འགྱུར་རྩོམ། ལྕགས་ལམ་རྙིང་བ་དེ་བརྒྱུད་ནས་ཕྱིར་ཕ་ཡུལ་དུ་ལོག་པ།
རྩོམ་པ་པོ།:ཀླུ་མོས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-04-07
ཀློག་གྲངས།:
(ནང་སོག་གི་བུ་མོ་ཆུང་ཆུང་ཞིག་གིས་བྲིས་པའི་རྩོམ་ཡིག)
མེ་འཁོར་བྱང་ནས་བྱང་དུ་བསྐྱོད། སྒེའུ་ཁུང་ཕྱི་རོལ་གྱི་ལྗོངས་རྣམ་དག་ལྷོ་ཕྱོགས་ཀྱི་འཇམ་ཐིང་བ་ནས་རིམ་བཞིན་དུ་བྱང་ཕྱོགས་ཀྱི་ཁོད་ཡངས་པར་གྱུར། ཡོད་ཚད་འདི་ལྟར་མཛེས་སྡུག་ལྡན་པར་འདུག དེ་ལས་གཞན་འཁོར་སྒྲོམ་ནང་གི་འུར་ཟིང་གི་ལབ་གླེང་བྱེད་པ་དག་ཀྱང་ཕན་ཚུན་ལ་བརྩེ་བའི་ཕྱུག་ནས་ཡོད།
ཕྱི་ཉིན་ནམ་མ་གསལ་གོང་དུ། ངས་རང་ཉིད་ཀྱི་ཐོད་པ་རླངས་པ་ཆགས་ཡོད་པའི་སྒེའུ་ཁུང་ལ་གཏུག་ནས་རྒྱང་རིང་ལ་ཅེར་ཏེ། སྐྱ་རེངས་འགྱོག་པར་སྒུག ཧ་ལམ་ཉིན་དེའི་ཉི་ཤར་ནི་ངེད་ཅག་ཕྱིར་ལོག་པར་བསུ་བ་བྱེད་པའི་ཆེད་དུ་དལ་མོར་ཤར་བ་ཇི་བཞིན།
རྗེས་སུ་སློབ་ཆུང་འགྲིམ་འགོ་བརྩམས་པ་དང་། དེར་བསྟུན་ནས་ཕྱིར་ཕ་ཡུལ་དུ་ལོག་པའི་གྲངས་ཀ་ཡང་ཇེ་ཉུང་དུ་གྱུར། སྔོན་གྱི་ཤར་གཏོང་བྱེད་བཞིན་ཡོད་པའི་མེ་འཁོར་དེ་ཡང་གཏོང་འཚམ་བཞག་འདུག བཙའ་ཡིས་ཟིན་པའི་ལྕགས་ལམ་དེ་དྲན་པའི་ཁྲོད་ན་ཟོལ་ཐིག་ཇི་བཞིན་གནས། ཕ་ཡུལ་གྱི་རང་མདངས་དེ་ཡང་འདྲ་པར་རྙིང་བ་ཞིག་ལས་མངོན་པའི་མག་མོག་ཅིག་ཏུ་གྱུར། དེ་ལྟར་ན་ནིང་སྤོ་བོ་ཚེ་ལས་འདས་པ་ནས་བཟུང་། ཕྱིར་ཕ་ཡུལ་དུ་ལོག་པའི་གྲངས་ཚད་སྔར་ལས་ཡར་འཕགས་པར་གྱུར། ཡིན་ཡང་། དེང་སྐབས་ཕྱིར་ལོག་པའི་ལམ་བུ་དེ་སྔར་ནས་བྱིས་དུས་ལྟར་ལྷོད་ཡངས་སྐྱིད་པོ་ཞིག་མིན་པར། དེ་ལས་ལྷག་པའི་ཡུན་རིང་ལ་གཟོད་དཀའ་བའི་བཞུད་ལམ་ཞིགའང་། ནམ་མ་གསལ་གོང་ཏུ། གནམ་གྲུའི་འབབ་ཐང་ལ་རྒྱུགས་འགོ་བརྩོམ་པ་དང་། དེ་རུ་སེམས་འཚབ་བཞིན་སྒུག་ནས་བསྡད། དངོས་སྐྱེལ་འགྲོ་ལུགས་སྒྲུབ་བཞིན་པའི་བྱ་བ་ཞིག་ཡང་གསར་དུ་ཁ་བསྣོན་བྱས་འདུག གནམ་གྲུའི་ནང་གི་གུ་དོག་པའི་ཁོར་ཡུག་དང་ཕྱི་རོལ་མཁའ་དབུགས་ཀྱི་འདར་འགུལ་བསྣན་པས། ཕྱོགས་ཡོངས་མི་བདེ་བའི་ཚོར་བ་ཞིག་སྦྱིན་ཡོང་།
གནམ་གྲུའི་འབབ་ཐང་ལས་ཕར་འགྲོ་ཚུར་ཡོང་གི་རྣམ་པ་དེ་མགོ་འཁོར་སླ་བའི་ཕོ་བྲང་དུ་སྐོར་རྒྱག་བྱེད་བཞིན་པ་ལྟར་དུ་མངོན། དེའི་རྗེས་སུ་ད་དུང་དུས་ཚོད་འགའི་ལམ་ཐག་བརྒྱུད་དགོས། ཕ་ཡུལ་དུ་སླེབས་པ་ན་མུན་སྔ་མོ་ནས་རུབ་སྟེ་ནག་དུབ་བེ་འདུག ལམ་ཐག་རིང་བོ་བརྒྱུད་ཞོར་དུ་དམིགས་མེད་ངང་སྒེའུ་ཁུང་ཕྱི་རོལ་གྱི་ཡུལ་ལྗོངས་རོལ་མྱོང་བྱས་མོད། གནམ་གྲུའི་སྒེའུ་ཁུང་གྱི་ཕྱི་རོལ་དུ་རྔམ་སྟུག་པའི་སྤྲིན་གྱི་རྒྱ་མཚོ་ལས་ཅི་ཡང་མཐོང་རྒྱུ་མི་འདུག
ད་ལོར། སྔ་མོ་ནས་ཤར་གཏོང་བྱེད་མཚམས་བཞག་པའི་མེ་འཁོར་དེ་ཡང་བསྐྱར་གཏོང་མགོ་བརྩམས་བྱུང་བ་ཐོས་པས། སེམས་ཁུངས་སུ་བརྗོད་ཀྱི་མི་ལང་བའི་དགའ་སྤྲོ་ཚད་མེད་ཅིག་སྐྱེས་བྱུང་། ཟླ་བ་གཅིག་གི་ཡར་སྔོན་དུ། ང་རང་ཡང་བསྐྱར་ཡིད་ཀྱི་དིང་བ་འདྲེན་པའི་མེ་འཁོར་དེ་རུ་བསྡད་དེ་སོང་། མུན་རིམ་བཞིན་རུབ་པ་དང་བསྟུན་ཏེ། མེ་འཁོར་དལ་གྱིས་བསྐྱོད་མགོ་བརྩམས། འཁོར་སྒྲོམ་དུ་ཤ་ཚ་ལ་སྙིང་ཉེ་བ། གསལ་ཆ་ཡོད་པའི་ཡུལ་སྐད་ཅིག་འཁོར་ལོ་དང་ལྕགས་ལམ་གྱི་གཙུབ་བརྡར་དང་མཉམ་བསྲེས་སྒོའི་ཕྱིར་དྲན་གྱི་གླུ་གཞས་སྙན་མོ་ཞིག་ཏུ་གྱུར།
