་བྱུང་།
ང་ཚོས་སྔོན་ལ་ཁ་པར་བཏང་བ་ཡིན། ཀྲུའུ་ཕིན་གྱིས་སྤྲོ་སེམས་འཁོལ་བའི་ངང་ནས་ང་ཚོར་སྣེ་ལེན་བྱས་ཤིང་། མཉམ་བཞུགས་ཀྱི་སྐབས་སུ་ང་ལ་རྩོམ་རིག་ཕྱོགས་ཀྱི་བརྗོད་གཞི་གླེང་བྱུང་།
ཀྲུའུ་ཕིན་གྱིས། ཁྱོད་ཀྱི་བརྩམས་སྒྲུང་འབྲིང་གྲས་དེར་ངས་ཐེངས་འགར་བལྟས་པ་ཡིན། བྲིས་པ་ཤིན་ཏུ་ངོ་མཚར་ཆེ་མོད། འོན་ཀྱང་སྡུག་བསྔལ་གྱིས་འཁེངས་འདུག ཐ་ན་ལྟ་མི་བཟོད་པའི་རྣམ་པར་གནས་འདུག་ཅེས་ཟེར།
ཀྲུའུ་ཕིན་གྱིས་བཤད་པ་ནི་མོས་ངེད་ཚང་ནས་ཁྱེར་སོང་བའི«དཀའ་སྡུག་གི་ལོ་ཟླ»ཞེས་པ་དེ་རེད། བརྩམས་སྒྲུང་དེའི་ནང་དུ་ངས་དུས་རབས་གོང་མའི་ལོ་རབས་ལྔ་ཅུ་བ་དང་དྲུག་ཅུའི་བར"ཕ་ཡུལ"དུ་བྱུང་བའི་ཡིད་སྐྱོ་བའི་དོན་དག་འགའ་བརྗོད་ཡོད།
དོན་དག་དང་པོ་ནི་དགོན་པ་དང་ལྷ་ཁང་བཤིགས་པ་དེ་རེད། སྐབས་དེར། མི་དམངས་ཀུང་ཧྲེས་ངར་ལྕགས་བཙོ་སྦྱང་བྱེད་དགོས་པས་བུད་ཤིང་མེད་ན་རྫོང་གིས་དགོན་པ་དང་ལྷ་ཁང་གི་ཁང་པ་བཤིག་ནས་བུད་ཤིང་བྱེད་རྒྱུར་ཐག་བཅད་པ་དང་། གྲོང་ཚོའི་ནང་གི"ཧུར་བརྩོན་ཅན"དག་རང་ཉིད་དངོས་སུ་ངལ་རྩོལ་ལ་ཞུགས་འདོད་མེད་པར"མི་སྣ་རིགས་བཞི་ཅན"ལ་བཤིག་ཏུ་བཅུག་པ་དང་། "མི་སྣ་རིགས་བཞི་ཅན"དག་ལྷ་འདྲེ་ལ་སྐྲག་པས་བཤིག་མི་ཕོད་པར་གྱུར་སྟབས། "ཧུར་བརྩོན་ཅན"རྣམས་ཀྱིས་ཁོ་ཚོའི་ཁ་ལ་མི་ཉན་པའི"མི་སྣ་རིགས་བཞི་ཅན"དག་བསྡམས་བཀྱིགས་བྱས་ཏེ་རྡུང་རྡེག་བྱས་པ་དེ་ཡིན་ལ། དོན་དག་གཉིས་པ་ནི་རྙིང་བརླག་གསར་འཛུགས་ཀྱི་མཐའ་འཁྱོལ་རང་བཞིན་མངོན་ཆེད། བོད་རིགས་བུད་མེད་ཀྱི་དཀྱིལ་སྦོམ་ཞིང་མཐའ་གཉིས་ཕྲ་ལ་ཅ་ལ་ནག་པོས་བསླེས་པའི་རལ་པ་གསུམ་བཙན་ཤེད་ངང་ཅ་ལ་མེད་པའི་རལ་པ་གཉིས་སུ་བསླེས་སུ་བཅུག་པ་མ་ཟད། ད་དུང་བོད་ལྭ་རིང་པོ་དེའི་པུས་མོའི་མཚམས་ནས་བཅད་དེ་རྒྱ་གོས་སུ་བརྩིས་ནས་གྱོན། དེ་དང་བསྟུན་ནས་བུད་མེད་དེ་དག་གིས་འཐོར་བའི་སྐྲ་ལོ་ཕྲག་པར་དཔྱངས་ཤིང་། རྒྱ་མིན་བོད་མིན་གྱི་ཕྱུ་པ་ཐུང་ངུ་གྱོན་ནས་མི་རྣམས་ཀྱིས་མཐོང་སྐབས་གད་མོ་ཤོར་བའི་ཅིར་ཡང་མི་མཚུངས་པའི་རྒྱུ་རུ་གྱུར་བ་དེ་ཡིན། དོན་དག་གསུམ་པ་ནི། རྫོང་གིས"དར་དམར་འཕྲོག"ཆེད་དུ་ཞིང་པའི་ལོ་གཅིག་གི་འབྲུ་རིགས་ཚང་མ་བཙན་ཤེད་ཀྱིས་གཞུང་བཞེས་བྱས་པས། མི་སེར་ལ་བཟའ་རྒྱུ་མེད་པས་སྤུན་པ་དང་རི་སྐྱེས་སྔོ་ཚལ་ཟ་འགོ་ཚུགས་ལ། ཕྱིས་སུ་སྡོང་ཤུན་དང་བལ་རྩྭ་ཟ་བ་ནས་མིས་མི་ཟ་བའི་བར་འཕེལ་རྒྱས་ཕྱིན་ཕྱིར། མི་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་བཙན་སར་བྱོལ་ཞིང་། ད་དུང་བུད་མེད་ཅིག་ལྟོགས་ནས་སྒོ་ལ་འགྲོ་མི་ཐུབ་པས་རང་གི་དབུགས་ཆད་ལ་ཉེ་བའི་བྱིས་པ་བསད་དེ་ཟོས་པ་དང་། མི་ལ་ལས་གནས་ཚུལ་དེ་གོང་དུ་ཞུས་ནས་བུད་མེད་དེ་འཛིན་བཟུང་བྱས་ཀྱང་ཁྲིམས་དཔྱད་ཇི་ལྟར་གཏོང་རྒྱུའི་ཐད་དཀའ་གནད་ལ་འཕྲད། བུད་མེད་དེས་དངོས་འབྲེལ་ལྟོ་ཆས་མ་ཟོས་པའི་རྐྱེན་གྱིས་མི་གཤིས་རྦད་དེ་བརླག་པའི་བྱ་བ་དེ་བསྒྲུབས་པ་རེད། རྫོང་ཁྲིམས་ཁང་གིས་གནས་ཚུལ་དེ་ཞིང་ཆེན་ཁྲིམས་ཁང་དུ་འབྱོར་ཐོ་བཀོད་རྗེས། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཀྱིས་གནས་ཚུལ་དེ་ཤེས་ཤིང་རྫོང་ཡོངས་ཀྱི་ལས་ཀར་ཞིབ་བཤེར་མཐར་ཕྱིན་བྱས། མཐར་རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གྱི་གོ་གནས་ཕྱིར་འཐེན་བྱས་ལ། ནོར་འཁྲུལ་གྱི་བྱེད་སྟངས་དེ་རིགས་ཡོ་བསྲང་བྱས་པས་གཞི་ནས་དཔལ་འབྱོར་དང་། མི་རིགས། ཆོས་ལུགས་བཅས་ཀྱི་སྲིད་ཇུས་ཡང་དག་པ་སླར་གསོ་བྱུང་བ་རེད།
གཏམ་རྒྱུད་འདི་གསུམ་ལ་གཞི་བཅོལ་ནས། ངས་ད་དུང་དོན་དག་འདི་འདྲ་ཞིག་བྲིས་པ་སྟེ། དུས་དེར། དཔུང་རྟགས་དམར་པོ་ཅན་བོད་རིགས་ཀྱི་ཨ་ཡེ་རྒན་མོ་ཞིག་གི་ཁྱིམ་དུ་འཛུལ་ཏེ། མོ་ཚང་གི་རྙིང་བ་བཞི་གཏོར་ན་འདོད། ཡིན་ནའང་། མོ་ཚང་ལ་ཡབ་མེས་ནས་བཞག་པའི་འབྲུག་རིས་སེར་པོ་བརྐོས་པའི་དཀར་ཡོལ་བཞི་ཡོད་པ་ལས་གཞན་རྙིང་བཞི་ལྡན་པའི་དངོས་པོ་གཅིག་ཀྱང་མ་རྙེད། དཔུང་རྟགས་དམར་པོ་ཅན་ཚོས་དཀར་ཡོལ་དེ་བཞི་གཅོག་རྩིས་བྱས། ཡི་གེ་གཅིག་ཀྱང་མི་ཤེས་པའི་ཨ་ཡེ་དེས། ང་ཡང་སྤྱི་ཚོགས་རྙིང་བ་བརྒྱུད་ནས་ཡོང་བ་ཡིན། ཁྱོད་ཚོས་གཅོག་འདོད་ན་སྔོན་ལ་ང་ནས་མགོ་རྩོམ་ཞིག མ་གཏོགས་ཁྱོད་ཚོས་ངའི་དཀར་ཡོལ་གཅིག་གཅོག་པའི་སྟོང་བསམ་གང་ཡང་མ་བཅངས་ཞེས་སྨྲས་བཞིན་དུ་རང་གི་མགོ་བོ་དེ་དཔུང་རྟགས་དམར་བོ་ཅན་གྱི་མགོ་ཁྲིད་དེའི་པང་དུ་གཟེད། དཔུང་རྟགས་དམར་པོ་ཅན་རྣམས་སྐྲག་ཐག་ཆོད་ཅིང་། མིག་ཅེར་ཞིང་ཁ་གདངས་ནས་རེ་ཞིག་བསྡད་རྗེས་རེ་རེ་བཞིན་སྐྱ་ཐག་ཆོད་ནས་ཕྱིར་ཆས།
ངས་ཀྲུའུ་ཕིན་ལ། ངའི་གཏམ་རྒྱུད་དེ་དག་ནི་ཨ་ཕས་ང་ལ་བཤད་པའི་ཕ་ཡུལ་ནས་བྱུང་བའི་དོན་དག་ངོ་མ་ཡིན་ཞེས་བཤད་པ་ཡིན་མོད། འོན་ཀྱང་ཕྱོགས་ཁ་ཤས་ནས་སྒྱུ་རྩལ་གྱིས་ལས་སྣོན་བྱས་པ་ཙམ་ཡིན་ཞེས་བཤད།
ཀྲུའུ་ཕིན་གྱིས་ཧ་ལས་པའི་ངང་ནས། ཨོ། ཨོ། ད་དུང་དོན་དག་དེ་འདྲ་ཡོད་དམ་ཞེས་ཟེར།
ངས་ད་དུང་ཕྱིར་ལན་མ་བསློག་པའི་བར་དུ་སྒྲོལ་མས་གཞི་ནས་བཤད་མཚམས་བཅད་དེ། ཁྱོད་དང་བཀྲ་ལོ་བཟའ་ཟླར་གྱུར་ཅིང་། ད་དུང་བུ་མོ་ཞིག་ཀྱང་ཡོད་པས། ཁ་བྲལ་ཟེར་ན་བྲལ་དོན་ཅི་ཡིན་ནམ་ཞེས་ཟེར།
ཀྲུའུ་ཕིན་གྱིས། འདི་ཅི་ལྟར་བཤད་དམ། གཙོ་བོ་ནི་དགའ་ཕྱོགས་མ་གཅིག་པས་ལན་ནམ་ཞེས་ཟེར།
སྒྲོལ་མས། བལྟས་ཡོང་ན་ཁོའི་རྒྱུ་རྐྱེན་ཡིན་སྲིད་ཟེར།
ཀྲུའུ་ཕིན་གྱིས། ཁོ་ལ་སྒོར་མོ་ཅུང་ཙམ་ཡོད་རྗེས་ཟ་འཐུང་འཆལ་རྒྱུག་ཚང་མ་འཛོམས་པས་ང་ཁོ་ལ་མི་དགའ་་ཞེས་སྨྲས།
སྒྲོལ་མས། ད་ལྟའི་སྒོར་མོ་ཡོད་པའི་སྐྱེས་པ་ཚང་མ་དེ་འདྲ་ཞིག་མ་རེད་དམ། དེར་ཡ་མཚན་རྒྱུ་ཅི་ཞིག་ཡོད་དམ་ཞེས་ཟེར།
ཀྲུའུ་ཕིན་གྱིས་བཞིན་མདོག་ཁག་པོའི་སྒོ་ནས། གཙོ་བོ་ནི་ཁོ་ང་ལ་སྔོན་ཆད་ཀྱི་བརྩེ་མདངས་མེད་སོང་བ་དང་། ཁྱིམ་དུ་ལོག་ཚེ་སྒོར་གླེང་བ་ལས་གཞན་སྒོར་གླེང་རྒྱུ་ལས་ཅི་ཡང་མི་འདུག་པས། ང་ཚོར་ཐུན་མོང་གི་སྐད་ཆ་མེད་སོང་བ་རེད། དེ་ལྟར་ང་ཚོ་གྲོས་མོལ་མོས་མཐུན་སྒོས་ཁ་ཐོར་དུ་སོང་བ་ཡིན་ཞེས་ཟེར།
