“མཚོ་སྔོན་པོ་དྲ་བ”རྟགས་མའི་བྱ་དགའ་ཨང་གཉིས་པ་ཐོབ་པའི་སྒྱུར་རྩོམ་བརྩམས་ཆོས།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-12-09
ཀློག་གྲངས།:
བྱ་དགའ་ཨང་གཉིས་པ་ཐོབ་པའི་སྒྱུར་རྩོམ་བརྩམས་ཆོས།
བརྩམས་ཆོས་དང་པོ།
ནམ་གསལ་བའི་ཚེ། ཆར་བ་འབབ་མཚམས་བཞག
རྩྭ་ཐང་གི་གནམ་གཤིས་ནི་ཡ་མཚར་བ་ཞིག་སྟེ། མཁའ་དབྱིངས་སུ་ཟླ་བ་ཤར་ཞིང་རྒྱུ་སྐར་རེ་གཉིས་འཚེར་ཏེ་གཡའ་དག་པར་འདུག་པའི་སྒང་ལ། གློ་བུར་དུ་གྲང་རླུང་ཞིག་ལྡང་འོངས་པ་དང་ས་ངོས་ནས་འཕྱུར་ཡོང་བ་ལྟ་བུའི་སྤྲིན་ནག་སྟུག་པོས་བར་སྣང་ཐམས་ཅད་སྐད་ཅིག་ཉིད་ལ་བསྒྲིབས་ཤིང་། དེ་མུར། དྲག་ཆར་ནི་ཤིང་ཏོག་ཨ་འབྲུམ་ལྟ་བུའི་སེར་བ་དང་འདྲེས་ཏེ་མཚམས་མི་ཆད་པར་བྱོ།
ལུའུ་ཅིན་ཡུང་གིས་སྡོང་གསེབ་ནས་སྐེ་བསྲིངས་ཏེ་ཕྱོགས་བཞིར་ལྟ་ཙམ་བྱས་པ་ན། རྩྭ་ཐང་ཧྲིལ་བོ་ཆར་སྨུག་ཀློང་དུ་འཐིམ་ནས་མིའི་གྲིབ་མ་ཙམ་ཡང་མི་མཐོང་ཞིང་མི་སྐད་ཀྱང་ཐོས་རྒྱུ་མི་གདའ། དྲག་ཆར་གྱིས་བཤལ་བའི་རྩྭ་ཡན་དག་ནི་སོ་མང་གིས་ཤད་པ་དང་མཚུངས་པར་འདམ་རྫབ་ཁྲོད་དུ་འགྱེལ་ཞིང་ཉལ་ཏེ་འགྲོ་ལམ་ཡང་བཀབ་འདུག ནམ་མཁའ་ནི་སྔར་བཞིན་ནག་ཐོམ་ཐོམ་དུ་གནས་ཤིང་། སྐབས་འགར་ད་དུང་སེར་རྡོག་འགའ་རེས་ལྗང་ཆགས་པའི་ཆུ་རྙོག་ངོས་སུ་བརྡེགས་ཏེ་རླབས་ཀྱི་མེ་ཏོག་རེ་རེ་འཐོར་བར་བྱེད། ཁོས་ཡི་མུག་པའི་ངང་དངན་པ་ཞིག་འཐེན་བྱུང་ལ། དེ་ནི་ཁོའི་རྐང་པའི་རྨ་ཁར་གཉན་ཚད་རྒྱས་ཏེ་རུ་རྗེས་སུ་ལུས་པའི་སྟབས་ཀྱིས་རེད། ཉིན་གཉིས་ཀྱི་རིང་ལ། ཁོ་ཉིན་མཚན་མེད་པར་ལམ་དུ་བསྙེགས་པ་ཡིན་ཞིང་། སྔོན་གྱི་བསམ་ཚོད་ཡིན་ན་དེ་རིང་རུ་རྗེས་སུ་ཆོད་རྩིས་ཡིན་མོད། འོན་ཀྱང་། བྱ་བ་ལམ་ལྷོངས་མ་བྱུང་བར་དྲག་ཆར་འདི་དང་འཕྲད་པས་ནམ་ཕྱེད་ཅིག་འགོར་འགྱངས་སུ་སོང་བ་རེད།
ལུའུ་ཅིན་ཡུང་གིས་གནམ་གཤིས་ངན་པ་འདི་ལ་སྡིགས་དམོད་གཏོང་བཞིན་སྡོང་གསེབ་ནས་ཕྱིར་བུད་དེ་གླལ་སྒྱིང་རིང་བོ་ཞིག་བྱས། འཁྱག་རླུང་ཞིག་གཡུགས་འོངས་པས་ཁོ་རང་གྲང་འདར་འགའ་བརྒྱབ་པས། ཁོས་ད་གཟོད་ལྭ་བ་ཡོངས་སུ་རློན་པར་གྱུར་འདུག་པ་ཚོར་ཡོང་།
“གལ་ཏེ་ཁ་ལག་བསྲོ་སའི་མེ་ཕུང་ཞིག་ཡོད་རྒྱུ་ན། ཇི་འདྲའི་བཟང་བ་ལ་ཨང་།” ལུའུ་ཅིན་ཡུང་གིས་ཤུགས་ཀྱིས་ལྭ་བ་སྤྲུག་སྤྲུག་འགའ་བྱས་ཤིང་དོར་མའི་འདབས་ཁ་ནས་བཞུར་ཡོང་བའི་ཆུ་ཐིགས་ལ་ལྟ་བཞིན་ཡིད་ལ་དེ་ལྟར་སེམས། ཡིན་ན་ཡང་། ཁོས་ཀྱང་དེ་ནི་སྟོང་བསམ་ཞིག་ཡིན་པ་ཤེས་འདུག་སྟེ། ད་ལྟར་མ་ཟད། ཁོ་རང་རུ་རྗེས་སུ་ལུས་པའི་སྔ་ཉིན་དེ་ལའང་ཁོ་ཚོའི་རུ་དཔུང་ནང་དུ་མེ་རྟ་ཞིག་མེད་པས་ལམ་རྒྱགས་སྐམ་བཟའ་བྱེད་དགོས་བྱུང་། ཁོས་གོམས་ཕྱོགས་ཀྱིས་ལག་པ་དོར་མའི་ཁུག་མར་བསྲིངས་པར། མ་བསམ་ས་ནས་མཛུབ་མོ་འབྱར་བག་ཅུང་ཟད་ལྡན་པའི་དངོས་པོ་ཞིག་ལ་ཐོགས་རེག་བྱུང་བའི་ཚོར་བ་སྐྱེས་ཤིང་། སེམས་སུ་སྤྲོ་བ་ཞིག་རྒྱས་ཏེ་མྱུར་དུ་ཙོག་སྟེ་ཁུག་མ་ཕྱིར་བསློགས། ངོ་མ། དོར་མའི་ཁུག་ཞབས་སུ་ནས་ཕྱེ་ཉུང་ཙམ་འབྱར་ཡོད་པར་མ་ཟད། ད་དུང་ཆར་བས་བངས་ཏེ་འབག་པོར་ཆགས་ནས་འདུག ཁོས་སེམས་ཆུང་གིས་བག་ཕྱེ་དེ་བཀོག་ཡོང་བ་ན་ཆེ་ཆུང་ལ་དངོས་གནས་བྱ་སྒོང་ལྟ་བུའི་རྡོག་པོ་ཙམ་ཡོད་པ་མཐོང་ཞིང་། སེར་སྣ་དང་བཅས་ཕྱེ་རྡོག་ལ་ཕུར་ཕུར་གཏོང་བཞིན་སེམས་སུ་རང་དབང་མེད་པར་སྤྲོ་སྣང་གིས་བརྟས་ཏེ“སྟབས་ལེགས་ནས་ཁ་སང་ཞོགས་པར་ངས་ཁ་ཟས་འདི་མ་རྙེད་པ་ནི་འགྲིག་སོང”ཞེས་ཁོག་ལབ་བརྒྱབ།
ལུའུ་ཅིན་ཡུང་གིས་ཉིན་ཞག་ཕྲུགས་གཅིག་ལ་ཟས་ཏིལ་འབྲུ་ཙམ་ཡང་ཁ་ལ་མ་རག་ཅིང་། ད་ནི་བཟའ་རྒྱུ་ཞིག་རྙེད་པས་ལྷག་པར་ལྟོགས་ནས་བཟོད་གླགས་མེད་པ་ལྟར་གྱུར། ཁོས་ཕྱེ་རྡོག་དེ་ཁམ་གང་གིས་ཁྱུར་མིད་མི་གཏོང་བའི་ཆེད་དུ། སླར་ཡང་ལག་པས་བརྫིས་ཏེ་ནར་ནར་དུ་བཏང་ཞིང་ཁ་ནང་ལ་རྫོང་བར་རྩོམ་པའི་སྐབས་དེར། གློ་བུར་དུ“བློ་མཐུན一”ཞེས་འབོད་པའི་སྐད་དམའ་མོ་ཞིག་རྣ་བར་ཟུག་འོངས།
འབོད་སྐད་དེ་ནི་དེ་འདྲའི་གཉོམ་ཞིང་གཏིང་དུ་ལྷུང་བ་དང་། ས་འོག་ནས་མཆེད་ཡོང་བ་དང་འདྲ་བར་ལུའུ་ཅིན་ཡུང་ཅུང་ཟད་ཧད་དེ་ལུས། དེ་མུར་འཐེང་བཞིན་དུ་སྐད་སྒྲ་དེའི་ཕྱོགས་སུ་གཟས་ཏེ་སོང་།
