མཆོག་གྱུར་གྱི་སློབ་གསོ་ནི་གང་འདྲ་ཞིག་ཡིན་ནམ།
རྩོམ་པ་པོ།:ཁོན་ཐར་སྐྱིད་ཀྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-10-09
ཀློག་གྲངས།:
དང་པོ། མཆོག་གྱུར་གྱི་སློབ་གསོ་ནི་བྱིས་པར་རང་ཉིད་ངོ་མ་འཚོལ་བར་གྲོགས་དན་བྱེད་པ་ཡིན།
༡ ཁྱིམ་ཚང་སློབ་གསོ་ནི་བྱིས་པར་བརྩི་འཇོག་བྱེད་པ་ནས་འགོ་རྩོམ་དགོས།
ཨོ་སི་ཁྲུ་ལི་ཡའི་སེམས་ཁམས་རིག་པ་ཨའར་ཧྥུ་ལེ་ཏུ་ཨ་ཏུ་ལུ་ཡིས“སྐལ་ལྡན་གྱི་མི་ལ་བདེ་སྐྱིད་ལྡན་པའི་བྱིས་དུས་ཤིག་ཡོད་པས་མི་ཚེ་གང་བོ་བྱིས་དུས་དང་འདྲ་བར་བདེ་སྐྱིད་ལྡན་ཞིང་། སྐལ་དམན་གྱི་མི་ལ་བདེ་སྐྱིད་ཀྱི་བྱིས་དུས་ཤིག་མེད་པས་མི་ཚེ་གང་བོ་བྱིས་དུས་དང་འདྲ་བར་བདེ་སྐྱིད་འབྱུང་དཀའ”ཞེས་གསུངས་པ་ནང་བཞིན། བྱིས་པར་ལྟ་སྟངས་ཡང་དག་པ་ཞིག་འཛིན་པ་ནི་ང་ཚོའི་སློབ་གསོའི་འགོ་རྩོམ་ས་ཞིག་ཡིན་ལ། ང་ཚོའི་ཁྱིམ་ཚང་གི་སློབ་གསོའི་འགོ་རྩོམ་ས་ཞིག་ཀྱང་ཡིན། དེ་ནི་ཕ་མ་མི་འདྲ་བ་དང་ཁྱིམ་ཚང་མི་འདྲ་བའི་གསོ་སྐྱོང་བྱེད་ཐབས་མི་འདྲ་བ་དང་གཞི་རྩའི་གནད་དོན་ཐད་ཀྱི་ལྟ་ཚུལ་མི་འདྲ་བས་མཚོན་ཡོད། ཕ་མས་བྱིས་པར་འདྲ་མཉམ་གྱི་མིའི་ལྟ་ཚུལ་འཛིན་དགོས་པ་དང་། རང་ཚུགས་དང་རང་གཤིས་ལྡན་པའི་མི་ཞིག་ཏུ་བརྩི་དགོས། ང་ཚོས་རང་རྟོགས་ཀྱིས་བྱིས་དུས་ལ་བརྩི་བཀུར་བྱེད་དགོས་པ་རྟོགས་དགོས་ཤིང་། བྱིས་དུས་ཀྱི་འཚོ་བར་བརྩི་འཇོག་བྱེད་པ་དང་བྱིས་པར་མིའི་རྩིས་ཐང་སྤྲད་ཚེ། ང་ཚོའི་སློབ་གསོ་བྱེད་སྟངས་ཀྱང་རང་བཞིན་གྱིས་འགྱུར་ངེས་ཡིན།
༢ བྱིས་པར་རང་རྟོན་གྱི་གྲོགས་དན་བྱེད་པ་ནི་ཁྱིམ་ཚང་སློབ་གསོའི་གནད་འགག་ཅིག་ཡིན།
