logo

ཐང་གི་སྙན་ངག་བོད་འགྱུར་མ་ཁག་བཞི།

རྩོམ་པ་པོ།:འབའ་བཙུན་བྷས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-08-08 ཀློག་གྲངས།:
卖炭翁
唐·白居易
卖炭翁,伐薪烧炭南山中。
满面尘灰烟火色,两鬓苍苍十指黑。
卖炭得钱何所营?身上衣裳口中食。
可怜身上衣正单,心忧炭贱愿天寒。
夜来城外一尺雪,晓驾炭车辗冰辙。
牛困人饥日已高,市南门外泥中歇。
翩翩两骑来是谁?黄衣使者白衫儿。
手把文书口称敕,回车叱牛牵向北。
一车炭,千余斤,宫使驱将惜不得。
半匹红纱一丈绫,系向牛头充炭直。


སོལ་བ་འཚོང་བའི་བགྲེས་པོ།
ཐང·པའེ་ཅུའུ་དབྱི།

སོལ་འཚོང་བགྲེས་པོས་ཀྲུང་ནན་རི་ནས་བུད་ཤིང་བཅད་དེ་སོལ་བ་བསྲེགས། །
གདོང་ཡོངས་ཐལ་རྡུལ་གྱིས་ཟིན་དུ་བདུག་གིས་ནི་བཞིན་མདོག་སྨུག་པོར་བསྒྱུར། །
དབུ་སྐྲ་དཀར་ལ་སོལ་བསྲེགས་ལས་བགྱིས་སོར་བཅུ་བུང་བ་ལྟར་དུ་ནག །
སོལ་བ་བཙོང་སྟེ་འབབ་པའི་དོང་ཙེ་དེ་ཡིས་ཅི་ཞིག་སྤྱད་བྱ་ན། །
ལུས་ལ་གོས་དང་ལྟོ་བར་བཟའ་བཏུང་བསྡོག་སྟེ་འཚོ་ཚིས་བགྱིད་པས་ཕྱིར། །
ཁོ་བོའི་ལུས་སུ་སྲབ་པའི་གོས་གྱོན་ངང་ཚུལ་མཐོང་ཚེ་སྙིང་རྗེ་ཨང་། །
སོལ་བ་འཚོང་དཀའི་སེམས་ངལ་བྱ་ཞིང་ནམ་ཟླ་གྲང་འཁྱག་ཕྱིན་ན་སྨོན། །
མཚན་མོར་མཁར་གྲོང་ཕྱི་རུ་ཁ་བ་ལྷབ་ལྷུབ་དབབ་ཅིང་ཞོགས་པའི་དུས། །
ཤིང་རྟའི་འཁོར་ལོས་ཁ་བར་རི་མོ་བྲིས་ཏེ་འདུ་ཚོགས་ཁྲོམ་རར་ཆས། །
བཀྲེས་སྐོམ་གྱིས་གདུང་ཉིན་བྱེད་དབང་པོ་ལྷོ་རུ་བཞུད་པའི་དུས་ཀྱི་སྐབས། །
ལུས་ཐང་ཆད་པས་མཁར་གྱི་ལྷོ་སྒོའི་འདམ་རྫབ་ཁྲོད་དུ་ངལ་དུབ་གསོས། །
ཁེངས་པའི་དྲེགས་ཉམས་སྦོམ་པའི་ཚུར་བྱོན་གདའ་བའི་སྐྱ་མི་དེ་གཉིས་སུ། །
གོས་སེར་མནབས་པའི་ཉུག་རུམ་པ་དང་ལྭ་དཀར་གྱོན་པའི་བྲན་པོ་སྟེ། །
ཉུག་རུམ་ལག་ཏུ་ཆབ་ཤོག་འཆིང་ནས་གོང་མའི་བཀའ་ཡིག་བསྒྲགས་ཙ་ན། །
འཕྲལ་དུ་ཤིང་རྟའི་ཁ་ལོ་ཕྱིར་བསྒྱུར་བྱང་གི་ཕོ་བྲང་ཕྱོགས་སུ་དེངས། །
སོལ་བ་བྱུར་བུར་སྤུངས་བའི་ཤིང་རྟ་བཙན་གྱིས་དེད་པར་འུ་ཐུག་ཟད། །
དཔོན་འཁོར་དེ་ཚོས་སང་གོས་ཐགས་མགོ་ཕྱེད་དང་དར་གོས་འདོམ་གསུམ་ཅན། །
གླིང་མགོར་བཏེགས་ཏེ་འཚོང་རིན་དོད་དུ་འཛིན་འདི་ཀྱི་ཧུད་སྐྱོ་བ་ལ། །