ལུའུ་ཅིན་ཡུང་འཐེང་མ་ལྡིང་གིས་ཆུ་རྐ་གཉིས་བརྒལ་ཏེ་སྡོང་ཕྲན་ཞིག་གི་རྩར་བསླེབས་པ་ན། ད་གཟོད་འབོད་མཁན་གྱི་མི་དེ་གསལ་བོར་མཐོང་འོངས། མི་དེ་སྡོང་བོའི་ཡལ་གར་ཁེན་ཏེ་དེ་གར་གློ་ཉལ་བྱས་ནས་འདུག་ཅིང་། ལུས་འོག་ཏུ་བཙོག་ཆུ་རྙོག་པ་འཁྱིལ་ནས་ཡོད་ལ། ཕར་བལྟས་ཚོད་ཀྱིས་ཡུན་རིང་བོར་འཕག་བསྣུར་བྱེད་ཐུབ་མེད་པ་འདྲ། ཁོའི་གདོང་མདོག་ནི་ལྷག་པར་འཇིགས་སུ་རུང་བ་ཞིག་ཏུ་མངོན་ལ། ཆར་བས་བརླན་པའི་མགོ་སྐྲ་དཔྲལ་ངོས་སུ་འབྱར་བ་དང་། ཆར་ཆུ་ཡང་སྐྲ་སྟེང་དང་མཁུར་མགོ་བརྒྱུད་ནས་ཕྲུམ་ཕྲུམ་དུ་བཞུར་གྱིན་འདུག་པ་མ་ཟད། མིག་ཀོང་གཉིས་རྐོ་རུ་ལྷུང་ཞིང་མིག་ཟུང་ཤུགས་ཀྱིས་བཙུམས་འདུག་སྟེ། རྐན་འོག་གི་ཨོལ་མདུད་ཁོ་ན་ནི་ཡར་འགུལ་མར་འགུལ་ཙམ་བྱེད་ཅིང་། སེར་ཁ་གས་པའི་མཆུ་སྒྲོས་ཀྱི་འབྱེད་ཟུམ་བར་ནས་ད་གཟོད“བློ་མཐུན……བློ་མཐུན་ལགས”ཞེས་པའི་སྐད་དམའ་མོ་ཞིག་འབྱིན་པར་བྱེད།
བློ་མཐུན་དེས་ལུའུ་ཅིན་ཡུང་གི་གོམ་སྒྲ་ཐོས་མ་ཐག མིག་ཟུང་ཤུགས་ཀྱིས་ཕྱེས་ཤིང་འཕག་འཚག་ཅིག་བརྒྱབ་སྟེ། ལུས་པོ་ཙོག་པུར་འདུག་འདོད་པ་འདྲ་ཡང་འགུལ་མ་ལྕོགས་པར་ལུས་སོང་།
ལུའུ་ཅིན་ཡུང་གིས་སྣང་ཚུལ་དེར་ལྟ་བཞིན་མིག་ནང་དུ་ཅི་ཞིག་གིས་བརྣངས་པ་ལྟར་གྱུར་ཏེ་ཡུད་ཙམ་ལ་སེམས་པ་སྐྱོ་ཤས་ཀྱིས་གཟིར་ཡོང་། རུ་རྗེས་སུ་ལུས་པའི་ཉིན་གཉིས་པོའི་རིང་དུ། འདི་ནི་ཁོས་རང་གི་འཐབ་གྲོགས་ཐང་ལ་འགྱེལ་ཚུལ་མཐོང་ཐེངས་གསུམ་པ་ཡིན་འདུག “ལྟོགས་ནས་མནར་བ་ཡིན་པ་ཁོ་ཐག་རེད།” ཁོས་དེ་ལྟར་བསམ་བཞིན་རྟབ་རྟབ་པོར་ཕར་རྒྱུགས་ནས་བློ་མཐུན་དེའི་ཕྲག་པར་འཐམས་ཤིང་བག་ཕྱེ་རྡོག་པོ་ཙམ་དེ་ཁོའི་ཁ་རུ་གཏད་དེ“བློ་མཐུན་ལགས། མྱུར་དུ་ཟོ་དང”ཞེས་བཤད།
བློ་མཐུན་དེས་འོད་མདངས་ཡལ་བའི་མིག་ཟུང་གྱེན་དུ་ཕྱོགས་ཏེ་ཧོན་ཐོར་བ་ལྟར་ལུའུ་ཅིན་ཡུང་ལ་ལྟ་ཙམ་བྱས་པ་དང་། ལག་པ་གཉིས་ཤུགས་ཀྱིས་ཡར་བཀྱགས་ནས་ཁོའི་དཔུང་བ་ནས་ཕར་དེད་ཅིང་། མཆུ་སྒྲོས་འགུལ་འགུལ་འགའ་བྱས་ཏེ“མིན། དེས་གོ་མི་ཆོད…གོ་ཆོད་པ་མ་རེད”ཅེས་པའི་ཚིག་འགའ་ངག་ནས་གསལ་ལ་མི་གསལ་བར་བརྡོལ་ཡོང་།
ལུའུ་ཅིན་ཡུང་རེ་ཞིག་ལ་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་ཅི་བྱེད་རྒྱུ་ཡང་མ་ཤེས་པར་ལུས། ཁོས་ཆར་རླུང་གིས་གཙེས་ཏེ་སྔོ་ནག་ཏུ་གྱུར་པའི་བློ་མཐུན་དེའི་ངོ་གདོང་དང་ལུས་སྟེང་དུ་བཞུར་བའི་ཆར་ཐིགས་ལ་ཅེར་ནས་སྡུག་བསྔལ་དང་བཅས“གལ་ཏེ་མེ་ཕུང་ཞིག་དང་ཆུ་ཁོལ་དཀར་ཡོལ་གང་ཡོད་རྒྱུ་ན་ཁོ་རང་གསོན་ཐུབ་ཀྱང་སྲིད”སྙམ་ཞིང་། མགོ་བོ་དགྱེ་སྟེ་ན་བུན་ལང་ལོང་དུ་འཐིབས་པའི་རྒྱང་རིང་ལ་བལྟས་ཤིང་། འཕྲལ་ཏུ་བློ་མཐུན་དེའི་མཁྲིག་མ་ནས་འཐེན་ཏེ“འགྲོ། ངས་ཁྱོད་རང་སྐྱོར་ནས་འགྲོ”ཞེས་བཤད།
བློ་མཐུན་དེས་མིག་ཟུང་བཙུམས་ཏེ་མགོ་བོ་འཕྲེད་དུ་གཡུག་གཡུག་འགའ་བྱེད་པ་ལས་ལན་ཅི་ཡང་མ་བཏབ་ལ། བལྟས་ཚོད་ཀྱིས་ལུས་ཡོངས་ཀྱི་སྟོབས་ཤུགས་མཐའ་དག་གཞི་གཅིག་ཏུ་སྒྲིལ་བཞིན་པ་དང་འདྲ། ཡུན་རིང་ཙམ་འགོར་རྗེས། ཁོས་གློ་བུར་དུ་མིག་ཟུང་ཕྱེས་ཤིང་གཡས་ལག་གིས་རང་ཉིད་ཀྱི་མཆན་ཁུང་བསྟན་ནས་འཚབ་འཚུབ་ངང“འདི……འདི་ན”ཞེས་ཟེར།
ལུའུ་ཅིན་ཡུང་གིས་འཇིགས་དངངས་དང་བཅས་ཏེ་རང་གི་ལག་པ་བློ་མཐུན་དེའི་བརླན་ཤིག་ཤིག་གི་ལྭ་བའི་རུམ་དུ་བསྲིངས་པར། ཁོའི་བྲང་ཁ་དང་ལྭ་བ་གཉིས་དབྱེ་བ་མེད་པར་ཆབ་རོམ་ལྟར་འཁྱགས་འདུག་པ་ཚོར་ལ། མཆན་ཁུང་གཡོན་པ་ལས་སྲ་ཞིང་མཁྲེགས་པའི་ཤོག་ཐུམ་ཞིག་བཏོན་འོངས་ཏེ་བློ་མཐུན་དེའི་ལག་ཏུ་གཏད་བྱུང་།
བློ་མཐུན་དེས་ལག་པ་ཡ་གཅིག་གིས་འདར་སིག་སིག་ངང་ཤོག་ཐུམ་གྱི་ལྟེབས་བཤིག་འོངས་པ་ན། ནང་དུ་ཏང་ཡོན་གྱི་དཔང་ཡིག་ཅིག་གཅུད་འདུག་ལ། དཔང་ཡིག་གི་ཁ་ཕྱེ་ཚེ་དེའི་ནང་དུ་འབར་ཞུན་རྐང་བདུན་བསྟར་ཏེ་སྤུངས་ཡོད་པ་དང་། འབར་ཞུན་རྐང་བདུན་པོ་ནི་བརླན་གྱིས་མ་བཟུང་བར་མགོ་བོ་དམར་པོ་དག་གཞི་གཅིག་ཏུ་བརྩེགས་ཤིང་། མདོག་དམར་སྐྱར་མངོན་པའི་ཐམ་གའི་དཀྱིལ་སར་མནན་ཏེ་བཞག་ཡོད་ལ། དེ་ནི་མེ་ལྕེ་ཞིག་རྣམ་པར་གཡོ་བ་དང་ཀུན་ནས་མཚུངས།
“བློ་མཐུན་ལགས། ཁྱོད་ཀྱིས་ལྟོས་དང་། ⋯⋯” བློ་མཐུན་དེས་ལུའུ་ཅིན་ཡུང་ལ་ལག་བརྡ་ཞིག་བསྟན་ནས་ཁོ་རང་ཉེ་སར་བོས་རྗེས། རེངས་པོར་གྱུར་པའི་མཛུབ་མོ་བསྲིངས་ཏེ། སེམས་ཆུང་ནེམ་ཆུང་གིས་འབར་ཞུན་རྐང་རེ་རེ་ཕར་འདེད་ཚུར་འདེད་ཅིག་བྱས་ཤིང་། ངག་ལས་སྐད་དམའ་མོས“རྐང་གཅིག རྐང་གཉིས། རྐང་གསུམ། རྐང་བཞི……”ཞེས་རྩི་བར་བྱེད།
འབར་ཞུན་བསྡོམས་པས་རྐང་བདུན་ཏག་ཏག་ལས་མེད་ནའང་། ཁོས་ཡུན་རིང་ཞིག་ལ་བརྩིས་པ་དང་། བརྩིས་ཚར་རྗེས་སླར་ཡང་ལུའུ་ཅིན་ཡུང་ལ་ལྟ་ཙམ་བྱེད་ཅིང་། དེ་ནི“ཁྱོད་ཀྱིས་གསལ་བོར་མཐོང་བྱུང་ངམ”ཟེར་བ་དང་ཨ་ན་མ་ན་རེད།
“འོ། གསལ་བོར་མཐོང་བྱུང་།” ལུའུ་ཅིན་ཡུང་གིས་དགའ་སྤྲོའི་ངང་མགོ་བོ་ནང་དུ་གུག་གུག་འགའ་བྱས་པ་དང་། སེམས་ལ་ད་ནི་ཡག་པོ་བྱུང་སོང་སྙམ་ཞིང་། རང་ཉིད་ཀྱིས་བློ་མཐུན་དེ་མེ་ཕུང་དམར་པོ་ཞིག་གི་ལོགས་སུ་པང་ནས་ཕན་ཚུན་ལ་དམ་པོར་གླན་འདུག་པའི་སྣང་བ་སྐྱེས……
