ངས་ཐེངས་བདུན་ལ་རང་གི་ཤེས་པར་སྣང་ཆུང་བྱས་མྱོང་།
རྩོམ་པ་པོ།:མཁར་མོ་བྱམས་ཀྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-04-19
ཀློག་གྲངས།:
ངས་ཐེངས་བདུན་ལ་རང་གི་ཤེས་པར་སྣང་ཆུང་བྱས་མྱོང་།
ཅི་པོ་ལུན་གྱིས་བརྩམས།
མཁར་མོ་བྱམས་ཀྱིས་བསྒྱུར།
མཁར་མོ་བྱམས་ཀྱིས་བསྒྱུར།
ཐེངས་དང་པོ་ནི། རང་ཉིད་ལ་དོན་གང་ཞིག་བསྒྲུབ་པའི་འཇོན་ནུས་ངོ་མ་ཡོད་ཀྱང་ཚད་ལས་བརྒལ་བའི་ཁེངས་སྐྱུང་བགྱིས་ཏེ། རྒྱལ་ཁའི་གོ་སྐབས་ཤོར་སོང་བའོ། །
ཐེངས་གཉིས་པ་ནི། རྐྱེན་དབང་དུ་མས་ཡིད་ཀྱི་རེ་སྨོན་སྟོངས་དུས། ཤེས་རབ་ཀྱི་གྲོགས་པོ་མི་འཚོལ་བར་རྨོངས་པའི་འདོད་པ་བཙལ་ནས་རང་སེམས་བློང་བློང་པོར་བཏང་བའོ། །
ཐེངས་གསུམ་པ་ནི། བྱ་བ་གང་ཞིག་བསྒྲུབ་ཀྱང་རུང་། རིག་པ་དང་བདེ་བ་གཉིས་ལས་བདེ་བར་གཞོལ་ཆེ་བས། རིག་པ་ཡི་སྒོ་འཕར་ཡངས་པོར་མ་ཕྱེ་བའོ། །
ཐེངས་བཞི་པ་ནི། ནོར་འཁྲུལ་འབྱུང་ཚེ་ཡོ་བསྲང་དང་ཤེས་རབ་མི་བསྐྱེད་པར། ཐུན་མོང་ལའང་དེ་ལྟར་འབྱུང་སྙམ་ནས་ཅི་མི་སྙམ་པར་རང་ལ་ཀུ་ཡངས་བཏང་བའོ། །
ཐེངས་ལྔ་པ་ནི། གཞན་ལ་བཀུར་སྟི་དང་བཟོད་པ་བསྒོམ་པ་ཐལ་དྲགས་ནས། ཧ་ཅང་མཛེས་མཛེས་མང་པའི་སྤྲེའུའི་ངང་ཚུལ་ལྟར་གཞན་གྱི་བརྙས་སྨོད་ཀྱི་གཞི་རུ་གྱུར་པའོ། །
ཐེངས་དྲུག་པ་ནི། གཞན་སྐྱོན་བརྗོད་ལ་ཁ་སྒོ་ཡངས་པའི་སྐབས་སུ། རང་ཉིད་ལ་ཕྱིར་རྟོག་དང་རང་མཚང་རང་གིས་བྲུ་མ་ནུས་པར་བཞག་པའོ། །
ཐེངས་བདུན་པ་ནི། ཇི་སྲིད་བྱ་བ་གང་ཞིག་ལ་འཇུག་ཀྱང་རུང་། དེ་སྲིད་དུ་བྱབས་ཆུང་དང་དོགས་ཟོན་བྱས་པ་ཤུགས་དྲགས་པས། རང་རྒྱུད་ལ་མངའ་བའི་འཇིགས་པ་མེད་པའི་སྙིང་སྟོབས་དེ་མངོན་པར་སྤྲོ་མ་ཐུབ་པའོ། །
我曾七次鄙视自己的灵魂
纪伯伦
第一次,当它本可进取时,却故作谦卑;
第二次,当它在空虚时,用爱欲来填充;
第三次,在困难和容易之间,它选择了容易;
第四次,它犯了错,却借由别人也会犯错来宽慰自己;
第五次,它自由软弱,却把它认为是生命的坚韧;
第六次,当它鄙夷一张丑恶的嘴脸时,却不知那正是自己面具中的其中一副;
第七次,它侧身于生活的污泥中,虽不甘心,却又畏首畏尾。”
འབྲེལ་ཡོད་འོས་སྦྱོར།