འགྱུར་རྩོམ། སྤྲིན་པ།
རྩོམ་པ་པོ།:མཁར་མོ་བྱམས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-03-04
ཀློག་གྲངས།:
སྤྲིན་པ།
རྩོམ་པ་པོ། པོར་ཧོ་སི།
བསྒྱུར་བ་བོ། མཁར་མོ་བྱམས།
བསྒྱུར་བ་བོ། མཁར་མོ་བྱམས།
སྤྲིན་དང་དུ་བའི་ངང་ཚུལ་ཇི་བཞིན་བྱ་དངོས་ཐམས་ཅད་མི་འགྱུར་བའི་རང་བཞིན་འབའ་ཞིག་མེད་དེ།
རྔམ་ཟིལ་ཆེ་བའི་ཇུ་བོའི་རྡོ་དང་ཆུ་ཤེལ། ལྷའི་གསུང་རབ་བརྩིགས་པའི་ཆོས་ཁང་ཡང་།
དུས་ཚོད་ཀྱི་འཁོར་ལོས་རྨེག་མེད་དུ་གཞོམ་ངེས།
«ཨོ་ཏི་སུའེ»ཁྲོད་ཀྱི་རྒྱ་མཚོའི་རྦ་རླབས་ལྟ་བུའི་འགྱུར་ལྡོག་གི་ཚན་ཁ་རྒོད་པ་དེའང་།
ཁ་ཕྱེ་ཐེངས་རེ་རེར་མྱོང་སྣང་མི་འདྲ་བ་རེ་སྟེར་ཞིང་།
དྭངས་གསལ་གྱི་མེ་ལོང་དུ་འཆར་བའི་གྲིབ་གཟུགས་དེ་ཡང་རྣམ་པ་གཞན་ཞིག་ཏུ་མངོན།
འཚོ་བ་ནི་ཐེ་ཚོམ་གྱི་དཔྱང་ཐག་འཛིན་པའི་སྒྱུ་མའི་ཕོ་བྲང་ཞིག་དང་།
ང་ཚོ་ནི་དེ་ལ་གྱེས་བརྡ་གཏོང་མཁན་དུ་འགྱུར་ལ།
ང་ཚོའི་གྲིབ་གཟུགས་དེ་འཛད་མེད་འགྱུར་བག་རྒོད་པའི་སྤྲིན་པ་ནང་བཞིན།
ནུབ་ཕྱོགས་ཀྱི་འཐོར་རླུང་དྲག་པོའི་ནང་དུ་བསྟིམས།
རྒྱ་སེ་མེ་ཏོག་རྐང་གཅིག་ཉིན་མཚན་དབྱེར་མེད་ལ་རྒྱ་སེ་གཞན་ཞིག་ཏུ་འགྱུར་བཞིན་ཡོད།
ཁྱེད་ནི་སྤྲིན་པ་ཡིན་ཏེ། ཁྱེད་ནི་རྒྱ་མཚོ་ཡིན། ཁྱེད་ནི་བརྗེད་ངེས་ཡིན་ལ།
ཁྱེད་ནི་སོང་ཟིན་པའི་དུས་མཚམས་རེ་རེ་ཡི་ཁྱེད་རང་ཅི་ལ་མིན།
云
博尔赫斯
世上没有一种事物不如烟云般宏伟,
巨石和水晶圣经砌起的教堂,
时间将夷平这一切。
《奥德赛》其中种种即如海洋一般变化莫测,
每一次再翻开都会有所不同。
你的镜中之影已是另一张面容,
日子就是一张犹疑的迷宫,
而我们是从此远去的人。
我们的身影就如同无尽的云一般,
被吹散在西风之中。
一朵玫瑰正马不停蹄地成为另一朵玫瑰,
你是云、是海、是忘却,
你也是你曾失去的每一个自己。
འབྲེལ་ཡོད་འོས་སྦྱོར།