སྐད་ཅིག་མ་དེའི་རིང་དུ། ལུའུ་ཅིན་ཡུང་གིས་བློ་མཐུན་དེའི་གདོང་མདོག་ཀུན་ནས་སོས་ཤིང་མིག་ཟུང་གི་ཐལ་མདོག་ལྟ་བུའི་མདངས་དག་གློ་བུར་དུ་ཡལ་ཏེ། སྤྲོ་ཞིང་ཉམས་དགའ་བའི་འོད་མདངས་ཤིག་འཕྲོ་བཞིན་པ་མཐོང་ཡོང་། བློ་མཐུན་དེས་འབར་ཞུན་བཅུག་པའི་ཏང་ཡོན་གྱི་དཔང་ཡིག་གི་ཁ་བསུམས་པ་དང་། ལག་པ་གཉིས་ཀྱིས་དེ་ཉིད་ཡར་བཏེགས་ཏེ་ཆུ་ཡིས་གཏམས་པའི་དཀར་ཡོལ་ཞིག་འབུལ་བ་ཇི་བཞིན་སེམས་ཆུང་གིས་ལུའུ་ཅིན་ཡུང་གི་ལག་ཏུ་བཞག་ཅིང་། དེ་དང་མཉམ་དུ་ཁོ་ལ་ལག་འཇུ་དམ་པོ་ཞིག་བྱས་ཏེ་མིག་ཟུང་གིས་ཁོའི་གདོང་ལ་འབུར་ཚུགས་ཀྱིས་བལྟས་བྱུང་།
“སེམས་ལ་ཟུངས་ཤིག འདི། འདི་ནི་འུ་ཚོ་ཚང་མའི་ཡིན།” བློ་མཐུན་དེས་དེ་སྐད་ཟེར་བཞིན་ལག་པ་གློ་བུར་དུ་ཕྱིར་བསྐུམས་སོང་ལ། དེ་ནས་ནན་གྱིས་དབུགས་ལྗིད་མོ་ཞིག་བརྔུབས་རྗེས་སླར་ཡང་ཤུགས་གང་ཡོད་ཀྱིས་དཔུང་བ་ཡར་བཀྱགས་ཏེ་མཛུབ་མོས་བྱང་ཕྱོགས་སུ་སྟོན་བཞིན“བློ་མཐུན། བློ་མཐུན་བཟང་བོ……ཁྱོད……ཁྱོད་ཀྱིས་འདི་ཁྱེར་ནས……”ཞེས་ཟེར།
སྐད་ཆ་དེའི་བཤད་མཚམས་འདི་རུ་ཆད་སོང་། ལུའུ་ཅིན་ཡུང་ལ་རང་གི་དཔུང་བ་གློ་བུར་ཏུ་ལྗིད་ཏིག་སེ་མར་ལྷུང་བ་ལྟ་བུའི་སྣང་བ་སྐྱེས་པའི་མོད་ལ་མིག་ཟུང་ཡང་རབ་རིབ་ཏུ་གྱུར། རྒྱང་རིང་གི་ལྗོན་པ་དང་ཉེ་སའི་རྩྭ་རྩི། ད་དུང་བརླན་ཤིག་ཤིག་གི་ལྭ་བ་དེ་དང་དམ་པོར་ཟུམ་པའི་མིག་ཟུང་དེ……ཡོད་ཚད་ནི་རྩྭ་ཐང་དང་འདྲ་བར་ལང་ལོང་གི་སྨུག་པས་གཡོགས་ཤིང་། ལག་པ་དེ་ཁོ་ན་ནི་ད་གཟོད་གསལ་ཀྱི་ལེར་སྣང་ལ། དེ་ཉིད་མཐོན་པོར་བཏེགས་ཏེ་ལམ་རྟགས་ཤིག་དང་འདྲ་བར་དྲང་ཤད་ལེར་དམར་དམག་རྒྱང་སྐྱོད་ཀྱི་ཕྱོགས་སུ་བཙུགས་ཏེ་འདུག……
དེའི་ཕྱིས་ཀྱི་ལམ་ནང་དུ་ལུའུ་ཅིན་ཡུང་སོང་བ་ཤིན་ཏུ་མགྱོགས་ཏེ། ས་རུབ་པའི་སྐབས་སུ་ཁོ་རང་རྗེས་སྲུང་རུ་དཔུང་གི་རྗེས་སུ་ཆོད།
མུ་མཐའ་མེད་པའི་མུན་ནག་གི་མཚན་མོར། མེ་ཕུང་དག་རེ་རེ་བཞིན་དུ་སྦར་ནས་མངོན་བྱུང་། ཉིན་འགའི་རིང་ཆར་རླུང་དང་འདམ་རྫབ་ཁྲོད་དུ་འགྲེད་བརྡབ་ཤོར་བའི་འཐབ་མོ་པ་རྣམས་ཀྱིས་ལྷབ་ལྷུབ་འབར་བའི་མེ་ཕུང་གི་མཐའ་བསྐོར་ནས་གླེང་མོལ་དང་དགོད་སྒྲ་གཏོང་བར་བྱེད་ལ། ཁོ་ཚོའི་བརླན་ཞིང་གཤེར་བའི་གོན་པའི་སྟེང་དུ་རླངས་པ་རིམ་པ་ཞིག་ཐོལ་ཐོལ་དུ་ལྡང་བཞིན་ཡོད་ཅིང་། རྫ་ཆས་ཀྱི་དཀར་ཡོལ་ནང་གི་རི་སྐྱེས་སྔོ་ཚོད་ཀྱི་སྒྲ་ནི“སུར་སུར”དུ་གྲག་གིན་འདུག……
ལུའུ་ཅིན་ཡུང་ཁ་རོག་གེར་རྗེས་སྲུང་རུ་དཔུང་གི་མཛུབ་སྟོན་པའི་དྲུང་དུ་ཕྱིན། སྐབས་དེར་ཕྱོགས་སུ་འཕྲོ་བའི་མེ་འོད་ནི་ལམ་ལམ་དུ་མཆེད་ཀྱིན་འདུག་ཅིང་། ཁོས་འདར་གྱིན་པའི་ལག་པས་ཏང་ཡོན་གྱི་དཔང་ཡིག་དེའི་ཁ་ཕྱེས་ཏེ། ལྷག་མར་ལུས་པའི་འབར་ཞུན་རྐང་དྲུག་པོ་རེ་རེ་བཞིན་མཛུབ་སྟོན་པའི་ལག་ཏུ་གཏད་པ་དང་། དུས་མཚུངས་སུ་སྐད་གདངས་མི་འདྲ་བ་ཞིག་ཕྱུངས་ནས“རྐང་གཅིག རྐང་གཉིས། རྐང་གསུམ། རྐང་བཞི……”ཞེས་རྩི་བཞིན་མཆི།
སྒྱུར་པ་པོའི་གཏམ།
«འབར་ཞུན་རྐང་བདུན»ཞེས་པའི་སྒྲུང་ཐུང་བོད་ཡིག་ཏུ་ལོ་ཙཱ་བྱས་པའི་བསམ་ཚུལ་ཐུང་ངུ་།
ཝང་ཡོན་ཇན་གྱི«འབར་ཞུན་རྐང་བདུན»ནི་བརྗོད་བྱའི་སྙིང་བོ་གཏིང་ཟབ་ཅིང་སྒྲིག་གཞི་ཚགས་དམ་པ། མི་སྣ་ཉུང་ཞིང་གསོན་ཉམས་ལྡན་པ་དང་། བྱུང་རིམ་ཕྲ་རབ་དག་འཚོ་བ་དང་ཐག་ཉེ་བར་མ་ཟད། རྩོམ་རིག་གི་སྐད་ཆ་བབ་ཆགས་ཤིང་སློབ་གསོའི་དོན་སྙིང་འབུར་དུ་ཐོན་པའི་སྒྲུང་ཐུང་ཕུལ་དུ་བྱུང་བ་ཞིག་ཏུ་རྩི། ཕྲན་གྱིས་སྒྲུང་ཐུང་འདི་ལོ་ཙཱ་མ་བྱས་གོང་། ཐོག་མར་མ་རྩོམ་ལ་སློབ་སྦྱོང་ནན་ཏན་བྱས་ཤིང་རྩོམ་སྟངས་ཀྱི་ཐུན་མོང་མ་ཡིན་པའི་ཆ་ལ་བསམ་གཞིག་རྣལ་མོ་བཏང་ཞིང་། རྒྱ་ཡིག་གི་ལམ་ནས་སྒྲུང་ཐུང་འདིའི་དཔྱད་བརྗོད་ཐད་ཀྱི་རྩོམ་ཡིག་མང་པོ་བཀླགས་པ་དང་། ཁྱད་པར་དུ་གཏམ་རྒྱུད་ཀྱི་ནང་དོན་དང་མི་སྣའི་གཤིས་ཀ བྱུང་རིམ་འཕེལ་རྒྱས་སོགས་ལ་རྒྱུས་ལོན་ཡག་པོ་བྱས་པར་མ་ཟད། སྒྲུང་ཐུང་གི་རྒྱབ་ལོགས་ཀྱི་ལོ་རྒྱུས་དང་རིག་གནས་རྒྱབ་ལྗོངས་སོགས་ལའང་ཞིབ་ཆ་བླངས་ནས་ཁོང་དུ་ཆུད་ཐབས་བྱས་པ་ཡིན།
གཤམ་དུ་ཕྲན་གྱིས་རྩོམ་ཡིག་འདི་ལོ་ཙཱ་བྱས་པའི་བསམ་ཚུལ་དག་སྟབས་བདེར་ཕུལ་ན།
ཀ མ་རྩོམ་གྱི་རྩོམ་གཤིས་དང་བྲོ་བ་སོར་བསྐྱུར་བྱས་པ།
«འབར་ཞུན་རྐང་བདུན»ནི་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་པའི་ཆ་ནས་དེའི་ཐུན་མོང་མ་ཡིན་པའི་རྩོམ་གཤིས་དང་བྲོ་བ་ནི་ཀློག་པ་པོ་འགུགས་པར་བྱེད་པའི་ནང་རྐྱེན་གཙོ་བོར་གྱུར་ཡོད་པ་ཡིན། དེ་བས། ལོ་ཙཱའི་བརྒྱུད་རིམ་ཁྲོད་དུ་ཕྲན་གྱིས་ཅི་ལྕོགས་ཀྱིས་མ་ཡིག་གི་རྩོམ་གཤིས་དང་བྲོ་བ་སོར་བསྐྱུར་བྱས་ཏེ། ཀློག་པ་པོ་རྣམས་ལ་བརྩམས་ཆོས་ཀྱི་གདོད་མའི་བྲོ་བ་དང་རོ་ནུས་ལོངས་སུ་སྤྱོད་ནུས་པའི་མཐུན་རྐྱེན་སྐྲུན་ཐབས་བྱས་ཡོད།