ང་རང་ཁོ་མོ་ཚོས་བརྗོད་གཞི་འདི་གླེང་བར་སྤྲོ་སྣང་མི་འདུག་པས། སྐད་ཆ་ཕྱོགས་གཞན་པར་བསྒྱུར་བ་ཡིན།
ཁྱིམ་དུ་ལོག་རྗེས། སྒྲོལ་མས་ཉལ་ཐུལ་གཏོར་ནས་འཁྲུད་སྐབས་ངས་འདི་ལྟར་བཤད། ཁྱོད་ཀྱིས་ཅིའི་ཕྱིར་དེ་རིང་གི་ཁོར་ཡུག་དེ་འདྲའི་ནང་ང་དང་ཀྲུའུ་ཕིན་དོགས་མི་བདེ་བའི་ཁ་བརྡ་དེ་འདྲ་བྱས་པ་ཡིན་ནམ་ཞེས་པར།
སྒྲོལ་མས་ལག་ནང་གི་མལ་ཐུལ་ཕྱི་མ་བཞག་སྟེ། ཁྱོད་གཉིས་ཀ་རིག་གནས་པ་ཡིན་པས་ངས་ཁྱིམ་བདག་གི་སྐད་ཆ་དེ་རིགས་མ་གླེང་ན་ཅི་ཞིག་གླེང་ངམ་ཞེས་ཟེར།
ངས། ཁྱོད་ཀྱང་དང་ཐོག་རིག་གནས་པ་ཞིག་རེད། མ་གཏོགས«ཧོར་གླིང་གཡུལ་འགྱེད»ཅི་ལྟར་འཁྲབ་བམ། ཡིན་ནའང་ཁྱོད་ཀྱིས་དུས་རྒྱུན་དུ་སློབ་སྦྱོང་མི་བྱེད་པས། གཞི་ནས་ད་ལྟའི་འདི་འདྲ་ཞིག་ཏུ་ཆགས་པ་རེད་ཅེས་བཤད།
སྒྲོལ་མས། ཡོད་ཚད་ཁྱེད་ཀྱི་ཆེད་དུ་མ་ཡིན་ནམ། གལ་ཏེ་ངེད་གཉིས་ཀ་དཔེ་ཆ་བ་གླེན་པ་ཞིག་ཏུ་གྱུར་ཚེ་སུས་ཁྱིམ་ཚང་འདི་བདག་སྐྱོང་བྱེད་དམ། ཁྱིམ་ཡང་ཁྱིམ་ཚང་ཞིག་དང་འདྲ་པོར་ཆགས་ཐུབ་བམ་ཞེས་ཟེར།
སྒྲོལ་མའི་སྐད་ཆར་དངོས་གནས་གནས་ལུགས་འདུག་སྟེ། ང་ནི་ཁྱིམ་ཚང་གི་དོན་ལ་དོ་སྣང་བྱེད་མཁན་ཞིག་གཏན་ནས་མིན། ལོ་མང་པོའི་རིང་ལ་སྒྲོལ་མས་བློ་རྩེ་གཅིག་སྒྲིམ་ངང་ཁྱིམ་འདི་བདག་གཉེར་བྱས་ཡོད་པ་ཡིན་པས། ངས་ལྷག་བསམ་རྣམ་དག་གིས་སྒྲོལ་མར། དོན་འདི་ཁྱོད་ཀྱིས་བཤད་པ་དངོས་གནས་བདེན་པས། ངས་ཁྱོད་ལ་བཀའ་དྲིན་ཞུ་འོས་ཞེས་བཤད།

༣༩
ཚེ་ལོས་གཡང་སྐྱིད་ལ་མངལ་ཆགས་པའི་གནས་ཚུལ་དེ་ཕ་ཡུལ་གྱི་ཨ་ཕ་དང་གྱོས་མོར་བཤད། རྒན་པ་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་ནས་གཡང་སྐྱིད་ལ་བལྟ་རུ་ཡོང་རྒྱུར་རྩོད་ལེན་བྱེད་བཞིན་མཆིས། ཚེ་ལོས། གཡང་སྐྱིད་ཀྱི་ཟླ་ཁ་ད་དུང་རིང་བས་ལྟ་རྟོག་བྱེད་ཚད་དུ་མ་ཐོན། ཡང་ཅིག་བཤད་ན། ཁྱིམ་དུ་ཁང་བ་གྱན་གཅིག་ལས་མེད་པས། མི་མང་ན་སྟབས་མི་འགྲིག སྒུག་ནས་རྗེས་སུ་ཁང་བ་ཡོད་ཚེ་ད་གཟོད་རྒན་པ་ཚོ་གདན་འདྲེན་ཞུ་ངེས་ཞེས་བཤད་པ་ན། གཞི་ནས་རྒན་པ་རྣམས་ལྟ་རུ་ཡོད་བསམ་རྨག་མེད་བཟོས་སོང་།
ཚེ་ལོས་རང་གི་སྡོད་ཁང་གི་དཀའ་ངལ་ངོ་མ་པུའུ་ཀྲང་འབྲུག་རྒྱལ་ལ་བཤད་། པུའུ་ཀྲང་གིས་ཚེ་ལོར་རེ་ཞུ་ཡི་གེ་ཞིག་འབྲི་དགོས་ཞེས་ཟེར། ཚེ་ལོས་རེ་ཞུ་ཡི་གེ་བྲིས་ཚར་རྗེས་པུའུ་ཀྲང་ལ་ཕུལ་བ་དང་། པུའུ་ཀྲང་གིས་གནས་ཚུལ་ངོ་མ་ཡིན་པའི་བསམ་འཆར་གྱི་མིང་རྟགས་བཀོད་རྗེས་སླར་ཡང་གཞུང་ཐམ་བརྒྱབ་ཅིང་། ཁང་པ་ནི་རྫོང་ཁང་པ་དོ་དམ་འགོ་ཁྲིད་ཚོ་ཆུང་གིས་གཅིག་གྱུར་གྱིས་དོ་དམ་དང་བཀོད་སྒྲིག་བྱེད་བཞིན་ཡོད་པས། ཁྱོད་ཀྱིས་དངོས་སུ་ཡི་གེ་དེ་འགོ་ཁྲིད་ཚོ་ཆུང་ཁག་གི་ཁག་གཙོ་ཀྲིན་ལགས་ལ་སྤྲོད་དང་། ཁོང་གིས་འཆར་གཞི་ཡོད་པའི་སྒོ་ནས་བཀོད་སྒྲིག་བྱེད་ངེས་ཡིན་ཞེས་ཟེར།