ཁྱིམ་ཚང་ནི་བྱིས་པའི་ཚེ་སྲོག་གི་འབྱུང་གནས་དང་སློབ་གསོ་མྱོང་སའི་གནས་མལ་ཐོག་མ་དང་། ཕ་མ་ནི་བྱིས་པའི་དགེ་རྒན་ཐོག་མ་ཡིན། ཕ་མས་བྱིས་པར་རྒྱུས་ལོན་དང་ངོས་འཛིན། བྱམས་བརྩེ་ལྡན་པའི་སྒོ་ནས་བྱིས་པའི་རང་གཤིས་ལ་བརྩི་འཇོག་བྱས་ཏེ་བྱིས་པའི་རང་རྟོན་དང་འཚར་ལོངས་ལ་གྲོགས་དན་བྱེད་རྒྱུ་ནི་ཆེས་གནད་འགག་ཅིག་ཡིན་ཏེ། དེང་སྐབས་ཕ་མ་མང་པོ་ཞིག་གིས་གཞན་གྱི་བྱིས་པ་མིག་དཔེར་བཟུང་ཞིང་། རང་ཉིད་ཀྱི་བྱིས་པར་དམའ་འབེབས་དང་། གཞན་གྱི་བྱིས་པའི་བཟང་ཆར་གཤིབ་བསྡུར་བྱེད་པར་གོམས་ཡོད། དེ་ལྟར་བྱས་ཚེ་བྱིས་པའི་འཚར་ལོངས་ནི་སྡུག་བསྔལ་ཁྲོད་ནས་བསྐྱལ་དགོས་པར་གྱུར་ཡོད།
༣ མཆོག་གྱུར་གྱི་སློབ་གསོ་ནི་བྱིས་པ་རང་ཉིད་ངོ་མ་འཚོལ་བར་རོགས་འདེགས་གནང་བ་དེ་ཡིན།
བྱིས་པ་སྐྱོང་བར་ཚད་གཞི་གཅིག་དང་མ་དཔེ་གཅིག་གཙོར་བཟུང་སྟེ་གསོ་སྐྱོང་བྱས་ན་ཕལ་ཆེ་བ་ཕམ་ཁའི་གནས་སུ་ལྷུང་ངེས།འདི་ནི་མིག་སྔའི་སྤྱི་ཚོགས་ཀྱི་སྣང་ཚུལ་ངན་པ་ཞིག་རེད་དེ། མི་མང་པོ་ཞིག་གིས་སློབ་གྲྭ་མིང་གྲགས་ཅན་ཞིག་འགྲིམ་ཐུབ་མིན་དེ་ཁྱིམ་ཚང་དང་ཕ་མ། བྱིས་པའི་རྒྱལ་ཕམ་གྱི་དཔེ་མཚོན་ཞིག་ཏུ་རྩི་བཞིན་ཡོད། ངས་བསམ་ན་སློབ་གསོའི་མཆོག་ནི་བྱིས་པས་རང་ཉིད་ངོ་མ་འཚོལ་བར་གྲོགས་དན་དང་མུ་མཐུད་ནས་ཡར་བསྐྱེད་འབྱུང་བ། རང་ཉིད་ལས་རྣམ་པར་རྒྱལ་བ། བདེ་སྐྱིད་ངང་འཚོ་བ་སྐྱེལ་ཐུབ་པ་བཅས་ལ་རོགས་རམ་བྱེད་ཐུབ་པ་ནི་ཁྱིམ་ཚང་སློབ་གསོའི་རྒྱལ་ཁ་རེད་སྙམ།
༤ ཕུལ་དུ་བྱུང་བའི་འདུ་ཤེས་ཀྱི་རྨང་གཞིའི་སྟེང་དེང་རབས་ཁྱིམ་ཚང་གསོ་སློབ་གསོའི་མ་ལག་བསྐྲུན་དགོས།