ཁ། གནད་དུ་ཐིངས་པའི་སྒོ་ནས་བརྩམས་ཆོས་ཀྱི་ཆ་འཕྲིན་དང་བརྩེ་ཚོར་བརྒྱུད་སྤྲོད་བྱས་པ།
ལོ་ཙཱའི་ལས་ཀའི་སྙིང་བོ་ནི་གནད་དུ་ཐིངས་པ་དང་ཡང་དག་པའི་སྒོ་ནས་མ་རྩོམ་གྱི་ཆ་འཕྲིན་དང་བརྩེ་ཚོར་བརྒྱུད་སྤྲོད་ཡོང་བའི་སྟེང་ན་ཡོད་ཅིང་། «འབར་ཞུན་རྐང་བདུན»ལ་མཚོན་ན། དེའི་གཏམ་རྒྱུད་ཀྱི་བྱུང་རིམ་དང་མི་སྣའི་གཏམ་གླེང་། ནང་སེམས་ཀྱི་འགྱུར་བ་སོགས་ནི་གནད་དུ་ཐིངས་པ་དང་ཡང་དག་པའི་སྐད་ཆར་བརྟེན་ནས་མཚོན་ཐབས་བྱེད་དགོས་ཏེ། དེ་ལྟར་མིན་ན་ཀློག་པ་པོས་ཁྱོན་ཡོངས་ནས་རྩོམ་པ་པོའི་བརྩེ་ཚོར་དང་བརྩམས་ཆོས་ཀྱི་ཆ་འཕྲིན་ལ་གོ་བ་ལོན་པར་ཁག་ཐེག་བྱེད་མི་ཐུབ་པར་སྙམ། དེ་བས། ཕྲན་གྱིས་རྩོམ་ཡིག་གི་སྐད་ཆ་བེད་སྤྱོད་ཀྱི་སྟེང་དུ་ལྷག་པར་གཟབ་ནན་བགྱིས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་སྐད་ཆ་དེ“ཇི་ལྟར་བཤད་པའི”ཐད་ལ་མཉམ་འཇོག་བྱས་ཡོད། དེ་ཡང“ཇི་ལྟར་བཤད་རྒྱུ”ནི་ཐོག་མར་བསམ་བློའི་གནད་དོན་ཡིན་པ་དང་། བར་དུ་རྩོམ་རིག་གི་གནད་དོན་དང་མཐའ་མར་བརྡ་སྤྲོད་པའི་གནད་དོན་ཡིན་པས། གནད་དོན་དེར་དོ་སྣང་བྱས་པ་དེས་རང་ཉིད་ཀྱི་སྐད་ཆའི་ཁྱད་གཤིས་ཤིག་མངོན་པའི་སྒོ་ནས་མ་རྩོམ་གྱི་ནང་དོན་མཚོན་ཐབས་བྱས་ཡོད་པ་དཔེར་ན། མ་ཡིག་ངོས་ཀྱི“月朗星稀”ལྟ་བུར་མཚོན་ན། ཟླ་འོད་གསལ་ཞིང་རྒྱུ་སྐར་ཐར་ཐོར་དུ་སྣང་བ་སྟེ། མདོར་ན་གནམ་ངོ་ཤིན་ཏུ་ཐང་བའི་དོན་ཡིན་པས། སྤྱིར་ན་བོད་སྐད་དུ“སྤྲིན་པ་བྱིའུ་མགོ་ཙམ་ཡང་མེད་པ”ལྟ་བུའི་ཚིག་སྤྱད་དེ་བསྒྱུར་ཆོག་མོད། འོན་ཀྱང་། དེ་ལྟར་བསྒྱུར་ན་མ་རྩོམ་གྱི་ཆ་འཕྲིན་དང་ཐག་རིང་བོར་གྱེས་འདུག་པས“མཁའ་དབྱིངས་སུ་ཟླ་བ་ཤར་ཞིང་རྒྱུ་སྐར་རེ་གཉིས་འཚེར་ཏེ་གཡའ་དག་པར་འདུག”ཅེས་བོད་སྐད་ཀྱི་བརྡ་སྤྲོད་ཀྱི་ཁྱད་ཆོས་ཀྱང་ཅུང་ཟད་ཐོན་པར་བྱས་ཏེ་སྐད་ཆའི་རྗོད་སྟངས་ཅུང་བརྗེས་ཡོད་པ་ལྟ་བུ་ཡིན།
ག རིག་གནས་ཀྱི་བར་ཁྱད་དང་འོས་འཚམ་རང་བཞིན་ལ་དོ་སྣང་བྱས་པ།
རྒྱ་བོད་རིག་གནས་ཀྱི་བར་དུ་ཁྱད་པར་ཆེན་པོ་ཡོད་པས། «འབར་ཞུན་རྐང་བདུན»གྱི་ལོ་ཙཱའི་བརྒྱུད་རིམ་ཁྲོད་རིག་གནས་ཀྱི་ཁྱད་པར་དེ་ཐབས་མཁས་ཀྱིས་ཐག་གཅོད་གཏོང་རྒྱུ་ཡང་གནད་ཀྱི་གཙོ་བོ་ཞིག་ཡིན་པར་འདོད། དེ་ཡང་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དྲག་པོ་ཐོན་པའི་སྐད་ཆ་དང་ཚིག་སྒྲོས། ཡུལ་སྲོལ་གོམས་འདྲིས་ཀྱི་ཐ་སྙད་ནི་མ་རྩོམ་དུ་ཆེས་ཆེར་མི་སྣང་ཡང་། རྩོམ་ཡིག་ཧྲིལ་བོའི་ཆ་ནས་བཤད་ན་དེའི་རིགས་ནི་ངང་ངམ་ཤུགས་ཀྱིས་ཚིག་དང་ཡི་གེའི་བར་དུ་སིམ་ནས་ཡོད་པ་རེད། དེ་བས། ཕྲན་གྱིས་ཀློག་མཁན་གྱི་རིག་གནས་གོམས་སྲོལ་དང་ཤེས་རྟོགས་ཀྱི་ཆུ་ཚད་ལ་ཧུར་བརྩོན་གྱིས་བསྟུན་ཐབས་བྱས་ཡོད།
ང་། སྒྱུར་སྟངས་སྣ་ཚོགས་གང་འཚམ་གྱིས་སྦྲགས་མར་སྤྱད་པ།
དཔའ་རིས་སངས་རྒྱས་ལགས་ཀྱིས་བསྒྱུར་ཚུལ་ལ་མདོར་བསྡུས་ན། ཐད་བསྒྱུར་དང་ལྡོག་བསྒྱུར། སྣོར་བསྒྱུར་གསུམ་ཡོད་པར་བཤད་པ་ནི་ལེགས་བཤད་དུ་བཀུར་བར་རིགས་ན་ཡང་། ལག་ལེན་དངོས་ཀྱི་སྟེང་དེ་ལས་འདས་ཏེ་ད་དུང“དོན་བསྒྱུར”དང“སྣོན་བསྒྱུར།” “གསབ་བསྒྱུར།” “འཕྲི་བསྒྱུར” “སྒྲ་བསྒྱུར”སོགས་ཀྱང་ཡོད་པར་སྣང་ལ། ལོ་ཙཱ་པ་མཁས་པ་དག་གི་སྒྱུར་སྟངས་ལ་སློབ་སྦྱོང་བྱས་ན་ཡང་། སྣང་ཚུལ་དེ་དག་ནི་ང་ཚོས་རྒྱུན་དུ་མཐོང་གི་འདུག དེ་བས། ཕྲན་གྱིས་ཀྱང་བརྩམས་ཆོས་འདི་སྒྱུར་སྐབས་སྒྲུང་གཏམ་ཐུང་བའི་ཁྱད་ཆོས་ཏེ།“ཚིག་ཉུང་བ་དང་བཅུད་འཛོམས་པ།” “བརྗོད་དོན་ཅུང་གཏིང་ཟབ་པ།” “ཟུར་བསྟན་ལེབ་མཐོང་གི་ཆ་ཐོན་པ”སོགས་ཀྱི་བླང་བྱ་འགྲུབ་པའི་ཆེད་དུ་སྒྱུར་སྟངས་གཙོ་བོར“ཐད་བསྒྱུར”དང“དོན་སྒྱུར”སྤྱད་ཡོད་ཅིང་། དགོས་དབང་གིས་ཐབས་གཞན་དག་ཀྱང་གང་འཚམ་དུ་སྤྱད་ཡོད་པ་དཔེར་ན། མ་རྩོམ་གྱི“一阵冷风吹来,浓云像从平地上出来似的,霎时把天遮得严严的”ཞེས་པ“ལྡོག་སྒྱུར”གྱི་ཐབས་ཅུང་ཟད་བསྟེན་ཏེ“གློ་བུར་དུ་གྲང་རླུང་ཞིག་ལྡང་འོངས་པ་དང་ས་ངོས་ནས་འཕྱུར་ཡོང་བ་ལྟ་བུའི་སྤྲིན་ནག་སྟུག་པོས་བར་སྣང་ཐམས་ཅད་སྐད་ཅིག་ཉིད་ལ་བསྒྲིབས་”ཞེས་བསྒྱུར་པ་ལྟ་བུ་ཡིན་ལ། དེ་བཞིན་དུ“点点头”ལ“མགོ་བོ་ནང་དུ་གུག་གུག་བྱས”ཞེས“སྣོན་སྒྱུར་”གྱི་ཐབས་སྤྱད་དེ་ཚིག་གི་ཁ་ཇེ་གསལ་དུ་བཏང་བ་ལྟ་བུ་དང་། གཞན་ཡང་མ་རྩོམ་གྱི“那同志一只手抖抖索索地打开了纸包,那是一个党证,揭开党证,里面并排摆着一小堆火柴,干燥的火柴。”ཞེས་པའི་ཚིག་འདི་སྒྱུར་སྐབས“打开”དང“揭开”ཞེས་པའི་ཐ་སྙད་གཉིས་ནི་རྒྱ་སྐད་དུ་དོན་ཉེ་བའི་སྒྲ་རུ་གཏོགས་པ་དང་། བོད་སྐད་དུ“ཁ་ཕྱེས་པའི་”དོན་ལས་ཆེར་མ་འདས་པ་ཡིན་ན། གལ་ཏེ་གཉིས་ཀ་ཡང་ཚིག་གཅིག་གིས་མཐུན་པར་བསྒྱུར་ཚེ་གཅིག་ནས་བསྐྱར་ཟློས་ཀྱི་སྐྱོན་འབྱུང་བ་དང་། གཉིས་ནས་མ་རྩོམ་གྱི་ཉམས་འགྱུར་ཡང་ཐོན་མི་ཐུབ་པས། གཏམ་རྒྱུད་ཀྱི་བྱུང་རིམ་དངོས་ལ་བསྟུན་ཏེ་སྔ་མར“ལྟེབས་བཤིག”ཅེས་དང་ཕྱི་མར“ཁ་ཕྱེས”ཞེས་དོན་བསྒྱུར་ཞེས་པ་ལྟ་བུས་མཚོན་ནོ། །