མལ་ཁྲིའི་འདུག་སྟེགས་སུ་ཉལ་ནས་འདུག་སྐབས། མེ་འཁོར་ཡང་མོར་སྐྱོམས་གྱིན་པ་ཚོར་ཐུབ། དེ་ནི་ས་གཞིའི་མ་ཡུམ་གྱི་འཇམ་མཉེན་གྱི་པང་དུ་ཡོད་པ་ཇི་བཞིན། ཡིན་ཡང་། འཁོར་སྒྲོམ་ནང་གི་མི་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས། ཡར་སྔོན་ལྟར་ཁོད་ཡངས་པའི་ཚོར་བ་དེ་མེད་པ་འདྲ། བཤད་ན་ཡང་སྟབས་འགྲིག་སྟེ། ངེད་ཅག་གི་མལ་ཁྲའི་འོག་མ་དེ་རུ་རྒན་རྒོན་གཉིས་ཀྱིས་རང་གི་ཚ་བོ་ཁྲིད་དེ་འགྲོ་བཞིན་པ་དེ་ཡང་ང་ཚོ་འགྲོ་བའི་ལམ་ཐུག་དང་ཆ་ཡོངས་སུ་མཐུན། གུ་དོག་པའི་མལ་ཁྲིའི་སྟེང་དུ་ཨ་མྱེས་དང་ཚ་བོ་གཉིས་འཚང་ནས་ཡོད་པ་ཤེས་ཐུབ། ཚ་བོ་ལྷོད་ཡངས་སྒོའི་འདུག་ཐུབ་པའི་ཆེད་དུ་ཨ་མྱེས་ཁོང་མལ་ཁྲིའི་གྲུ་ཟུར་ཅིག་ཏུ་བཀུམ་ནས་བསྡད་འདུག འཁོར་སྒྲོམ་གྱི་གློག་གཟིམ་པ་དང་མཉམ་དུ། བྱིས་པ་དེས་རྒྱུན་པར་སྒོའུ་ཡོལ་ཀྱི་གྲུ་གཅིག་ཁ་རོག་གེར་བཀྱག་ནས། དེའི་སྲུབ་ཁ་བརྒྱུད་དེ་ཡ་མཚར་བའི་ངང་ཕྱི་རོལ་དུ་མགྱོགས་མྱུར་ངང་འདས་གྱིན་པའི་ཡུལ་ལྗོངས་ལ་བལྟས་ནས་ཡོད།
ཞབས་ཞུ་མི་སྣས་འདྲུད་སྒམ་འདེད་ཞོར་ཚོང་རྗས་སྣ་ཚོགས་ཉོ་བར་སྐུལ་མ་གཏོང་བཞིན་ཡོད། གཞོན་པ་མང་ཆེ་བའི་དེ་ལ་དོ་སྣང་ཅི་ཡང་མི་བྱེད་པར་བསྡད་འདུག དེ་བས་ཁོ་ཚོས་དམིགས་འབེན་དེ་ལོ་ན་མཐོ་བའི་རྒན་པ་ཚོར་བསྒྱུར། ཡིན་ཡང་འགྲེམ་འཚོང་མཁན་གྱི་སྨྲ་བརྗོད་ཅི་འདྲའི་ཁྱད་མཚར་བ་མ་ཟད་བསླུ་བྲིད་གྱིས་ཕྱུག་ནས་ཡོད་ན་ཡང་། ཨ་མྱེས་དེ་ལ་གཡོ་འགུལ་ཅི་ཡང་ཐེབས་གྱིན་མེད། དེའི་མུར། འགྲེམ་འཚོང་བྱེད་མཁན་དེས་བྱིས་པ་འདི་ཟ་རྒྱུར་དགའ་བོ་ཡོད་ཅེས་པའི་ཚིག་དེ་བཤད་པ་ཐོས་མ་ཐག་ཏུ། ཁོས་ཐེ་ཚོམ་ཅི་ཡང་མེད་པའི་སྒོ་ནས་སྒོར་མོ་བྱིན་ཏེ་ཉོས། ཅི་ཡིན་འདི་ཡིན་མ་ཤེས་པའི་ཉོ་ཚོང་དེ་འདི་ལྟར་རང་འདོད་རང་འཐད་ལྟར་འགྲུབ་སོང་། ཚུལ་དེ་མཐོང་བས། བྱིས་དུས་སུ་མེ་འཁོར་ལ་བསྡད་པའི་དྲན་པ་དེ་ཡང་བསྐྱར་སེམས་ངོགས་སུ་ཤར་ཡོང་།
དེ་དུས་ཀྱི་སྤོ་བོ་སྨོ་མོ་གཉིས་ཀྱིས་ཀྱང་ངའི་ཆེད་དུ་ཚོང་རྫས་འགྲེམ་འཚོང་བྱེད་པ་དེ་འདྲ་ཉོས་ཡོད་དམ། ཁོང་གཉིས་ཀྱིས་ཀྱང་ང་རང་གཉིད་སྐྱིད་པོ་ཞིག་ཡོང་བའི་ཆེད་དུ་རང་ཉིད་མལ་ཁྲིའི་གྲུ་ཟུར་ཏུ་བཀུམ་ནས་བསྡད་མྱོང་ངམ། དེ་དུས་ཀྱི་ང་ཡང་ད་ལྟའི་བྱིས་པ་དེ་དང་འདྲ་བར་ཁ་རོག་གེར་སྒེའུ་ཡོལ་བཀྱག་ཏེ་བར་མ་ཆད་པར་བརྗེ་རེ་བྱེད་བཞིན་པའི་ཡུལ་ལྗོངས་ལ་རོལ་མྱོང་བྱ་མྱོང་ངམ།
ལོ་ཟླས་ཕྱིར་དྲན་གྱི་ཞིབ་ཕྲ་དག་མག་མོག་ཏུ་བཏང་ཟིན། ངས་ཡིད་ཚོད་ཀྱིས་དེ་ཚོ་རེ་རེ་བཞིན་གུང་བསྒྲིགས་པ་ཡིན། ད་ནི་མེ་འཁོར་དངོས་ནས་ཕ་ཡུལ་ལ་སླེབས་སོང་། སྨོ་མོ་མཐོང་བའི་སྐད་ཅིག་མ་དེ་ལ། སེམས་སུ་སྔོན་ནས་གསོག་ཉེར་བྱས་ཡོད་པའི་དྲན་གདུང་དེ་ཆུ་བོ་རྒྱས་ནས་ཆུ་རག་ཤོར་བ་ཇི་བཞིན་དུ་མིག་གུང་གཉིས་ལས་ཕྱིར་རུ་ཐོན་སོང་།
ལྕགས་ལམ་རྙིང་བ་དེ་བརྒྱུད་ནས་ཕྱིར་ཕ་ཡུལ་དུ་ལོག་པ།
གྲང་ཞོ་རན་གྱིས་བརྩམས།
ཀླུ་མོས་བསྒྱུར།
སྤོ་བོ་དང་སྨོ་མོ་གཉིས་ཀྱིས་ངའི་ལག་པ་ནས་འཇུས་ཏེ་མདོག་ལྗང་ཁུ་ཅན་གྱི་མེ་འཁོར་དེའི་བསྐྱོད་ཐེངས་ཅིག་ལ་བསྡད། ཧང་ཀྲོའུ་ནས་ལམ་ལ་ཆས་ཏེ་དུས་ཚོད་ཉེར་ལྔའི་སྐྱོམ་འགུལ་ཀྱི་ཁྲོད་ནས་ཐད་གར་ནང་སོག་གོ་ལན་ཚ་པོ་རུ་སླེབས། འདི་ནི་ང་རང་བྱིས་དུས་སུ་ཕྱིར་རང་ཡུལ་དུ་ལོག་པའི་དྲན་པའི་ཁག་ཅིག་རེད།ཀླུ་མོས་བསྒྱུར།

འབྲེལ་ཡོད་འོས་སྦྱོར།