ཕུལ་བྱུང་གི་ཁྱིམ་ཚང་སློབ་གསོ་ནི་རིན་ཐང་བྲལ་བའི་རྒྱུ་ནོམ་ཡིན་ཏེ། ཐོག་མར། ཕུལ་དུ་བྱུང་བའི་སྲོལ་རྒྱུན་གྱི་ཁྱིམ་ཚང་སློབ་གསོ་ནི་ཁྱིམ་ཚང་གི་སྒྲིག་ལམ་དང་ཁྱིམ་ཚང་གི་བསླབ་བྱ། ཁྱིམ་སྲོལ་སོགས་ཀྱི་རྣམ་པ་བརྒྱུད། ཁྱིམ་མིའི་བསམ་སྦྱོར་འཆུན་འདོམས་དང་། ལམ་ལུགས་དང་གུས་ལུགས་ཀྱིས་བྱིས་པར་སློབ་གསོ་གཏོང་བཞིན་མཆིས། གཉིས་ནས་སྲོལ་རྒྱུན་གྱི་ཁྱིམ་ཚང་སློབ་གསོས་ཀུན་སྤྱོད་གཙོ་སྙིང་དུ་འཛིན་ཞིང་། མི་བུ་སློབ་གསོའི་རྩ་བར་འཛིན་པས་དེང་རབས་སློབ་གསོའི་འདུ་ཤེས་དང་མཐུན་པ་རེད། གསུམ་ནས་སྲོལ་རྒྱུན་གྱི་སློབ་གསོས་ཕ་མས་དཔེ་སྟོན་བྱེད་པར་གཙིགས་མཐོང་དང་། བྱིས་པའི་བསམ་སྤྱོད་ཀྱི་སྦྱོང་བརྡར་དང་ཚན་རིག་གི་ཐབས་ལ་དང་དོད་བྱེད། འདིའི་རྨང་གཞིའི་སྟེང་དུ་དེང་རབས་ཀྱི་ཁྱིམ་བདག་རྣམས་ཀྱིས་སྲོལ་རྒྱུན་ཁྱིམ་ཚང་སློབ་གསོའི་ཁྲོད་ཀྱི་ལེགས་ཉེས་ཅི་རིགས་ལ་སྙིགས་དོར་བཅུད་ལེན་བྱེད་རྒྱུ་ཤིན་ཏུ་གལ།
༥ སློབ་གསོ་ལེགས་འགྲུབ་འབྱུང་མིན་གྱི་གནད་འགག་ནི་གོམས་གཤིས་བཟང་པོ་ཞིག་ཡོད་མེད་ལ་རག་ལས།
སྐུ་ཞབས་ཐའོ་ཧྲིན་ཡེ་ཡིས་སློབ་གསོ་ནི་གོམས་གཤིས་གསོ་སྐྱོང་བྱེད་པ་ཡིན་ཞེས་གསུངས་པ་ནང་བཞིན། སློབ་གསོའི་ལེགས་ཉེས་འཇལ་བར་གོམས་གཤིས་ལེགས་པོ་ཞིག་འཁྱོངས་ཡོད་མེད་ལ་བལྟ་དགོས། སློབ་གསོ་ནི་འཇིག་རྟེན་སྟེང་གི་བྱ་དངོས་མཐའ་དག་ལ་སྤྲོ་སྣང་བསྐྱེད་པ་ཡིན་ཏེ། རང་འགུལ་གྱིས་སློབ་སྦྱོང་དང་རང་ཉིད་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པའི་གོམས་གཤིས་སྐྱེད་སྲིང་བྱེད་པ་ལས། རྒྱུགས་ཤོག་ངོས་སུ་སྐར་མ100ལེན་པ་ཁོ་ན་གཏན་ནས་མིན། སེམས་ཁམས་ཞིབ་འཇུག་ལས་མངོན་པ་ལྟར་ན། གོམས་གཤིས་ཤིག་གསོ་སྐྱོང་བྱེད་པ་ལ་ཉིན་ཉེར་གཅིག་རིང་སྦྱོང་བརྡར་བྱེད་དགོས། དེ་བས་ཁྱིམ་ཚང་གིས་བྱིས་པ་ལ་འཚོ་བ་དང་སློབ་སྦྱོང་། དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཞིག་གསོ་སྐྱོང་བྱེད་པར་རོགས་རམ་བྱེད་དགོས།