ཚེ་ལོས་རེ་ཞུའི་སྙན་ཞུ་དེ་ཁག་གཙོ་ཀྲིན་ལགས་ལ་ཕུལ། ཁག་གཙོ་ཀྲིན་ལགས་ཀྱིས་མིག་གིས་ཀྱང་མ་བལྟས་པར་གཡང་སྐྱིད་ལ་ཁང་པ་ཡོད་པ་མ་རེད་དམ་ཞེས་ཟེར། ཚེ་ལོས། མོར་མངལ་ཆགས་ཡོད་པ་རེད། མོར་ཞབས་ཞུ་བྱེད་མི་མཁོ། ཁང་བ་གྱན་གཅིག་ནང་དུ་སྡོད་ཐབས་མི་འདུག་པས་ཁང་བ་གྱན་གཉིས་ཅན་ཁྱམས་ར་ཡོད་པ་ཞིག་ལ་བརྗེས་པར་རེ་བ་ཞུ་བཞིན་ཡོད་ཅེས་བཤད། ཁག་གཙོ་ཀྲིན་ལགས་ཀྱིས། ཁྱམས་ར་ཡོད་པའི་ཁང་བ་གྱན་གཉིས་ཅན་ཧ་ཅང་དཀོན་ཏེ། མི་ལ་ལར་གྱན་གཅིག་ཅན་གྱི་ཁང་པའང་བཀོད་སྒྲིག་བྱེད་རྒྱུ་ཤིན་ཏུ་དཀའ་བས། ཁྱོད་སྔོན་ལ་ཕྱིར་ལོག་དང་། སྒུག་ནས་ཁང་བ་ཡོད་པའི་གནས་ཚུལ་འབྱོར་རྗེས་ཁྱོད་ལ་བརྡ་གཏོང་གི་ཡིན་ཞེས་སྨྲས་བྱུང་།
སྙན་ཞུ་ཞུས་ནས་ཉིན་འགའ་མ་འགོར་བར། མི་ཁག་གཅིག་ལ་ཁྱམས་རར་ཁང་བ་གྱན་གཉིས་ཡོད་པ་ཅན་བགོས་བྱུང་། ཡིན་ཀྱང་ཚེ་ལོ་དེ་གྲས་སུ་མི་འདུག་པས་ཁོ་བྲེལ་འཚུབ་ཆེན་པོ་ལངས་ཤིང་སོང་ནས་ཁག་གཙོ་ཀྲིན་ལགས་ལ་དྲིས། ཁག་གཙོ་ཀྲིན་གྱིས། དེ་དག་ནི་ཁྱོད་ལས་ཡར་ཞུ་བྱེད་སྔ་མཁན་ཡིན་པས། ཁྱོད་ཀྱིས་བར་སྐབས་སུ་སྒུག་ཅིག་ཅེས་ཟེར།
ཚེ་ལོས་སྐད་ཆ་གཞན་བཤད་མི་བདེ། ཁོའི་སེམས་སུ། ཁང་པའི་དོ་དམ་ཚན་ཁག་ལ་བལྟས་ཡོང་ན་ཡར་ཞུ་ཞུས་པའི་སྔ་རྗེས་ཀྱི་གོ་རིམ་ལྟར་སྡོད་ཁང་བཀོད་སྒྲིག་བྱེད་བཞིན་ཡོད་སྙམ།
དགོང་མོ་དེར། ཚེ་ལོ་དང་གཡང་སྐྱིད་གཉིས་རྫོང་སྲིད་གཞུང་གི་སྒོ་འགྲམ་གྱི་ཟ་ཁང་ཞིག་ཏུ་ཟས་ཟ་བར་ཕྱིན། སོང་མ་ཐག་ཁྲོམ་སྲང་དུ་ན་གཞོན་གཉིས་ཀྱིས་ཕྱོགས་གཅིག་ནས་རྫོང་དུ་སྡོད་ཁང་མེད་པར་ལེ་བདའ་བྱེད་པ་དང་། ཕྱོགས་གཅིག་ནས་མགྲོན་ཁང་ཐབས་ཆག་ཅིག་ཏུ་ཆས་སོང་བ་མཐོང་། དེ་ནས་ཡང་ཟ་ཁང་དུ་ཁང་བ་ཆེན་པོ་ཐོབ་མ་ཐག་པའི་མི་གཉིས་ཀྱིས་འགྲམ་གྱི་ཅོག་ཙེ་སྟེང་དུ་ཟ་མ་ཟ་བཞིན་རྟེན་འབྲེལ་ཞུ་བཞིན་འདུག་ལ། ཆང་འཐུང་དྲགས་པས་སྐད་ཆ་མང་པོ་བཤད་བཞིན་པ་མཐོང་། གཟུགས་རིང་དེས་གཟུགས་ཐུང་དེར། ཁག་གཙོ་ཀྲིན་ནི་བལྟས་ཡོང་ན་ཧ་ཅང་རྫིག་རྫིག་ཅིག་རེད་མོད་ཀྱང་། དོན་དངོས་སུ་ཁོའི་གཤིས་ཀ་ཤེས་ན་སྐད་ཆ་བཤད་བདེ་བ་ཞིག་རེད་ཅེས་ཟེར།
གཟུགས་ཐུང་དེས་ཆང་ཕོར་ཡར་བཏེགས་ནས། མི་ལ་སྐད་ཆ་བཤད་བདེ་སོང་བ་མ་རེད། གཙོ་བོ་འདི་ཡོད་ན་སྐད་ཆ་བཤད་བདེ་བ་རེད། ངས་དང་ཐོག་ཁང་བ་ཆེན་པོ་ཞིག་སློང་བར་རྩ་བ་ནས་བཤད་ས་མི་འགྲོ། རྗེས་ནས་ཟས་ཅོག་གང་གི་གདན་འདྲེན་གྱིས་དེ་མུར་ཁང་བ་ལག་སོན་བྱུང་སོང་ཟེར་བཞིན་ཆང་མར་འབྱངས།
གཟུགས་པོ་ཆེ་བས། ངས་ཟ་འཐུང་གི་མགྲོན་མ་བྱས། ལོ་སར་གྱི་སྐབས་སུ་དུ་བ་ཐུམ་ཐུར་གཉིས་མ་གཏོགས་མ་བྱིན། དེ་ནི་སྒོར་མོ་བཅུ་ལྷག་བཀོལ་བའི་རིན་པ་ཙམ་རེད་ཅེས་ཟེར་བཞིན་དུ་ལུག་ཤ་ལེབ་མོ་ཞིག་ཁ་ནང་དུ་བཅུག
ཚེ་ལོ་ཕར་སོང་ནས་དེ་གཉིས་ལ་གནས་ཚུལ་གསལ་བོ་འདྲི་འདོད་དུས་གཡང་སྐྱིད་ཀྱིས་དེ་མུར་བཀག་ཅིང་། ང་ཚོས་ཁོ་ཚོ་ངོ་མི་ཤེས་པས། སྐབས་ཐོག་འདི་འདྲར་ཁོ་ཚོ་དང་མཉམ་དུ་བསྲེས་ཤིང་། ཁོ་ཚོ་དང་ཚོར་སྣང་སྐྱེན་པའི་བྱ་བ་གལ་ཆེན་དེ་འདྲ་གླེང་ཚེ་ཁོ་ཚོས་ང་ཚོར་དོགས་པ་ཟ་བ་རེད་ཅེས་ཟེར།
ཁྱིམ་དུ་ལོག་རྗེས། གཡང་སྐྱིད་ཀྱིས་ཚེ་ལོར། ང་ཚོས་ཀྱང་ཁག་གཙོ་ཀྲིན་ལགས་ལ་ལག་རྟགས་ཕྲན་བུ་སྤྲོད་བར་བྱ། སྤྱིར་ཚོན་ཁྲ་ཅན་གྱི་བཪྙན་འཕྲིན་གཅིག་གིས་གསོག་དངུལ་ཚང་མ་བཏང་ཚར་ཡང་། སྒོར་བརྒྱ་ཉིས་བརྒྱ་ཙམ་ད་དུང་གཏོང་ཐུབ་ཅེས་ཟེར།
ཚེ་ལོས། དེ་ལྟར་བྱེད་ཅེས་འདང་ཅི་ཡང་མ་བརྒྱབ་པར་ཐག་བཅད།
གཟའ་འཁོར་ཁ་ཤས་འདས་ཟིན། གཡང་སྐྱིད་ཀྱི་ཕོ་པ་ཉིན་རེ་བཞིན་ཇེ་འབུར་ནས་ཇེ་འབུར་རེད། མོས་ཚེ་ལོ་ལ་ཁང་པའི་བྱ་བ་མགྱོགས་ཙམ་སྒྲུབ་དགོས་པར་ནན་སྐུལ་བྱས། ཚེ་ལོའི་འདོད་ཚུལ་ཡིན་ན། ལག་རྟགས་སྤྲོད་པར་ཡང་གོ་སྐབས་འོས་འཚམ་ཞིག་དམ་འཛིན་བྱེད་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ལྟར་མ་བྱས་ན་ལག་རྟགས་ཁྱེར་ནས་ཁང་པ་སློང་ན། དོན་དག་དམར་རྗེན་དུ་མངོན་དྲགས་པ་མ་རེད་དམ། མ་གཏོགས་གཞན་གྱིས་ཁྱོད་ཕྱི་རུ་མ་བསྐྲད་ན་ཡ་མཚན་རེད་ཅེས་ཟེར།
ཟླ་མཆོད་དུས་ཆེན་གྱི་སྔོན་ཉིན་སྔ་དྲོར། ཚེ་ལོས་ཐ་མག་དང་ཨ་རག་སོགས་ཀྱི་ལག་རྟགས་གྲ་སྒྲིག་བྱས་ནས་དུས་ཆེན་ཐོག་ཁག་གཙོ་ཀྲིན་ལགས་ལ་འབུལ་རྩིས་ཡོད་པ་རེད། ཉིན་དེའི་ཕྱི་དྲོར། ཧྲུའུ་ཅི་གཞོན་པ་ཏིང་ལགས་ཀྱིས་རྫོང་ཨུའི་སྡེ་ཚན་ཁག་ལ་གོང་རིམ་གྱི་ཡིག་ཆ་བརྒྱུད་བསྒྲགས་གནང་བ་རེད། དེའི་ནང་གི་ཡིག་ཆ་གཅིག་ནི་དུས་ཆེན་རིང་མགྲོན་འབོད་སྐྱེས་འབུལ་བྱེད་རིགས་གཏན་འགོག་བྱ་རྒྱུའི་སྐོར་རེད། ཧྲུའུ་ཅི་གཞོན་པ་ཏིང་ལགས་ཀྱིས་བརྒྱུད་བསྒྲགས་གནང་སྐབས་རྫོང་ཨུའི་སྡེ་ཚན་ཁག་གི་ལས་བྱེད་པར་སྤྱོད་གཙང་གཞུང་དྲང་གི་མིག་དཔེ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། གལ་ཏེ་ལག་རྟགས་སྤྲོད་པ་དང་ལག་རྟགས་ལེན་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་ཚེ་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་དེ་ཚབས་ཆེན་རིགས་ཁྲིམས་འཛིན་ལས་ཁུངས་ལ་སྤྲོད་རྒྱུ་ཡིན་ཟེར།
ཚེ་ལོས་ཉན་རྗེས་མགོ་ལྤགས་སྦྲིད་པར་གྱུར། སྟབས་ལེགས་པ་ཞིག་ལ་རང་གིས་ད་དུང་ལེགས་སྐྱེས་མ་བྱིན་པ་དེ་རེད། མ་གཏོགས་མཚན་མོའི་གཉིད་ཀྱང་ག་ལ་ཁུག་སྲིད།
ཚེ་ལོས་ད་ཡང་ལེགས་སྐྱེས་འབུལ་བའི་ཐབས་ཀྱིས་ཁང་བའི་གནད་དོན་ཐག་གཏན་ནས་གཅོད་མི་འདོད།

བཞི་བཅུ་པ།
ངའི་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མིའི་ལག་ཁྱེར་མར་སྤྲད་བྱུང་། རྒྱབ་ཤོག་སྔོན་པོའི་སྟེང་གསེར་ཆུས"མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མིའི་ལག་ཁྱེར"ཞེས་བྲིས་འདུག་ཅིང་། ནང་དུ་ངའི་འདྲ་པར་དང་། མིང་། ལོ་ཚོད། མི་རིགས། ཕ་ཡུལ། སྡེ་ཚན། འགྲེམས་སྤེལ་བྱས་པའི་ཚེས་གྲངས་བཅས་ཁ་གསལ་བཀོལ་ཡོད་ལ། འདྲ་པར་ཐོག་ད་དུང་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངར་ལྕགས་ཐམ་ག་བརྒྱབ་འདུག་ཅིང་། སྟེང་དུ་ད་དུང་ཁེ་དབང་དང་བླང་བྱ་ཁ་ཤས་ཀྱང་གཏན་འབེབས་བྱས་འདུག