བྱ་དགའ་ཨང་གཉིས་པ་ཐོབ་མཁན་གྱི་ངོ་སྤྲོད།
བརྩམས་ཆོས་དང་པོ།
འབར་ཞུན་རྐང་བདུན།
ཝང་ཡོན་ཅན་གྱིས་བརྩམས།
འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས་བསྒྱུར།

འབྲོང་བུ་རྡོ་རྗེ་རིན་ཆེན། མཚོ་སྔོན་གཅན་ཚ་རྫོང་ཀླེ་ཆེན་སྡེ་བར་སྐྱེས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། བརྩམས་ཆོས་རེ་འགའ་ཕྱི་གླིང་གི་ཡི་གེར་བསྒྱུར་ནས་བཀྲམ་ཡོད། སྙན་ངག«བཀྲ་ཤིས་རྟགས་བརྒྱད་དང་སྦྱར་བའི་བསྔགས་ཚིག»ལ«སྦྲང་ཆར»གྱི་ཕུལ་བྱུང་རྩོམ་ཡིག་བྱ་དགའ་ཨང་གསུམ་པ་དང་། བརྩམས་སྒྲུང«གཞིས་བྱེས་ལྷན་འཛོམས»ལ«སྦྲང་ཆར»རྩོམ་སྒྲིག་པུས་བསྡུས་པའི“མི་རིགས་མཐུན་སྒྲིལ་དང་ཡར་ཐོན”གྱི་བྱ་དགའ་ཨང་དང་པོ་དང་། སྐབས་དང་པོའི“སྦྲང་ཆར་རྩོམ་རིག་བྱ་དགའ།” དཔྱད་རྩོམ«སྟག་འབུམ་རྒྱལ་གྱི་ཁྱིའི་སྒྲུང་གཏམ་བཀླགས་པའི་མྱོང་ཚོར»ལ་སྐབས་བརྒྱད་པའི“སྦྲང་ཆར་དཔྱད་བརྗོད་བྱ་དགའ”བཅས་ཐོབ་མྱོང་ཞིང་། བརྩམས་དེབ་ལ་ལོ་རྒྱུས་སྒྲུང་རིང«གངས་ཅན་བོད་ཡུལ་དུ་སྤྲིངས་པའི་འཕྲིན་ཡིག»དང«དུར་ཐང» «རྩོམ་ལ་འཇུག་པའི་སྒོ» «འབྲོང་བུ་རྡོ་རྗེ་རིན་ཆེན་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས»སོགས་ཡོད། གཞན་ཡང་ཨའེ་ལུན•ཕུའི་བརྩམས་སྒྲུང་ཕྱོགས་བསྒྲིགས«བྱི་ལ་ནག་པོ»དང་། ཞུས་ཀྲུང་ལིན་གྱི«ལྷ་རུ་བསྐོས་པའི་སྒྲུང»སོགས་ཀྱིས་མཚོན་པའི་རྒྱབ་ཁབ་ཕྱི་ནང་གི་གྲགས་རྩོམ་དེབ་འགའ་ཡང་བོད་ཡིག་ཏུ་བསྒྱུར་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཡོད།
བྱ་དགའི་དཔང་ཡིག་དང་རྟགས་མ།
བརྩམས་ཆོས་གཉིས་པ།
ས་སྲོས་ནི་ལྐོག་གྱུར་ཞིག་སྟེ། མི་རྣམས་ཀྱི་ཚེ་སྲོག་གི་རྒྱུན་ཉིན་གཅིག་གིས་རིང་དུ་སྲིང་པ་ཡིན་ཚེ། ཉིན་དེའི་མཇུག་ཏུ་ཁོ་ཚོ་ལ་ས་སྲོས་ཤིག་དབང་ངེས། འོན་ཀྱང་། ལོ་ནས་ལོ་དང་ཟླ་ནས་ཟླ་བར། ཁོ་ཚོའི་མི་ཚེའི་ཁྲོད་ཀྱི་བགྲང་ལས་འདས་པའི་ཉིན་མོ་རེ་རེ་ལ་ས་སྲོས་རེ་ཡོད་ཀྱང་། ང་ལ་དྲི་བ་ཞིག་ཡོད་པ་ནི་མི་ག་ཚོད་ཀྱིས་ས་སྲོས་ལ་ཡིད་འཇོག་བྱས་མྱོང་ཨང་།
ཞོགས་པར། རྨི་ལམ་གྱི་ལྷག་མ་དག་སྔས་འགྲམ་ནས་འཕུར་ནས་འགྲོ་དུས། ཁོ་ཚོ་མལ་ལས་ལངས་ཤིང་ཉིན་གཅིག་གི་ལམ་ག་ལ་ཆས་པར་བྱེད། ཁོ་ཚོ་སོང་ཀྱིན་སོང་ཀྱིན་ཉིན་གུང་དུ་སླེབས་པ་ན། རྐང་འོག་གི་ལམ་སྣེའི་གློ་བུར་བའི་དཀྱོགས་མཚམས་དེ་ནས་གོམ་སྟབས་གཅིག་གིས་ཉིན་གཅིག་གི་མཇུག་ལ་སླེབས་པའི་ཚོར་བ་སྟེར་བར་བྱེད། ཁོ་ཚོས་རྒྱང་རིང་དུ་འཐིབས་པའི་དཀར་ལམ་ལམ་གྱི་དུ་ཞག་དང་། ལྗོན་ཤིང་གི་རྩེ་མོར་བྱུགས་པའི་སེར་ལམ་ལམ་གྱི་འོད་ཟེར། ད་དུང་ནག་རོག་རོག་གི་ཁ་ཏྭའི་ཁྱུ་ཚོགས་རེ་རེ་དགོང་ཁའི་ཉི་འོད་ཀྱི་ཀློང་ནས་ཕྱིར་ལོག་ཡོང་བ་མཐོང་སྐབས། ཁོ་ཚོའི་ནང་སེམས་ཅི་ཞིག་གིས་ཡང་མོར་གནོན་གྱིན་པ་དང་འདྲ། དེ་དུས་ཁོ་ཚོས་མཚན་མོར་སླེབས་པ་རྟོགས་སོང་། ཁོ་ཚོས་ལྷིང་འཇགས་ལ་རེ་ཞིང་། རྨི་ལམ་གྱི་ཞིང་ཁམས་ལ་ལོག་པར་བྲེལ། མི་འགྱངས་པར་མག་མོག་གི་མཚན་སྨག་གིས་ཁོ་ཚོའི་མིག་གཉིས་དང་ནང་སེམས་བསྒྲིབས་པར་བྱས། ཁོ་ཚོས་གུ་དོག་པོའི་ཁང་མིག་གི་ནང་དུ་བྲེལ་བྲེལ་འཚུབ་འཚུབ་བྱེད་བཞིན་ས་སྲོས་སྒོའི་ཕྱི་རོལ་དུ་བཀག གལ་སྲིད་མི་ཞིག་གིས་ཁྱེད་ཀྱིས་ས་སྲོས་མཐོང་བྱུང་ངམ་ཞེས་དྲི་བ་བཏོན་ཚེ། ས་སྲོས་ནི་ཇི་འདྲའི་མཛེས་ཀྱང་ཁོ་ཚོ་ཧད་ནས་འདུག་ངེས།
ཁོ་ཚོར་ཅི་ཁག་སྟེ། ཁོ་ཚོས་ཁང་ཆུང་ལས་མགོ་བོ་ཕྱིར་བཏོན་ནས་ས་སྲོས་འཚོལ་སྐབས། ས་སྲོས་སྔ་མོ་ནས་དཀར་ལམ་ལམ་གྱི་དུ་ཞག་དང་། ལྗོན་རྩེའི་སེར་ལམ་ལམ་གྱི་འོད་ཟེར། ད་དུང་ཁ་ཏྭའི་ཁྱུ་ཚོགས་ཀྱི་རྒྱབ་ཀྱི་ཉི་ཟེར་དང་འགྲོགས་ནས་རྒྱང་དུ་བཞུད་ཟིན་པས། སྨག་ནག་གི་མཚན་མོ་ལས་ཅི་ཡང་ལྷག་མེད། ས་སྲོས་ནི་དཔྱིད་ཀྱི་མཚན་མོའི་རྨི་ལམ་ཞིག་དང་འདྲ་བར། ག་དུས་སླེབས་པ་མི་ཤེས་པར་ཁོ་ཚོའི་སེམས་ངོར་འཁྱུག་ཙམ་བྱས་རྗེས། ཡང་ག་དུས་སོང་བ་མི་ཤེས་པར་བཞུད་འགྲོ།