泊秦淮
唐・杜牧
烟笼寒水月笼沙,夜泊秦淮近酒家。
商女不知亡国恨,隔江犹唱后庭花。


ཆིན་ཧོའེ་ནས་ཞག་བཞུགས་གནངས་བ།
ཐང・ཏུའུ་མུའུ།

ཆུ་བོའི་ཞལ་རས་སྨུག་བུན་གྱིས་བསྒྲིབས་འོད་དཀར་ཟེགས་མ་བྱེ་ཐང་པང་དུ་འཐོར། །
མཚན་མོར་གྲུ་ཆུང་ཆིན་ཧོའེ་གཙང་བོའི་ངོགས་ཀྱི་ཆང་ཁང་ཉེ་སར་དེངས་ཏེ་བསྡད། །
གླུ་གར་རྩེན་པའི་གཞས་མ་དག་གིས་རྒྱལ་ཁབ་འཇིག་པའི་སྐྱོ་གདུང་མ་ཚོར་བར། །
ད་དུང་ཕོ་བྲང་ནང་མའི་མེ་ཏོག་ཅེས་བྱའི་རྒྱལ་སྲིད་ཉམས་པའི་གཞས་ཆུང་གྱེར། །

望月怀远
唐·张九龄
海上生明月,天涯共此时。
情人怨遥夜,竟夕起相思。
灭烛怜光满,披衣觉露滋。
不堪盈手赠,还寝梦佳期。


ཟླ་བར་གཟིགས་ནས་མཛའ་གྲོགས་དྲན།
ཐང·ཀྲང་ཅིའུ་ལིང་།

འབྱམས་ཀླས་རྒྱ་མཚོ་ངོས་ནས་དཀར་གསལ་ཟླ་བ་འཕགས་ཚེ་ཕ་མཐའི་ཡུལ་ནས་དུང་ཟླའི་མཛེས་ཞལ་དཔལ་ལ་ལྷན་དུ་རོལ་པའི་དུས། །
བརྩེ་ལྡན་ཁོ་བོ་ནུབ་ཀྱི་སྨག་ལ་སྡང་ཞིང་མཛའ་གྲོགས་མཇལ་པའི་བསྐལ་བ་དབུལ་བས་དྲན་གདུང་རླབས་ནི་མཚན་ལམ་རིང་མོར་འཁྲུགས། །
ཞག་སྒྲོན་གཟིམས་ཀྱང་ཟླ་འོད་དབྱེར་མེད་འཕྲོ་བར་མགུ་ཞིང་དེ་མུར་ལྭ་བ་གཡང་ཤམ་གྱིས་ཏེ་འཁྱམས་མོད་ལུས་ནི་འཁྱག་སུབ་སུབ། །
ལག་ཟུང་གིས་ནི་དུང་ཟླའི་འཛུམ་ཟེར་ཕུལ་བར་དཀའ་བས་ཅི་བྱ་ད་ནི་རྨི་ལམ་ཞིང་དུ་དགྱེས་འཛོམས་སྐལ་བཟང་ལྡན་པར་སྨོན། །

夜雨寄北
唐·李商隐
君问归期未有期,巴山夜雨涨秋池。
何当共剪西窗烛,却话巴山夜雨时。


མཚན་མོའི་ཆར་ཁྲོད་དུ་ཆུང་མར་སྤྲིངས་པ།
ཐང·ལི་ཧྲང་ཡཱིན།

ཉིད་ཀྱིས་དྲིས་པའི་ག་དུས་ཕྱིར་ལྡོག་ལན་ནི་གདབ་པར་དཀའ། །
པ་ཧྲན་མཚན་མོའི་ཆར་ཆེན་གྱིས་ནི་སྟོན་གྱི་རྫིང་བུ་བལྟམས། །
ནམ་ཚེ་འབྱོར་དུས་ཞག་སྒྲོན་སྡོང་སྤོས་བསེད་ཞོར་ཕན་ཚུན་དབར། །
བརྩེ་བའི་གཏམ་དང་པ་ཧྲན་མཚན་ཆར་ཁྲོད་ཀྱི་དྲན་གདུང་བརྗོད། །
འབྲེལ་ཡོད་འོས་སྦྱོར།