ང་དགའ་སྤྲོ་ཆེན་པོས་འཁེངས། ཉིན་དེ་ནས་བཟུང་སྟེ། ང་ནི་ཞིང་ཆེན་ནང་ཁུལ་གྱི་ལས་ཞོར་རྩོམ་པ་པོ་ཞིག་ཡིན།
ཉིན་དེའི་ཕྱི་དྲོར། ངས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་དྲུང་ཡིག ད་དུང་ངེད་ལས་ཁུངས་ཀྱི་འགོ་ཁྲིད་དང་གྲོགས་པོ་འགའ་གདན་དྲངས་ནས་རྟེན་འབྲེལ་ཡག་པོ་ཞུས་པ་ཡིན། མཉམ་འཛོམས་སྟེང་ཀྲུའུ་ཞིས་ང་ལ། ཁྱོད་ནི་ད་ལྟ་ཞིང་ཆེན་རིམ་པའི་རྩོམ་པ་པོ་ཞིག་ཡིན་པས་ང་ཚོའི་ཁུལ་གྱི་རྩོམ་པ་པོའང་ཡིན་པ་སྨོས་མེད་རེད། སྤྱིར་ཁྱོད་ཀྱིས་རྩོམ་ཡིག་མི་ཉུང་བ་ཞིག་བྲིས་ཡོད་མོད་ཀྱང་རིགས་ཐ་དད་དུ་ཐོར་འདུག གལ་ཏེ་རང་ཉིད་ཀྱི་ཆེད་རྩོམ་ཞིག་ཡོད་ན་ཇི་འདྲའི་ལེགས་ཨང་ཞེས་སྨྲས་བྱུང་།
སྐད་ཆ་འདིའི་ཤུགས་རྐྱེན་གྱིས་ཡུལ་ལ་ལོག་རྗེས་ངས་ལོ་འདི་དག་གི་རིང་ལ་སྤེལ་བའི་རྩོམ་རིག་བརྩམས་ཆོས་འཚོལ་སྡུད་བྱས། ཁྱོན་བསྡོམས་རྩོམ་ཡིག་བརྒྱད་ཅུ་ལྷག་ཙམ་ཡོད་པ་དེའི་ནང་དུ་སྙན་ངག་དང་། ལྷུག་རྩོམ། སྒྲུང་གཏམ་བཅས་ཚུད་ཡོད། ངའི་འཆར་གཞི་ནི་དེའི་ཁྲོད་ཀྱི་ཆ་ཤས་ཤིག་ལེགས་བསྒྲིགས་བྱས་ཏེ་འོས་འཚམ་གྱི་སྐབས་སུ་དེབ་ཏུ་བསྒྱུར་རྒྱུ་དེ་ཡིན།
ངས་ཕྱོགས་གཅིག་ནས་འགྲེམས་སྤེལ་བྱས་ཟིན་པའི་རྩོམ་རིགས་འཚོལ་སྡུད་དང་ལེགས་སྒྲིག་བྱས་པ་དང་། ཕྱོགས་གཞན་ནས་ད་དུང་ལེགས་འགྲུབ་བྱུང་མེད་པའི་སྒྲུང་རིང་མུ་མཐུད་དུ་འབྲི་བཞིན་ཡོད། བྲེལ་བ་ཧ་ཅང་ཆེ་བས་ཁྱིམ་གྱི་དོན་དག་ལའང་ཁ་ཡ་བྱེད་པ་ཉུང་། སྒྲོལ་མ་དེ་ལས་ཐང་ཆད་ཀྱང་འཁང་ར་ཅི་ཡང་མི་བྱེད་མོད་ཀྱང་། ངའི་བྲེལ་བ་དེ་ཁས་མི་ལེན་པ་ཙམ་ཡིན། ཉིན་དེའི་དགོང་མོར། མོས་ཟ་མ་ལས་ཚར་རྗེས་ཅོག་ཙེའི་སྟེང་དུ་བསྐྱེལ་ཡོང་ཞིང་ང་ཟ་རུ་བོས་བྱུང་། འོན་ཀྱང་ངས་མ་རྩོམ་ལེགས་སྒྲིག་བྱས་ཏེ་ཅུང་ཙམ་འགོར་སོང་། མོས་འཁྱགས་ཟིན་པའི་ཟ་མར་བལྟས་ཏེ་ཅུང་མི་དགའ་བའི་ངང་ནས། ཁྱོད་ཅི་ཞིག་ལ་བྲེལ་བཞིན་ཡོད་དམ། ལས་ཞོར་རྩོམ་པ་པོ་ཞིག་བྱས་ནས་དཔེ་ཆ་གཅིག་གཉིས་ཙམ་ཕུད་རུང་ཟླ་ཕོགས་སྐར་གཅིག་ཡར་ཕོག་ཐུབ་པར་ཕན་ནམ་ཞེས་ཟེར།
ངའི་སྒྲོལ་མར་སླར་ལན་མ་སློག རྒྱུ་མཚན་ནི་རྩོམ་རིག་གསར་རྩོམ་ནི་མི་སྒེར་གྱི་དགའ་ཕྱོགས་དང་བསམ་པའི་དཔལ་ཡོན་འཚོལ་སྙེག་བྱེད་ཐབས་ཙམ་ཡིན། ང་ལ་མཚོན་ནས་བཤད་ན། དེ་དང་དངོས་པོའི་འཚོ་བ་ལ་འབྲེལ་བ་ཆེན་པོ་མེད་པ་འདྲ།

༤༠
ཟླ་འགའི་དུས་ཚོད་ཡང་ཕར་འདས། འོན་ཀྱང་ཁང་བའི་དོན་དག་ལ་སྔར་བཞིན་གྲགས་འགུལ་ཅི་ཡང་མི་འདུག གཡང་སྐྱིད་ཀྱིས་ཚེ་ལོ་ལ་ཟ་ཁང་ནས་ཐོས་པའི་ཁག་གཙོ་ཀྲིན་གྱིས་ལེགས་སྐྱེས་བླངས་ནས་ཁང་བ་བགོས་པའི་དོན་དག་དེ་རྫོང་ཨུའི་འགོ་ཁྲིད་ལ་བཤད་དུ་འཇུག་འདོད་པ་རེད། འོན་ཀྱང་ཚེ་ལོའི་སེམས་སུ། གལ་ཏེ་དོན་དེར་རྫོང་གིས་རྩད་གཅོད་བྱས་ཚེ་གནད་དོན་ཇེ་ཆེར་འགྲོ་སྲིད་པ་དང་། ཁག་གཙོ་ཀྲིན་ལ་ཆད་པ་ཕོག་ངེས་ཤིང་། ཁང་པ་རག་མཁན་ཚོས་ཀྱང་ཁང་པ་ཕྱིར་སློག་དགོས་པ་མ་ཟད། རང་ཉིད་ཀྱིས་ཀྱང་ཞུ་གཏུག་བྱེད་མཁན་གྱི་མིང་ངན་ཞིག་རྒྱབ་ཏུ་འཁུར་དགོས་པས། སླད་ཕྱིན་མི་གཞན་གྱིས་མཐོང་དུས་གཤེ་གཤེ་གཏོང་ཡུལ་དུ་གྱུར་ཏེ། བྱ་བ་དང་འཚོ་བའི་ཁྲོད་དུ་ནམ་ཡང་ཕྱིར་བཤོལ་བྱེད་སའི་ལམ་བུ་མེད་འགྲོ་སྙམ་པ་རེད།