ས་སྲོས་བཞུད་ཚར། གང་ལ་བཞུད་པ་ཡིན་ནམ། མ་རེད། ངས་སྔོན་ལ་འདྲི་འོས་པ་ནི་ས་སྲོས་གང་ནས་ལོག་ཡོང་བ་དེ་རེད། དྲི་བ་འདི་ལ་ངས་ལན་སློག་མི་ཐུབ་ལ། ཡང་སུ་ཡིས་ལན་སློག་ཐུབ་བམ། ངས་ས་སྲོས་དུམ་བུ་གཅིག་བཟུང་ནས་དེ་ལ་གཏིང་འདྲི་བྱེད་ག་ལ་ཐུབ། ས་སྲོས་ཤར་ཕྱོགས་ནས་ཡོང་བ་ཡིན་ནམ། ཤར་ཕྱོགས་ནི་དགོང་ཉི་མའི་འཆར་ལམ་རེད། ནུབ་ཕྱོགས་ཡིན་ནམ། ནུབ་ཕྱོགས་སུ་མཚམས་སྤྲིན་དམར་ལམ་ལམ་བྱེད་པ་མ་ཡིན་ནམ། ལྷོ་ཕྱོགས་ཡིན་ནམ། ལྷོ་ཕྱོགས་སུ་འོད་སྣང་དང་ཚ་བས་ཁེངས་འདུག དེས་ན་བྱང་ཕྱོགས་ནས་ཡོང་བ་རེད་ཟེར་ན་ཆེས་འཚམ་ཤས་དེ་རེད་འདུག བདག་གིས་དྲན་འཆར་གྱི་སྒོ་མོ་ཡངས་པོར་ཕྱེས་ཚེ། གོ་ལའི་བྱང་སྣེའི་བྱང་འཁྱགས་རོམ་རྒྱ་མཚོ་དྲན་ཞིང་། ང་ཚོས་དྲན་པའི་ངོས་སུ་དཀར་ལམ་ལམ་གྱི་གནམ་ས་དང་། དཀར་ལམ་ལམ་གྱི་ཁ་བའི་ཡུལ་ལྗོངས། དཀར་ལམ་ལམ་གྱི་འཁྱགས་དར་གྱི་རི་བོ་སོགས་བྲིས་ཆོག ད་དུང་བྱང་ཕྱོགས་སུ་སོང་བ་ཡིན་ན། དཀར་ལམ་ལམ་གྱི་གནམ་མཐའ་རུ་སྐྱ་ཐིང་དགུ་ཐིང་གི་མག་མོག་ལས་གང་ཞིག་གནམ་དང་གང་ཞིག་ས། གང་ཞིག་འཁྱགས་རོམ་དང་གང་ཞིག་ཁ་བ་ཡིན་པ་གོ་འབྱེད་མི་ཐུབ་པས། མག་མོག་གི་ས་སྲོས་ནི་གནས་འདི་ནས་སྤྲུལ་སྒྱུར་བྱས་པ་ཅི་ལ་མིན།‘’
ཡིན་ཡང་། སྤྲུལ་སྒྱུར་བྱས་རྗེས་གང་སར་མཆེད་པ་སྟེ། ཁོད་ཡངས་པའི་ཐང་ཆེན་དང་རྩྭ་ཐང་བརྒལ་དུས་གྲིབ་ཆེན་གྱིས་ས་ཆེན་གཡོགས་ཤིང་། རྫུབས་མཐུག་པའི་ནགས་ཚལ་བརྒྱུད་དུས་མུན་ནག་གི་ཡོལ་བ་འཐེན། ཆུ་ཕྲན་བརྒལ་དུས་སྲོད་ཀྱི་སྐྱ་མདངས་ལྷུང་ལྷུང་གི་ཆུ་སྒྲ་ལ་བསྐུར་བས་ཞི་འཇམ་གྱི་ཆུ་ངོས་ནས་གཉོམ་ཞན་གྱི་འོད་མདངས་འཚེར། རི་རྩེ་རེ་རེར་སྐར་ཚོགས་དང་ཟླ་བའི་འོད་སྣང་བསྩལ། གྲོང་སྡེ་ཆུང་ཆུང་ལ་སྐྱ་ཐིང་ཐིང་གི་སྲོད་ཀྱི་དུ་སྤྲིན་བསྩལ། ཐ་ན་རྩིག་ཟུར་རེ་རེ་དང་སྡོམ་རྒྱ་རེ་རེ་ལའང་སྲོད་གྲིབ་དུམ་བུ་རེ་བཞག་རྗེས། ལྷིང་འཇགས་ཀྱི་བྱེ་ཐང་བརྒལ་ནས་ང་ཚོའི་མངའ་ཁོངས་སུ་སླེབས་བྱུང་། གལ་སྲིད་ང་རང་བྱེ་ཐང་དུ་འགྲེང་ནས་ས་སྲོས་ལ་གདོང་ཕྱོགས་པ་ཡིན་ན། བདག་གིས་ས་སྲོས་རྒྱང་རིང་གི་མཁའ་མཐའ་ནས་མྱུར་མོར་ཆས་ཡོང་བ་མཐོང་ཐུབ་ལ། དེ་ནི་ཅི་ཞིག་དང་མཚུངས་ཟེར་ན། སྐྱ་ཐིང་ངེའི་སྨུག་སྤྲིན་ཞིག་གམ། ཡང་ན་ཕྱོགས་སུ་འཐོར་བའི་སྤྲིན་དཀར་གྱི་གྲིབ་གཟུགས་ཤིག་དང་མི་མཚུངས་སམ། ས་སྲོས་མྱུར་མོར་སླེབས་ཡོང་སྟེ་སྲོད་གྲིབ་ཅིག་ཤུལ་དུ་བསྐྱུར་རྗེས་ཡང་བསྐྱར་མྱུར་མོར་ཕེབས་སྟེ་ང་ཚོའི་མངའ་ཁོངས་སུ་ཐོན་ཞིང་། རྒྱང་རིང་དུ་འཐིབས་པའི་དཀར་ལམ་ལམ་གྱི་དུ་ཞག་དང་། ལྗོན་ཤིང་གི་རྩེ་མོར་བྱུགས་པའི་སེར་ལམ་ལམ་གྱི་འོད་ཟེར། ད་དུང་ཁ་ཏྭའི་ཁྱུ་ཚོགས་ཀྱི་རྒྱབ་ཀྱི་ཉི་ཟེར་དང་ལྷན་དུ། འཇམ་ལྷོད་ལྷོད་ཀྱིས་མི་རྣམས་ཀྱི་སེམས་ངོས་སུ་བབས་པ་ན། མི་རྣམས་ཀྱིས་ཡང་བསྐྱར་སྒོའི་ཕྱི་རོལ་དུ་བཀག
འོན་ཀྱང་། སྒོའི་ཕྱི་རོལ་དུ་ས་སྲོས་ཀྱིས་མི་རྣམས་ཀྱིས་ཡིད་འཇོག་བྱེད་མིན་ལ་དོ་སྣང་མི་བྱེད་པར། ཁེར་རྐྱང་དང་ཁུ་སིམ་ངང་ཁོ་ཚོའི་ཆེད་དུ་ཆོ་འཕྲུལ་གྱིས་ཕྱུག་ཅིང་སྙན་ངག་དང་བྱིས་སྒྲུང་ལྟ་བུའི་འཇིག་རྟེན་ཞིག་བསྐྲུན་པར་བྱེད་ལ། དེ་ནི་ཕྱིར་མེ་ལོང་དུ་ཤར་བའི་གྲིབ་གཟུགས་ཤིག་དང་འདྲ་བར་རབ་རིབ་དང་མག་མོག་ཏུ་སྣང་ཞིང་། བྱ་དངོས་ཡོད་རྒུ་ལ་ཐལ་མདོག་གི་རྨི་ལམ་གྱི་ཁ་དོག་ཅིག་བྱུགས་ཡོང་། འོ་མའི་མདངས་དང་ལྡན་པའི་མཁའ་རླུང་ནི་འབྲི་འོ་བཞིན་དཀག་པ་ལྟར་སྣང་ལ། ཡང་སོབ་སོབ་དང་ལྗན་ལྗིན། རྫབ་རྫུབ་ཀྱིས་བཞུར་གྱིན་པ་དང་ཡང་མཚུངས། དེ་ཡིས་ལྷིང་འཇགས་ཁྱེར་ནས་ཐོན་བྱུང་། ཁྱེད་ཀྱིས་ཉོན་དང་། ཡོད་ཚད་འཇམ་ཅག་གེར་གནས་པ་ནི་ཁ་བ་ཆེན་པོ་འབབ་བཞིན་པའི་མཚན་གུང་ཞིག་དང་ཇི་འདྲའི་མཚུངས་ཨང་། འདི་ནི་སྐྱི་གཡའ་བའི་ལྷིང་འཇགས་ཁྱོན་ནས་མ་ཡིན་མོད། ད་ལྟ་ལས་ཅུང་ཟད་ཁུ་སིམ་དུ་གྱུར་ན་དུར་ས་ལྟ་བུའི་འཇམ་ཅག་གི་གནས་སུ་མི་འགྱུར་གྲང་སྙམ། དེ་བས་མང་མེད་ལ་ཉུང་ཡང་མེད་པའི་ལྷོད་བག་གི་མཛེས་ཉམས་དོད་པའི་ལྷིང་འཇགས་འདི་སོབ་སོབ་དང་ལྗན་ལྗིན། རྫབ་རྫུབ་ཀྱིས་མི་རྣམས་ཀྱི་སེམས་ངོས་སུ་བབས་འདུག སྐྱ་མདོག་གི་མཁའ་དབྱིངས་ནི་ཡོལ་བ་སྲབ་མོ་ཞིག་དང་འདྲ་ཞིང་། ལྗོན་ཤིང་དང་ཁང་པ། དུ་ཞག སྤྲིན་དཀར་གྱི་འདབ་མ་སོགས་ནི་ཡོལ་བ་འདིའི་སྟེང་དུ་སྦྱར་བའི་གཟུགས་རིས་རེ་རེ་དང་གཉིས་སུ་མ་མཆིས། ད་དུང་ག་ས་གང་དུ་མཚམས་སྤྲིན་གྱི་མཚར་སྡུག་དང་སྐར་ཕྲན་གྱི་གཉོམ་འོད་ཀྱིས་རྣམ་པར་བརྒྱན་འདུག ས་སྲོས་ནི་སྙན་ངག་ཅིག་གམ། དམངས་གཞས་ཤིག ཡང་ན་བྱིས་སྒྲུང་ཞིག་དང་མཚུངས། དེ་མིན་ཟླ་འོད་ངོགས་ཀྱི་ཁང་བཟང་ནས་མཆེད་ཡོང་བའི་རྐང་གླིང་ཞིག་གམ། བར་སྣང་དུ་ལྷང་ལྷང་གྲགས་པའི་ཁྲུང་ཁྲུང་གི་གསུང་སྐད་ཅིག བགྲང་བྱ་དུ་མར་བསྙལ་བའི་ལོ་ཆང་ཁམ་པ་ཞིག མདོར་ན་སྨྲ་བསམ་བརྗོད་འདས་ཀྱི་མཛེས་པ་མཐའ་དག་དང་འདྲའོ། བརྗོད་ལས་འདས་པས་མིག་གིས་ལྟ་བ་ལས་ཐབས་མེད་ལ། བལྟས་པས་ཀྱང་མགུ་མི་གང་བས་ཡིད་ཀྱིས་བསྒོམས། ཡིད་ཀྱིས་ཀྱང་བསྒོམ་མི་ཐུབ་པ་དག་ལ་བསྔགས་པ་ལས་འོས་མེད་དོ། ཡིན་ཡང་། མཐར་མི་རྣམས་ཀྱིས་འདི་ཡོད་ཚད་སྒོའི་ཕྱི་རུ་བཀག་འདུག་ཨང་།
