ཨ་རིའི་དེང་རབས་བུད་མེད་སྙན་ངག་པ་དང་ཆིག་ལབ་གྲུབ་མཐའི་ཚབ་མཚོན་མི་སྣ་ཕུ་ལ་སི་ཡི་སྙན་ངག་གཉིས།
རྩོམ་པ་པོ།:ལྡོང་བུས་དབྱིན་ཡིག་ལས་བོད་ཡིག་
ཡོང་ཁུངས།:འཛམ་གླིང་རྩོམ་རིག
དུས་ཚོད།:2024-10-22
ཀློག་གྲངས།:
བྱིས་པ།༼ཞར་བཀོད་གཅིག༽
ཕུ་ལ་སི་ཡིས་བརྩམས།
ལྡོང་བུས་དབྱིན་ཡིག་ལས་བོད་ཡིག་ཏུ་བསྒྱུར།
ཁྱོད་ཀྱི་མིག་ཟུང་དྭངས་མོ་ནི་ཤིན་ཏུ་ནས་ཡིད་དུ་འོང་བའི་ཆོས་དེ་རེདལྡོང་བུས་དབྱིན་ཡིག་ལས་བོད་ཡིག་ཏུ་བསྒྱུར།
ངས་དེ་ཉིད་ཚོན་མདོག་དང་ངང་པ་ཡིས་དགང་བར་འདོད
གསར་པ་ཡི་རི་དྭགས་ཁང
དེ་དག་གི་མིང་ལ་ཁྱོད་ཀྱིས་ཐུགས་བསམ་གཏོང—
བཞི་པའི་གངས་ཐིག་མེ་ཏོག མེ་ཏོག་ཐུར་འཕྱང
ཆུང་ཞིང་ཕྲ་བའི
གཉེར་མ་བྲལ་བའི་གཞུང་རྟཆུ་རྫིང་ནང་གི་གཟུགས་བརྙན་དག་ལ
གཟི་བརྗིད་དང་གནའ་ཉམས་ལྡན་དགོས་པ་ལས
དཀའ་སྡུག་ཅན་གྱི
དམ་དུ་སྒྲིམ་པའི་ལག་པ་འདི་དང མུན་ནག་པའི
སྐར་མ་གཅིག་ཀྱང་མེད་པའི་གནམ་གཅལ་འདི་མ་ཡིན་ནོ
༡༩༦༣ལོའི་ཟླ་དང་པོའི་ཚེས༢༨ཉིན།
ཐོ་ཐེམ།
དེ་ཐག་རིང་ལ་འཐེན་འདུག དེ་ཅིས་ཀྱང་ཟོས་འགྲོ་གི་རེད
དེ་ཉིད་རྒྱུག་འགྲོ་བའི་དགོས་པ་མ་མཆིས
ས་རུབ་དུས་དེ་གར་ཆུ་ཞབས་སུ་བྱིང་བའི་ཞིང་ཁའི་མཛེས་པ་སྣང
སྐྱ་རེངས་ཀྱིས་ཕག་པ་ལ་ནང་བཞིན་ཞིང་པར་གསེར་ཆུ་བྱུགས
གོན་པ་མཐུག་པོའི་ནང་དུ་ག་ལེར་ཕར་ཡོམ་ཚུར་ཡོམ་བྱེད
མདུན་གྱི་སི་མི་སི་ཚོང་རའི་ཁང་བརྩེགས་དཀར་པོ
དེ་ཚོའི་སེམས་སུ་ཚང་རྭ་ཚོན་པོ་དང་ཁྲག་གིས་ཁེངས
ཚལ་གྲི་ཡི་འོད་ལ་སྙིང་རྗེ་ཡི་སེམས་དང་བྲལ
བཤན་པའི་གནམ་གྲིས་འདི་ག་འདྲ་འདུག འདི་ག་འདྲ་འདུག་ཅེས་ཤབ་ཤུབ་སྨྲ
ཅ་ནེའི་ནང་དུ་རི་བོང་ལ་མངལ་ཤོར
བྱིས་པའི་མགོ་ལོགས་སུ་བཞག་ནས སྟེང་ལ་བྲོ་རྫས་བྱུགས
པགས་པ་དང་མི་གཤིས་བཀོག་པར་བྱས
ཕུ་ལེ་ཐོ་ཡི་ཤ་མ་ནང་བཞིན་ང་ཚོས་བཟའ་བར་བྱ
ཡེ་ཤུའི་སྟོན་པ་ནང་བཞིན་ང་ཚོས་བཟའ་བར་བྱ
མི་འདི་དག་གལ་འགངས་ཆེ་བ་ཡོད—
ཁོ་ཚོའི་མིག་གོར་མོ ཁོ་ཚོའི་སོ ཁོ་ཚོའི་ཁྲོ་གཉེར
ཧྲག་སྒྲ་དང་ཚག་ཚག་བྱེད་པའི་ཤིང་ཐུར སྦྲུལ་རྫུན་མ་ཞིག
དུག་སྦྲུལ་གྱི་གདེངས་ཀས་ང་རང་དངངས་པར་བྱེད—
མིག་ནང་གི་ཁེར་རྐྱང རི་ཚོགས་ཀྱི་མིག
ཇི་སྲིད་དུ་བར་སྣང་ལ་སྐུད་པ་བཞིན་བརྒྱུན་འདུག་གམ
འཇིག་རྟེན་ནི་ཁྲག་ཚ་མོ་དང་སོ་སོ་བའི་ཁམས་ཤིག་རེད
སྐྱ་རེངས་ཀྱིས་ཁྲག་མདོག་གི་ངོ་མདངས་དང་བཅས་ན་རེ
དེ་རུ་ས་ཚིགས་མཐའ་མ་མེད ལག་སྒམ་ཁོ་ན་ཡོད
དེ་ཁ་ཕྱེ་དུས་རང་ཉིད་འདྲ་བ་ཞིག་གོན་པ་ཆ་འགྲིག་བཞིན་བཀྲམ་ཡོང
འཇམ་ཞིང་འོད་འཚེར གློ་ཁུག་ནང་དུ་རེ་འདོད་ཀྱིས་ཁེངས
ཁབ་སྐུད་དང་པ་སེ རྒྱུ་ལམ་ཐུང་ངུ་དང་ཤེལ་སྒོ་གཉིས་བརྩེགས
ང་རང་སྨྱོན་པ་ཡིན སྡོམ་གྱིས་རྐང་ལག་མང་པོ་གཡུག་གིན་དེ་ལྟར་ཟེར
ཡིན་ངོ་མ་སྐྱི་གཡའ་བ་ཞིག་སྟེ
སྦྲང་ནག་གི་མིག་ལམ་དུ་སྐྱེ་ཞིང་འཕེལ
དེ་དག་གིས་ཡི་མུག་པའི་བྱིས་པ་བཞིན་ཟ་ཟི་སྒྲོག
འཛད་མཐའ་བྲལ་བའི་དྲ་བ་ཞིག་ཏུ
མཇུག་མཐར་དེ་ཡི་ཐག་པས་བསྡམས
འཆི་བ་ཡིས་ཤིང་ཐུར་མང་པོ་ཐོགས་ཡོད
༡༩༦༣ལོའི་ཟླ་དང་པོའི་ཚེས༢༨ཉིན།
འབྲེལ་ཡོད་འོས་སྦྱོར།