ཚེ་ལོས་ཁག་གཙོ་ཀྲིན་གཅིག་པུར་གནས་ལུགས་བཤད་རྒྱུའི་ཐབས་ལམ་བདམས་པ་རེད།
ཉིན་གཉིས་པར། ལས་ཚོགས་ལ་ཞུགས་མ་ཐག་ཚེ་ལོ་ཁག་གཙོ་ཀྲིན་གཅིག་པུའི་གཞུང་སྒྲུབ་ཁང་དུ་སོང་།
ཚེ་ལོ་ནང་དུ་འཛུལ་མ་ཐག ཁག་གཙོ་ཀྲིན་ལགས། ངའི་བཟའ་ཟླར་ཕྲུ་གུ་སྐྱེ་ཉེར་ཡོད་པ་དང་ཕ་ཡུལ་དུ་ད་དུང་ལྟ་རྟོག་བྱེད་མི་ཡོང་དགོས་པས་ཁང་པ་ཆེ་ཙམ་ཞིག་དགོས་ཀྱི་འདུག་ཅེས་བཤད།
ཁག་གཙོ་ཀྲིན་ལགས་ཀྱིས་མི་ཁྲོ་མི་འཇམ་པའི་ངང་དུ། ཚེ་ཆུང་། ངས་བཤད་པ་མ་ཡིན་ནམ། ལས་ཁུངས་ཀྱི་སྡོད་ཁང་ཧ་ཅང་དཀོན་པ་དང་། གསར་དུ་བགོས་པའི་ལས་བྱེད་པ་ཁ་ཤས་ད་དུང་འགྲུལ་ཁང་དུ་བསྡད་ཡོད་པ་རེད་ཅེས་ཟེར།
ཚེ་ལོས་ཅུང་ཁྲོས་པའི་ངང་། སྲིད་གཞུང་གིས་ཁང་པ་ཐེངས་ཁ་ཤས་ལ་བགོས་པ་མ་ཡིན་ནམ། ཅིའི་ཕྱིར་ང་ལ་སྐལ་མེད་སོང་བ་ཡིན་ནམ་ཞེས་བཤད།
ཁག་གཙོ་ཀྲིན་གྱིས་ཀྱང་ཁོང་ཁྲོ་ཆེན་པོས། ངས་ཁྱོད་ལ་ཐད་ཀར་བཤད། དེ་དག་ནི་སྙན་ཞུ་ཕུལ་སྔ་བའམ་ཡང་ན་ཧྲུའུ་ཅི་དང་རྫོང་དཔོན་གྱིས་ཁས་བླངས་པའི་མི་རེད། ཁྱོད་ལ་བསམ་འཆར་ཡོད་དམ་ཞེས་ཟེར།
ཚེ་ལོས། ཁྱོད་ཀྱིས་སྐད་ཆ་དེ་དག་ལ་བརྟེན་ནས་ངའི་མགོ་རྨོངས་པར་འཇོག་འདོད་པ་ཙམ་རེད། ཁྱོད་ཀྱི་འདིར་ཁང་པ་བགོ་བའི་ཚད་གཞི་རྩ་བ་ནས་མེད་ལ། ངས་ཀྱང་ཁྱོད་ཀྱིས་ཁང་པ་ཇི་ལྟར་བགོ་བཞིན་པ་ཤེས་ཡོད། འོན་ཀྱང་ངས་ད་ལྟ་ད་དུང་ཕྱིར་བཤད་འདོད་མེད་པས་ཁྱོད་ཀྱིས་བལྟས་ནས་སྒྲུབས་ཤིག་ཅེས་བཤད་མ་ཐག་སྒོར་བུད།
ཚེ་ལོས་ཁག་གཙོ་ཀྲིན་དང་འབྲེལ་བ་བྱས་པའི་གནས་ཚུལ་གཡང་སྐྱིད་ལ་བཤད། གཡང་སྐྱིད་ཀྱིས། ཁྱོད་ཀྱིས་འདི་ལྟར་བྱས་ན་སྔར་བཞིན་ཁོ་འཁོན་འཛིང་གིས་མགོ་རྟིང་སློག་པ་མ་ཡིན་ནམ་ཟེར། ཚེ་ལོས། དེ་མི་འདྲ་སྟེ། ངས་ཁོར་སྐྲག་སློང་བ་ཙམ་ཡིན་པས་ལས་འགོ་ཁྲིད་སར་གཏུགས་པ་ནི་མིན། གལ་ཏེ་ཁོ་ནི་མི་འདང་བརྒྱག་ཤེས་མཁན་ཞིག་ཡིན་ན་ཁོས་ངའི་སྐད་ཆ་འདིའི་ཚད་ལ་བསམ་བློ་གཏོང་ངེས་ལ། ང་ཚོའི་བྱེ་བྲག་གི་དཀའ་ཁག་ལ་ཡང་བསམ་བློ་གཏོང་སྲིད་ཅེས་ཟེར། གཡང་སྐྱིད་ཀྱིས། ད་ཐེངས་ཁྱོད་ཀྱི་ཀླད་པ་སྤྱད་པས་འདང་ཚད་རེད། ཀླད་སྐྱོན་ཡོད་པའི་གནད་དོན་ཅུང་ཙམ་ཡང་མཐོང་མི་ཐུབ་ཅེས་བསྟོད་བསྔགས་བྱས།
ངོ་མ་ཉིན་འགའ་མ་འགོར་བར་ཁང་བའི་གནད་དོན་ཐག་གཅོད་བྱས་སོང་། རེད་མོད་ཀྱང་མིང་གོའི་རིང་ནས་བཞག་པའི་ཤིང་སས་གྲུབ་པའི་ཁང་པ་རྙིང་པ་ཞིག་རེད།
ཚེ་ལོ་དང་གཡང་སྐྱིད་གཉིས་ཀྱིས་ས་ཁང་ལ་གཙང་སྦྲ་བཟང་བོ་ཞིག་བྱས་རྗེས། ད་དུང་ཉལ་ཁྲི་ཆེན་པོ་ཞིག་ཉོས་པ་དང་ཉལ་ཆས་ཆ་ཚང་ཞིག་བཟོ་རུ་བཅུག་རྗེས་ནང་དུ་སྤོས་པ་རེད།