བདག་གིས་མི་རྣམས་ཀྱིས་ས་སྲོས་སྒོའི་ཕྱི་རོལ་དུ་བཀག་འདུག་ཟེར་དུས་གཟབ་གཟབ་བྱེད་དགོས་ཏེ། མི་རྣམས་ཟེར་བ་ནི་མི་ཐམས་ཅད་ལ་ཟེར་བ་མ་ཡིན་ལ་མི་ཐམས་ཅད་ཡིན་ཡང་མི་སྲིད། ང་རང་བྱིས་པ་ཡིན་དུས་རྒྱུན་པར་སྒོ་ར་རུ་བསྡད་དེ་ས་སྲོས་ལ་བསྒུགས་པ་ཡིན། ངས་འདི་ལྟར་ལབ་པ་ནི་ང་རང་གཞན་ལས་མཆོག་ཟེར་བ་རྩ་བ་ནས་མ་ཡིན་པར། ངའི་ནང་དོན་ནི་མི་གཞན་གྱིས་འདི་ལྟར་མི་སྒྲུབ་པའམ་སྒྲུབ་འདོད་མི་འདུག་ཟེར་བ་ཡིན་ལ། ང(མི་གཞན་ཡང་ཡོད་ཤག་ཤག་རེད།)རང་སྟབས་ལེགས་ནས་རྒྱུན་པར་ས་སྲོས་ལ་བསྒུག་རྒྱུར་དགའ། དབྱར་དུས་སུ། ང་རང་རྒྱུན་པར་རྐུབ་སྟེགས་ཆུང་ཆུང་ཞིག་ཏུ་བསྡད་དེ་ཁང་པའི་གྲུ་ཟུར་ལ་གྲིབ་མ་གོན་པ་དང་ཕྱོགས་བཞིའི་གྱང་དཀར་གྱི་ལྡེབས་སུ་སྲོད་གྲིབ་ཀྱིས་གཡོགས་པར་བལྟས་པ་ཡིན། སྲོད་གྲིབ་ཀྱི་ཁྲོད་དུ་མེ་ཏོག་ཡེ་ལའེ་ཞིང་གི་དྲི་བསུང་ངའི་སེམས་ཀྱི་ཟབ་སར་ཡང་ཡང་སིམ་མྱོང། མཁའ་དབྱིངས་སུ་ཕ་ཝང་གིས་འཕུར་ལྡིང་བྱེད་ཅིང་། ཁང་པའི་བྱ་འདབ་འོག་གི་སྡོམ་རྒྱ་ལས་སྐྱ་མདོག་གི་མཁའ་དབྱིངས་མངོན་འདུག་ལ། མག་མོག་ཁྲོད་སྡོམ་རྒྱའི་ཐིག་སྐུད་དང་དེའི་སྟེང་དུ་འབྱར་བའི་དུག་སྦྲང་དང་སྦྲང་ནག་གི་བེམ་པོ་རེ་རེ་བཞིན་བརྩི་ཐུབ། སྣང་ཡན་དུ་སྡོད་སྐབས་གློ་བུར་མགོ་བོ་བཀྱགས་ནས་བལྟས་ཚེ། སྐྱ་ཐིང་ངེའི་མཁའ་དབྱིངས་སུ་སྐར་ཚོགས་ཀྱི་མིག་ཟུང་ཆེམ་ཆེམ་བྱེད། དགུན་དུས་སྒོ་རའི་ནང་ཁ་བ་མཐུག་པོས་གཡོགས་ཤིང་ང་རང་ཁང་པའི་ནང་བསྒོངས་ནས་བསྡད་པ་ཡིན། སྒེའུ་ཁུང་གི་ཤོག་དཀར་རིམ་གྱིས་སྐྱ་མདོག་ཏུ་འགྱུར་པ་དང་། ཐབ་ཀའི་ནང་ཉིན་མོར་མཐོང་མི་ཐུབ་པའི་མེ་ལྕེ་རིམ་གྱིས་ཇེ་དམར་དང་ཇེ་གསལ་དུ་འགྱུར་བ་མཐོང་དུས། ངས་ཀྱང་དེ་ནི་ས་སྲོས་ཡིན་པ་རྟོགས། དེ་དུས་ཕྱི་སྒོའི་ཧྲག་བར་ནས་ཕྱི་ཕྱོགས་སུ་བལྟས་ན་ཐལ་མདོག་གི་ནམ་མཁའ་དང་ཁ་བས་མནན་པའི་ཐལ་མདོག་གི་ཁང་ཀླད་དག་མཐོང་ཐུབ། ཟོར་བའི་དབྱིབས་ཀྱི་ཚེས་རིས་ནམ་མཁའི་ངོས་སུ་ཁེར་ཧྲེང་དུ་གནས་མོད། དེ་ཡིས་ས་སྲོས་ཀྱི་མཛེས་པ་འགོག་ག་ལ་ཐུབ། སྐབས་འདིར། རྒྱུན་པར་སྒོ་རའི་ནང་དུ་ས་སྲོས་ལ་སྒུག་པའི་མི་དག་ཀྱང་ཁང་པའི་ནང་འཛུལ་འགྲོ་བས། འཁྱག་ཤུར་ཤུར་གྱི་ཕྱི་རོལ་དུ་སྐྱ་ཐིང་ཐིང་གི་ཁ་བའི་ཡུལ་ལྗོངས་ལས་ས་སྲོས་ལ་སྡོངས་གྲོགས་མི་འདུག འདི་ལྟ་བུའི་ཆོ་འཕྲུལ་དང་རབ་རིབ་ཀྱི་འཇིག་རྟེན་ནི་སུ་ཞིག་གི་ཆེད་དུ་བསྐྲུན་པ་ཡིན་ནམ། ས་སྲོས་ལ་ཁེར་རྐྱང་གི་ཚོར་བ་ཡོད་སྲིད་དམ།
ས་སྲོས་མུ་མཐུད་དུ་འགྲོ་དགོས་པས་ཁེར་རྐྱང་གི་ཚོར་བས་ཡུན་རིང་གདུང་མི་སྲིད། ལི་ཧྲང་དབྱིན་གྱི་སྙན་ངག་ཏུ“ལ་ཁའི་ཉི་མ་སྙིང་དུ་སྡུག །སྲོས་ལ་ཉེ་བས་ཡིད་སེམས་ཕངས། །”ཞེས་སྙན་ངག་པས་ས་སྲོས་ཡུན་རིང་མི་གནས་པའི་ཡིད་ཀྱི་ཕངས་བ་བརྗོད་པ་མ་ཡིན་ནམ། ས་སྲོས་དངོས་ནས་ཡུན་རིང་ལ་གནས་མི་སྲིད་པར་སྐད་ཅིག་ཉིད་ལ་རྨི་ལམ་ཞིག་དང་འདྲ་བར་མི་རྣམས་ཀྱི་སེམས་ངོར་འཁྱུག་ཙམ་བྱས་རྗེས། སྨག་ནག་གི་མཚན་མོ་ཞིག་བཞག་སྟེ་རང་ཉིད་ཀྱི་ཁེར་རྐྱང་ཁུར་ནས་བཞུད་སོང་།
བཞུད་སོང་། དངོས་ནས་བཞུད་སོང་། ད་ལྟ་ཡང་བསྐྱར་ང་ལ་ས་སྲོས་གང་དུ་བཞུད་པ་རེད་ཅེས་འདྲི་རུ་བཅུག་ན། དེ་ནི་ངས་ས་སྲོས་གང་ནས་ཡོང་བ་མི་ཤེས་པ་ཇི་བཞིན་ལན་འདེབས་ཁག་སོང་། བདག་གིས་ས་སྲོས་ཀྱི་མཇུག་མ་ནས་བཟུང་སྟེ་གཏིང་འདྲི་བྱེད་ག་ལ་ཐུབ། འོན་ཀྱང་། ཁོག་འདང་ཞིག་བརྒྱབ་ན། བྱང་ཕྱོགས་ནས་ཡོང་བ་ཡིན་ན་ཕལ་ཆེར་ལྷོ་ཕྱོགས་སུ་སོང་བ་ཡིན་ངེས། སུ་ཞིག་གིས་ལྷོ་ཕྱོགས་སུ་སོང་བ་མིན་ཞེས་ལབ་ཐུབ་བམ། ངས་ས་སྲོས་ཇི་ལྟར་སོང་བ་མཐོང་སོང་སྟེ། ལྷོའི་མཁར་གྱང་དང་། ལྷོ་ཕྱོགས་ཀྱི་རི་བོ་དང་ལྗོན་པའི་ཚོགས་བརྒལ་ཞིང་། མཛེས་སྡུག་གི་ལྷོའི་རྒྱལ་ཁམས་བརྒྱུད་ནས་མཐའ་ཡས་པའི་ཧྥེ་གླིང་དུ་ཆས་སོང་། ཧྥེ་གླིང་དུ་དཀན་གཟར་གྱི་རི་རྒྱུད་ཡོད་ལ། རི་རྒྱུད་ཀྱི་ཁོངས་སུ་རྫུབས་མཐུག་པའི་བསྐལ་བ་སྟོང་གི་ནགས་ཚལ་གནས། མུ་མཐུད་དུ་འཆར་ཡན་གྱི་གཤོག་པ་བརྐྱངས་ན་ནགས་གསེབ་ཏུ་དམར་ཡག་སྟག་ཡོད་ངེས། ས་སྲོས་སླེབས་པ་ན་རྒྱ་སྟག་དེའི་ཉིན་དཀར་གསལ་ལ་མི་གསལ་བའི་ལྗང་སྐྱའི་མིག་ཟུང་ལ་འོད་མདངས་རྒྱས་པ་ནི་གློག་སྒྲོན་གཉིས་དང་འདྲ་བོ་འདུག་གམ། ནགས་ཚལ་དུ་ད་དུང་མིའི་གཟུགས་ཚད་ལས་བརྒལ་བའི་སྐྱེ་སྟོབས་ཀྱི་དཔལ་གྱིས་ཕྱུག་པའི་རྩྭ་ལྡུམ་ཡོད་ངེས། རྩྭ་གསེབ་ཏུ་སེང་གེ་དང་དུག་སྦྲང་ཆེན་པོ། སྡོམ་ཆེན་པོ། ད་དུང་རྒྱུན་ལྡན་གྱི་ཕ་ཝང་ལས་ཆེ་བའི་ཕ་ཝང་ཡོད། ཉི་ནུབ་ཀྱི་འོད་ཟེར་སྡོང་ལོའི་སྲབ་ས་ནས་ཡལ་གའི་སྟེང་གི་སྡོམ་རྒྱ་བརྟོལ་ཏེ་གསེར་མདོག་གི་འོད་ཞགས་རེ་རེས་ལྗོན་གསེབ་ལ་དམར་སྨུག་གི་འོད་སྣང་བསྐྲུན་ཞིང་། རྩྭ་གསེབ་ནས་ལྡང་ཡོང་བའི་དུག་སྦྲུལ་གྱི་ཁ་རླངས་དང་ལྷན་དུ་ཁ་དོག་རྣམ་པར་བཀྲ་བའི་སྨུག་སྤྲིན་ཞིག་ཏུ་གྱུར། ད་དུང་སྲིན་འབུ་མེ་ཁྱེར་གྱི་འོད་མདངས་ཆེམ་ཆེམ་གྱིས་མཆེད་འོས་ལ། ཕྲ་ཚོམ་མེ་ཏོག་ཀྱང་ཡོད་ངེས། འོན་ཀྱང་མེ་ཏོག་ཡེ་ལའེ་ཞིང་དང་བན་ཞིང་ཡུའུ་ཡིན་མི་སྲིད་པ་འདྲ། དེས་ན་ཅི་ཞིག་ཡིན་ནམ་ཟེར་ན། དེ་དག་ཡོད་ཚད་ནི་དུག་གིས་བརླན་པའི་འཚེ་བའི་མེ་ཏོག་ཡིན་ངེས། དུག་རླངས་ཀྱི་ཁྲོད་དུ་འཚེ་བའི་མེ་ཏོག་རྐྱང་རྐྱང་སྐྱེས་སྲིད་པ་མ་ཡིན་ནམ། མེ་ཏོག་འདིའི་དྲི་བསུང་དམར་སྨུག་གི་མཁའ་རླུང་དང་རྣམ་པར་བཀྲ་བའི་སྨུག་སྤྲིན་གྱི་ཁྲོད་དུ་འཐིམ་ཞིང། ཡོད་ཚད་མཉམ་དུ་འདྲེས་ནས་དྲོད་ལམ་ལམ་གྱི་ཚ་རླངས་ཤིག་ཏུ་གྱུར། ཡིན་ཡང་། ཡུན་རིང་མ་འགོར་བར་ཚ་རླངས་དེ་རབ་རིབ་ཀྱི་མུན་པས་ཁྱུར་མུད་བཏང་བྱུང་བས། ད་ལྟ་རིམ་གྱིས་ཇེ་གསལ་དུ་འགྲོ་བཞིན་པའི་སྲིན་འབུ་མེ་ཁྱེར་གྱི་འོད་སྣང་ལས་ཅི་ཡང་ལྷག་མི་འདུག རྒྱ་སྟག་གི་མིག་གཉིས་སྔར་ལས་གློག་སྒྲོན་གཉིས་དང་འདྲ་བར་ལྷིང་འཇགས་ཀྱི་ཁྲོད་དུ་སྐྱ་ཐིང་ཐིང་གི་མཁའ་དབྱིངས་ནས་ཤར་བའི་སྐར་ཚོགས་ལ་ཅེར་འདུག
ཡིན་ཡང་། གནས་འདི་ནས་ས་སྲོས་མུ་མཐུད་དུ་འགྲོ་ངེས། ད་ནི་ཁ་ཕྱོགས་གང་ལ་འགྲོའམ། འདི་ནི་སུས་ཀྱང་ལན་འདེབས་ཐུབ་པ་ཞིག་མ་རེད། དཀར་གཙང་སླད་མེད་ཀྱི་ཟླ་བའི་འོད་སྣང་དང་འགྲོགས་ནས་རབ་རིབ་ཀྱི་མཁའ་དབྱིངས་སུ་འཛེགས་པ་ཡིན་ནམ། མིག་འབྲས་ཆེམ་ཆེམ་རྡེབ་ཀྱིན་པའི་རྒྱུ་སྐར་དང་བསྡོངས་ནས་དགུ་ཚིགས་ཀྱི་བང་རིམ་བརྒལ་བ་ཡིན་ནམ། ཕ་ཝང་གི་གཤོག་ཟུང་ལ་འབྱར་ནས་ཁང་པའི་བྱ་འདབ་འོག་འཛུལ་བ་ཡིན་ནམ། ཡང་ན་ནུབ་ཕྱོགས་བདེ་བ་ཅན་གྱི་མཚལ་ཁ་དང་ལྷན་དུ་རྒྱང་རིང་གི་རི་བོའི་ཕག་ཏུ་ཡིབ་པ་ཡིན་ནམ། འདི་ཡང་སུ་ཞིག་གིས་གསལ་པོར་ཤེས་ཐུབ་བམ། ང་ཚོས་ཤེས་པ་ནི་ས་སྲོས་ཀྱིས་རང་གི་ཁེར་རྐྱང་དང་མཛེས་སྡུག་ཁུར་ནས་བསིལ་རླུང་ཞིག་གམ། དཔྱིད་ཀྱི་མཚན་མོའི་རྨི་ལམ་ཞིག་དང་འདྲ་བར་བཞུད་སོང་བ་དེ་རེད།
བཞུད་སོང་། ད་ལྟ། ད་ལྟ་ང་ལ་ཡང་འདྲི་རྒྱུ་ཅི་ཞིག་ཡོད་དམ། སང་ཉིན་ལ་བསྒུག་དགོས་སམ། སང་ཉིན་གྱི་རྗེས་ལ་སང་ཉིན། དེའི་རྗེས་ལ་ད་དུང་སང་ཉིན་རེད། མི་རྣམས་ཀྱིས་རྒྱང་རིང་དུ་འཐིབས་པའི་དཀར་ལམ་ལམ་གྱི་དུ་ཞག་དང་། ལྗོན་ཤིང་གི་རྩེ་མོར་བྱུགས་པའི་སེར་ལམ་ལམ་གྱི་འོད་ཟེར། ད་དུང་ནག་རོག་རོག་གི་ཁ་ཏྭའི་ཁྱུ་ཚོགས་རེ་རེ་དགོང་ཁའི་ཉི་འོད་ཀྱི་ཀློང་ནས་ཕྱིར་ལོག་ཡོང་བ་མཐོང་སྐབས། ཁོ་ཚོའི་ནང་སེམས་ཅི་ཞིག་གིས་ལྗིད་ཏིག་ཏིག་ཏུ་གཏོང་བར་འདྲ་ཞིང་། ཁོ་ཚོས་རྨི་ལམ་ལ་རེ་སྙེག་བྱེད་བཞིན་སྒོ་མོ་གཏན། སྒོའི་ཕྱི་རོལ་དུ་བཀག་པ་ནི་སྔར་བཞིན་ས་སྲོས་ཡིན་ལ། ཁོ་ཚོས་ཡང་བསྐྱར་མགོ་བོ་བཀྱགས་ནས་ས་སྲོས་འཚོལ་སྐབས། ས་སྲོས་སྔ་མོ་ནས་བཞུད་ཚར། བྱང་འཁྱགས་རོམ་རྒྱ་མཚོ་ནས་མགྱོགས་མྱུར་གྱིས་ཆས་ཡོང་སྟེ། ཧྥེ་གླིང་གི་ནགས་ཚལ་གྱི་ཕྱོགས་སུ་སྐད་ཅིག་གིས་བཞུད་སོང་། དེ་ནས་གང་ལ་འགྲོའམ། སུས་ཀྱང་རྟོགས་མི་སྲིད། ཡིན་ཡང་མཚན་མོ་གཞི་ནས་སླེབས་བྱུང་། མུ་མཐའ་མེད་པའི་སྨག་ནག་གི་མཚན་མོ། སྐར་ཚོམ་དང་ཟླ་འོད་ཆེམ་ཆེམ་བྱེད་པའི་མཚན་མོ། བསུང་ཞིམ་ལྷོད་ལྷོད་ལྡང་བའི་མཚན་མོ། མཚན་མོ་ནི་རིང་ལ་རྫོགས་མཐའ་མི་འདུག་མོད། ས་སྲོས་ནི་ནམ་ཡང་མི་རྣམས་ཀྱི་སེམས་ངོར་གནས་མི་སྲིད་པར་འཁྱུག་ཙམ་གྱིས་དཔྱིད་ཀྱི་མཚན་མོའི་རྨི་ལམ་ཞིག་དང་འདྲ་བར་ཆས་འགྲོ།
འདི་འདྲ་ཞིག་ཡིན་ནམ།
བྱ་དགའ་ཨང་གཉིས་པ་ཐོབ་མཁན་གྱི་ངོ་སྤྲོད།
བརྩམས་ཆོས་གཉིས་པ།
ས་སྲོས།
ཅི་ཞན་ལིན་གྱིས་བརྩམས།
མགར་ཚེ་དོན་གྱིས་བསྒྱུར།

ཚེ་རིང་དོན་གྲུབ། 1995ལོར་མཚོ་ལྷོ་འབའ་རྫོང་མགར་རྩེ་ཚོ་བར་སྐྱེས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པ། རིག་གཞུང་དུས་དེབ་དང་ཚགས་པར་སོགས་སུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ་དང་རྩོམ་རིག་བརྩམས་ཆོས་ཁ་ཤས་སྤེལ་མྱོང་། རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་ལྔ་པའི་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ།
བྱ་དགའི་དཔང་ཡིག་དང་རྟགས་མ།
འབྲེལ་ཡོད་འོས་སྦྱོར།