༦ འཚོ་བ་ནི་མ་གཞི་ནས་ཆེས་ལེགས་པའི་སློབ་གསོ་ཡིན།
སློབ་གསོའི་ཁོར་ཡུག་ནི་སློབ་ར་རྐྱང་རྐྱང་མ་ཡིན་པར་འཚོ་བའི་ཁོར་ཡུག་ནི་མ་གཞི་ནས་ཆེས་ལེགས་པའི་སློབ་གསོའི་ཁོར་ཡུག་ཡིན། ང་ཚོས་ཁྱིམ་ཚང་སློབ་གསོ་ལ་གཙིགས་མཐོང་བྱེད་དགོས་ཏེ། ཁྱིམ་ཚང་གི་ལྷུ་ཚིགས་ཡོད་ཚད་སློབ་གསོའི་གྲུབ་ཆ་རུ་འགྱུར་ངེས་ཡིན། འཚོ་བའི་ཁྲོད་ནས་བྱིས་པ་རྣམས་ཀྱིས་སྔར་ལས་མང་པོ་ཞིག་སློབ་ཐུབ་ལ། ཕ་མར་མཚོན་ནའང་འཕེལ་རྒྱས་ཤིག་དང་ཡར་སྐྱེད་ཅིག་ཏུ་འགྱུར་ཏེ། ཕ་མ་དང་བྱིས་པའི་འཚོ་བ་ནི་གཙོ་སྙིང་ཡིན། དཔེར་ན། ཕ་མ་དང་བྱིས་པའི་བར་དུ་ཁ་བརྡ་མང་པོ་བྱས་པ་ན་བྱིས་པའི་འཚར་ལོངས་ལ་སྔར་ལས་ཕན་པར་འགྱུར་ལ། དེ་ནི་ཕ་མ་དང་བྱིས་པ་ཐུན་མོང་གི་མཛེས་སྡུག་ལྡན་པའི་དྲན་ཤིང་དུ་འགྱུར།
གཉིས་པ། མཆོག་གྱུར་གྱི་སློབ་གསོ་ནི་བརྩེ་བའི་སློབ་གསོ་ཡིན།
སློབ་གསོ་བྱེད་སྟངས་ལེགས་ཤོས་ནི་འཛེམ་དོགས་སྤུ་ཙམ་མེད་པའི་ཁ་བཤད་ཙམ་མ་ཡིན་པར་རང་དཔེ་གཞན་སྟོན་གྱིས་སྣེ་སྟོན་དང་། སྐུལ་ལྕག་དང་ཡིད་ཆེས། བྱམས་སྐྱོང་དང་དཀྱེལ་ཡངས་བཅས་བྱ་རྒྱུ་དེ་ཡིན། བློ་སྨིན་པའི་བསམ་གཞིགས་ནུས་པ་ལྡན་པའི་ཕ་མས་སེམས་ཁམས་སྙོམས་པོ་རྒྱུན་འཁྱོངས་དང་། ནུས་ཤུགས་ཡོད་རྒུས་བྱིས་པར་རྒྱབ་སྐྱོར་དང་ཁས་ལེན་བགྱིས་ནས་བྱིས་པར་ལྷག་བསམ་དང་དྲོད་ཁོལ་གནང་བར་བྱེད་ཅིང་། བྱིས་པ་ཚོས་བརྩེ་བའི་སློབ་གསོ་ལས་དྲོད་ཁོལ་གྱི་སྟོབས་ཤུགས་བླངས་ནས་འཚར་ལོངས་འབྱུང་བར་བྱེད།
༡ ངག་འཇམ་ཚིག་སྙན་གྱི་སློབ་སྟོན།
