ནོར་འཁྲུལ། དཔའ་རྩེས་བསྒྱུར།
རྩོམ་པ་པོ།:དཔའ་རྩེས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-05-24
ཀློག་གྲངས།:
ནོར་འཁྲུལ།
ཀྲིན་ཁྲུའུ་ཡིས་བརྩམས།
དཔའ་རྩེས་བསྒྱུར།
དཔའ་རྩེས་བསྒྱུར།
ང་འབྲི་ཆུའི་ལྷོ་རྒྱུད་ནས་སླེབས་པ་ཡིན།
དུས་ཚིགས་ཀྱི་ཁྲོད་ན་སྒུག་པའི་ངོ་གདོང་པད་མའི་འདབ་མ་བཞད་ལྷུང་དང་འདྲ།
ཤར་རླུང་མ་ལྡང་ན། ཟླ་གསུམ་པའི་ལྕང་བལ་མི་འཕུར།
ཁྱོད་ཀྱི་སེམས་པ་ཁེར་རྐྱང་གི་གྲོང་ཁྱེར་ཆུང་ཆུང་ཞིག་དང་འདྲ།
རྡོ་གཅལ་སྔོན་པོའི་སྲང་ལམ་ས་སྲོས་སུ་བསྲིངས་པ་དང་འདྲ།
རྡོག་སྒྲ་མ་གྲག་ན། ཟླ་གསུམ་པའི་དཔྱིད་མདངས་མི་ཤར།
ཁྱོད་ཀྱི་སེམས་ནི་དམ་པོར་བརྒྱབ་ཡོད་པའི་སྒེའུ་ཁུང་ཆུང་ཆུང་ཞིག
ངའི་རྟ་ཕོའི་རྨིག་སྒྲ་ནི་མཛེས་སྡུག་གི་ནོར་འཁྲུལ་ཞིག་རེད།
ང་ནི་ཕྱིར་མི་ལྡོག་པའི་མི་ཞིག་སྟེ། ལམ་འགྲོ་བ་ཞིག་ཡིན།
ཡོང་ཁུངས། ༢༠༢༢ལོའི«གངས་རྒྱན་མེ་ཏོག»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།