གསར་དུ་བགོ་བཤའ་བརྒྱབ་པའི་ཁང་པས་གཡང་སྐྱིད་ཀྱི་བློ་ཡིད་དེ་འདྲ་མ་ཚིམ། མོས། གཞན་པ་སྡོད་ས་ནི་སོ་ཕག་བསྲེས་མའི་གྲུབ་ཆའི་ཁང་པ་གསར་པ་ཡིན་པ་དང་། ང་ཚོ་ནི་སྲིད་གཞུང་རྙིང་པས་བཞག་པའི་ཁང་པ་རྙིང་ཧྲུལ་ཡིན་པས་ཇི་འདྲའི་ངོ་ཚ་བ་ལ་ཞེས་ཟེར། ཚེ་ལོས། ཁྱོད་ཀྱིས་གསར་དུ་བཀོད་སྒྲིག་བྱས་པའི་ལས་བྱེད་པ་འགའ་ད་དུང་མགྲོན་ཁང་དུ་བསྡད་ཡོད་པ་མི་མཐོང་ངམ། ཁག་གཙོ་ཀྲིན་གྱིས་ཐབས་བརྒྱ་ཇུས་སྟོང་གིས་དུས་ཚོད་ཐུང་ངུའི་ནང་དུ་ང་ཚོའི་སྡོད་ཁང་ཐག་གཅོད་བྱས་སོང་བ་ནི་མི་ལེགས་སམ། ངེད་ཚང་གི་སྒོ་ཁར་བུ་བཅོལ་ཁང་དང་བྱིས་གཉོར་ཁང་ཡང་ཡོད། མ་འོངས་པར་བྱིས་པ་བུ་བཅོལ་ཁང་དུ་བསྐྱེལ་ན་སྟབས་བདེ་མ་ཡིན་ནམ། སྤྱིར་བཏང་གིས་ང་ཚོས་ཁག་གཙོ་ཀྲིན་ལགས་ཀྱི་བྱེད་སྟངས་ཁ་ཤས་ལ་ལྟ་སྟངས་འཛིན་གྱི་ཡོད་མོད། འོན་ཀྱང་། ང་ཚོས་ཀྱང་སྲིད་གཞུང་གི་དཀའ་ངལ་བྱེ་བྲག་པར་བསམ་བློ་གཏོང་དགོས། ཡང་ཅིག་བཤད་ན། ཁང་པ་ནི་སྲིད་གཞུང་གི་ཡིན་ཞིང་། ནམ་ཞིག་ལ་མ་བསྡད་ན་ད་དུང་ཕྱིར་སློག་དགོས་པས། གཙོ་བོ་ཅུང་ཆེ་བས་ཆོག་སྟེ་དེར་དོ་སྣང་ཆེན་པོ་བྱེད་དགོས་དོན་མེད་ཅེས་བཤད། སྐད་ཆ་གཅིག་གིས་གཡང་སྐྱིད་ཀྱང་ཡུན་གྱིས་དགའ་རུ་བཅུག
ཁང་པ་ཆེན་པོ་ཐོབ་རྗེས། ཚེ་ལོ་དང་གཡང་སྐྱིད་གཉིས་ཀྱིས་ཕ་ཡུལ་གྱི་ཕ་མ་གདན་དྲངས་ནས་ཟླ་ནང་དུ་ཞབས་ཕྱི་དང་ཕྲུ་གུར་ཇི་ལྟར་ལྟ་སྐྱོང་བྱ་རྒྱུའི་སྐོར་ལ་གྲོས་བསྡུར་བྱས་པ་རེད། ཚེ་ལོ་ཡི་ཨ་ཕའི་ལུས་ཕུང་བདེ་ཐང་ཡིན་མོད། འོན་ཀྱང་མནའ་མའི་ཟླ་ནང་གི་ཞབས་ཕྱི་སྒྲུབ་པར་འོས་འཚམ་མིན་པ་མངོན་གསལ་རེད། དེའི་ཕྱིར་ཁོ་ཚོས་ཕྱོགས་གཉིས་ཀྱི་ཨ་མའི་བར་ནས་གདམ་གསེས་བྱས་པ་རེད།
ཚེ་ལོས། ངའི་ཨ་མ་བོས་ཡོང་ན་འགྲིག རྒྱུ་མཚན་ནི་སྐྱེས་བཞིན་པ་ནི་ངའི་ཁྱིམ་རྒྱུད་ཀྱི་བྱིས་པ་ཡིན་པས་རྐྱེན་ཡིན་ཟེར།
གཡང་སྐྱིད་ཀྱིས། ཁྱོད་ཀྱི་ཨ་མའི་སྐུ་ལུས་བདེ་ཐང་མིན་པས། འདི་གར་མཚོ་འཕགས་མཐོ་བས་འདུག་མི་བཟོད་པར་སྐྲག་ཅེས་ཟེར།
ཚེ་ལོས། གྱེས་མོའི་སྐུ་ལུས་བདེ་ཐང་ཡིན་ཡང་། གཅུང་པོ་སློབ་གྲྭར་འགྲོ་བཞིན་ཡོད་པ་དང་ཁྱིམ་དུ་ངལ་རྩོལ་ནུས་ཤུགས་ཀྱིས་མི་འདང་བས། སྲིང་མོ་གཅིག་པུ་བྲེལ་བ་ཆེ་བར་སྐྲག་ཟེར།
གཡང་སྐྱིད་ཀྱིས། ཨ་ཕ་གྲོངས་ནས་ལོ་མང་བོ་སོང་བ་དང་། ཨ་མ་ཁེར་རྐྱང་ཡིན་པས་འདིར་གདན་དྲངས་པ་ནི་གཅིག་ནས་ངེད་ཚོར་རོགས་བྱས་པ་དང་། གཉིས་ནས་ཁོ་མོའི་ཁོར་ཡུག་བརྗེས་ནས་སེམས་ཁམས་ལེགས་བསྒྲིགས་བྱེད་དུ་བཅུག་པ་ཞིག་ཀྱང་ཡིན་པས། ནང་ལས་ཐད་སྲིང་མོ་གཅིག་པུས་ཀྱང་ནུས་པར་འདོད། ད་དུང་མི་ནུས་ན་སྒོར་མང་ཙམ་བསྐུར་ནས་ལས་ཀ་ལྕི་མོ་ལས་དཀའ་བ་དང་འཕྲད་སྐབས་མི་གླས་ནས་རོགས་རམ་བྱེད་དུ་བཅུག་ཆོག་ཅེས་ཟེར།
ཚེ་ལོས་དེ་ལྟར་ཡང་འགྲིག་འདུག་བསམ་ཞིང་མྱུར་དུ་འཕྲིན་ཡིག་ཅིག་བྲིས་ཏེ་གྱེས་མོའི་ཁྱིམ་དུ་སྤྲིངས་པ་རེད།

(མུ་འགོད)
འབྲེལ་ཡོད་འོས་སྦྱོར།