ཕ་མ་ནི་བྱིས་པའི་བློ་འབྱེད་དགེ་རྒན་ཡིན་ཏེ། མི་དར་མའི་གཏམ་སྤྱོད་གཅིག་མཐུན་དང་རང་དཔེ་གཞན་སྟོན། ལག་ལེན་སྣེ་ཁྲིད་བཅས་ནི་བྱིས་པ་འཚར་ལོངས་འབྱུང་བར་རོགས་འདེགས་བྱེད་པའི་ཆེས་ལེགས་པའི་གོ་སྐབས་ཡིན། ངག་སྒོ་འཇམ་པོ་ནི་རིམ་པ་ཆེས་ལེགས་པའི་སློབ་གསོ་ཡིན་ལ་ནན་སྐུལ་གྱི་སློབ་གསོ་ལས་ཀྱང་གོ་སྐོན་བློ་འགུག་གི་ནུས་པ་ཐོན། ཁྱིམ་ཚང་སློབ་གསོའི་གནད་དོན་སེལ་བའི་སྐབས་ལ་སྐད་ཅོར་སྒྲོག་མི་རིགས་ལ་གཏུམ་སྤྱོད་ཀྱི་སྦྱོར་བར་དེ་བས་ཀྱང་བརྟེན་མི་རིགས། ཕ་མས་དྲོད་སེམས་ལྡན་པར་བྱིས་པ་སྣེ་ཁྲིད་དེ་བྱིས་པ་དང་མཉམ་དུ་འགན་འཁྲི་ཁུར་དུ་བླངས་ན་ད་གཟོད་བྱིས་པའི་བག་ལ་ཞ་བའི་དགོས་མཁོ་ངོ་མ་དེ་རྟོགས་ཐུབ། ངག་སྒོ་འཇམ་པའི་ཁྱིམ་བདག་ཅིག་འཁྱོངས་ན་བྱིས་པའི་མི་ཚེ་གང་བོའི་དགེ་རྒན་བཟང་པོ་དང་གྲོགས་པོ་བཟང་པོར་འགྱུར་ལ། ཕ་མར་ལུས་དང་གྲིབ་མ་བཞིན་འགྲོགས་པ་ལས་ཐོབ་པའི་བག་ཆགས་དེ་ནི་བྱིས་པའི་ཚེ་ནོམ་དུ་འགྱུར་ངེས།
༢ ཁ་གསལ་ཁས་ལེན་གྱི་རྒྱབ་སྐྱོར།
འགྱུར་མེད་ཡིད་ཆེས་ཀྱིས་བྱིས་པའི་ནང་སེམས་ཀྱི་སྐྱིད་སྣང་ཇེ་དྲག་ཏུ་གཏོང་ཐུབ་སྟེ། བྱིས་པའི་འབྱུང་འགྱུར་གྱི་མི་ཚེའི་ཁྲོད་སྔར་ལས་བརྟན་བརླིང་ངང་རྙོག་འཛིང་སྣ་ཚོགས་ལ་གདོང་ལེན་བྱེད་ཐུབ་ཅིང་། བྱིས་པ་དཀའ་ངལ་ལ་འཕྲད་དུས་ཕ་མས་དམིགས་སྒོ་ཅི་ཡང་མེད་པར་རྒྱབ་སྐྱོར་བྱས་པ་ན་བྱིས་པར་བདེ་འཇགས་དང་རང་རྟོན་གྱི་སྣང་ཚོར་ཚད་མེད་འབྱུང་བར་འགྱུར། ཕ་མས་བྱིས་པའི་དྲང་ཕྱོགས་ལ་གཙིགས་མཐོང་བྱས་པ་ཇི་ལྟར་ཆེ་ན་ཕན་ཚུན་གྱི་འགྲོགས་འདྲིས་དེ་ལྟར་སྤྲོ་སྣང་ལྡན་པར་འགྱུར་ལ། འདི་ལྟ་བུའི་འཆམ་མཐུན་གྱི་འབྲེལ་བ་ཡིས་བྱིས་པའི་སེམས་ཀྱི་སོམ་ཉི་དང་ངལ་བ་སེལ་ནས་ཁོ་ཚོའི་འཚར་ལོངས་ཀྱི་བརྒྱུད་རིམ་ལ་དྲོད་ཁོལ་གྱི་སྟོབས་ཤུགས་སྩོལ་ཐུབ།
༣ རྣམ་དག་དྲོད་ལྡན་གྱི་བརྩེ་བ་དང་ལེན་བྱེད་པ།
རྩོམ་པ་པོ་ཞིག་གིས“བྱིས་པའི་སྒེར་གཤིས་ལ་དང་ལེན་དང་མྱོང་རོལ་བྱས་ནས་ཁོ་ཚོ་རང་འདོད་ལྟར་གྱི་མི་ཞིག་ཏུ་འགྱུར་བར་རོགས་དན་བྱེད་དགོས”ཞེས་གསུངས་མྱོང་ཞིང་། བྱིས་པ་འཇིག་རྟེན་འདིར་སླེབས་པ་ནས་བཟུང་གཞན་དང་ཐ་དད་པ་ཞིག་སྟེ། ཁོ་ཚོར་རང་ངོས་ཀྱི་བསམ་ཚུལ་དང་འབྱུང་འགྱུར་གྱི་རེ་སྨོན་ཡོད། ང་ཚོས་བསྒྲུབ་དགོས་པ་ནི་བྱིས་པ་འཚར་ལོངས་འབྱུང་བར་གྲོགས་དན་བྱེད་པ་དེ་ཡིན།
བྱམས་བརྩེ་དང་དང་ལེན་གནང་བ་ནི་རྩ་དོན་བོར་ནས་ངན་ལང་དུ་བཏང་བ་མ་ཡིན་པར། ཁོ་ཚོའི་དངོས་གཞི་ངོས་ཟིན་དང་རང་འདོད་ལྟར་གྱི་མི་ཞིག་ཏུ་འགྱུར་བར་རོགས་རམ་བྱས་པ་ཡིན། བྱིས་པ་རྣམས་ལ་ནང་སེམས་ཀྱི་ཚོར་སྐྱེན་ལ་བདག་འཛིན་ཐུབ་པ་དང་ཕ་རོལ་གྱི་མིག་ནང་དུ་རང་ཉིད་ལ་ཐེ་གཏོགས་མི་བྱེད་པར་དཔའ་ངར་ཆེན་པོས་རང་ཉིད་ངོས་ཟིན་པར་གྱུར་ན་ད་གཟོད་དཔའ་བོ་ངོ་མ་ཡིན།
མདོར་ན། བྱིས་པར་རང་ཉིད་ངོ་མ་འཚོལ་བར་གྲོགས་དན་བྱེད་པ་དང་བརྩེ་བའི་སློབ་གསོ་སྤྲོད་པ་ནི་ཕ་མས་བྱིས་པར་སྦྱིན་པའི་ལེགས་སྐྱེས་ཡག་ཤོས་ཡིན་ལ། ཁོ་ཚོའི་རང་རྟོན་གྱི་བསམ་པ་ཇེ་བརྟན་དུ་གཏོང་ཐུབ་ལ་མ་འོངས་པར་གདམ་གསེས་སྣ་མང་ཡོད་པར་འགྱུར། བརྩེ་བའི་སློབ་གསོ་ནི་བསིལ་རླུང་འཇམ་པོ་ཞིག་དང་འདྲ་བར་རྨོངས་འཐོམས་ཀྱི་སྡུག་བསྔལ་སེལ་ཐུབ་ལ། ཞི་འཇམ་དང་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བྱིས་པར་རོགས་རམ་སྤྲད་དེ་མི་ཚེ་ལ་འོད་སྣང་སྩོལ་བར་བྱེད་དོ། །

འབྲེལ་ཡོད་འོས་སྦྱོར།