སྙན་ངག་རིང་མོ། འགྲོ་མགོན་འཕགས་པ།
རྩོམ་པ་པོ།:རྨོག་རུ་དོན་ཚེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-11-07
ཀློག་གྲངས།:
འགྲོ་མགོན་ཆོས་རྒྱལ་འཕགས་པ་ལགས་ནི་སྤྱི་ལོ1235ལོར་ཟངས་ཚ་བསོད་ནམས་རྒྱལ་མཚན་ལ་ལྕམ་ལྔ་ཡོད་པའི་ནང་གི་མ་གཅིག་ཀུན་དགའ་སྐྱིད་ཀྱི་སྲས་ཆེ་བ་ཡིན། དགུང་ལོ་ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་རིག་གནས་ལྔ་ལ་དཀའ་ཚེགས་ཆེན་པོ་མ་དགོས་པར་མཁྱེན། ཁོང་དགུང་ལོ་བཅུར་ཕེབས་དུས་རང་ཉིད་ཀྱི་ཁུ་བོ་རྗེ་བཙུན་ས་སྐྱ་པཎྜི་ཏ་རྒྱལ་པོ་གོ་དན་གྱིས་གདན་དྲངས་པ་ལྟར་ཕེབས་སྐབས་ཕྱག་ཕྱིར་བྱོན། སྤྱི་ལོ1251ལོར་རྗེ་བཙུན་ས་སྐྱ་པཎྜི་ཏ་སྐུ་གཤེགས་ཁར་རང་ཉིད་ཀྱི་ཆོས་བརྒྱུད་འཛིན་པའི་བདག་པོ་བསྐོས། དགུང་ལོ་བཅུ་དགུ་པ་ཆུ་གླང་ལོར་ཧུ་པི་ལི་སེ་ཆེན་ཧན་གྱིས་མཆོད་གནས་སུ་གདན་དྲངས་པ་ལྟར་ཕེབས། ལོ་དེར་རྒྱལ་པོས་ཞུས་པ་ལྟར་རྒྱལ་པོ་རང་ཉིད་ཀྱིས་གཙོ་བོ་བྱས་པའི་མི་ཉི་ཤུ་རྩ་ལྔ་ལ་གསང་སྔགས་ཀྱི་དབང་ཐེངས་དང་པོ་གནང༌། དེའི་དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་གནང་། སྤྱི་ལོ1265ལོར་ཕྱིར་ས་སྐྱར་ཕེབས། བོད་དུ་ལོ་ངོ་གསུམ་བཞུགས་པ་དང་། སླར་ཡང་གོང་མས་གདན་འདྲེན་གྱི་བཀའ་ཡིག་འབྱོར་པ་ལྟར་ཧོར་གྱི་ཡུལ་དུ་བྱོན། ཧོར་ཡིག་གསར་མ(དེང་སང་འགྲོ་མགོན་འཕགས་པའི་ཡི་གེ་ཟེར་ཞིང་དོན་དུ་བོད་ཡིག་དབུ་ཅན་ལ་གཟུགས་བསྒྱུར་བྱས་པའི་འཁོར་ཡིག་ཞིག་ཡིན)གསར་གཏོད་གནང་བ་གོང་མར་ཕུལ་ནས་རྗེས་སུ་ཐམ་ཀའི་ཐོག་བྱེད་སྤྱོད་བྱས། སྤྱི་ལོ1276ལོར་ས་སྐྱར་ཕྱག་ཕེབས། དེ་ནས་ལོ་ངོ་ལྔའི་བར་ས་སྐྱའི་གདན་ས་གནང་ནས་དགུང་ལོ་ཞེ་དྲུག་པ་སྤྱི་ལོ1280ལོར་ལྷ་ཁང་བླ་བྲང་དུ་སྐུ་གཤེགས།
རྩོམ་པ་པོ་ངོ་སྤྲོད།
བཅུ་པའི་སྟེང་ལ་གནའ་རྟོག་རིག་པའི་ནམ་མཁའི་འཇིངས་སུ་བཞུགས།
མི་ལོ་བརྒྱད་བརྒྱའི་རྗེས་སུ། དངོས་ཚོར་གྱི་ཉིང་མདེལ་ཞིག་གིས་ཁྱོད་ལ་ཕོག །
ཉིང་མདེལ་ཞིག་གིས། དགེ་བའི་མངོན་སུམ་དང་རྗེས་དཔག་རྒྱུ་མཚན་དུ་བྱས་ཏེ།
ཆུ་སྔོ་གནམ་ཐང་གི་འཇིག་རྟེན་ནས་ཕྱིར་ལ་ལྡོག་མི་སྲིད།
རྒྱན་གྱིས་སྤྲས་པའི་ཞིག་རོ། གཏིང་རིམ་དུ་བསྔོགས་པའི་འོག་ཏུ།
ཡིན་པ་དང་མིན་པ་གཉིས། དེ་ལྟར་རྣམ་རྟོག་གི་གཞི་ལ་རྒྱང་དུ་བཀྱེད།
འདུ་ཤེས་འཛིན་སྟངས་ཀྱི་ཁ་མཆུ་འདི་བཟོས་པ་ཆེས་དྲགས་སོང་།
ཆོས་དང་སྲིད་ཀྱི་དབང་ཆའི་ལན་ཆགས་མང་པོས།
ཁྱོད་ཉིད་དམ་པོར་སྡོམ་སྲིད་ཨང་། འགྲོ་མགོན་འཕགས་པ་རིན་པོ་ཆེ།
སྐྱེ་འཕོ་ཡིས་གང་ཉིད་ཕྱི་མ་ནས་འཕྲོག་འོངས།
གཞོམ་གཞིག་བྲལ་བ་ནི་དགོས་པ་མེད་པ་འབའ་ཞིག་སྟེ།
འཆི་བ་མེད་པའི་གསོན་ལམ་ནི་འཆི་བ་ལས་ཀྱང་བཟོད་གླགས་བྲལ།
དྲག་ཞན་གྱི་དབང་གིས་འཇིག་རྟེན་སྣ་ཚོགས་སྐྱེ།
མ་རྡུལ་སྨྲ་བ་དང་བདག་ཡོད་སྨྲ་བ་ལ།
གང་འདོད་ཅི་འདོད་དུ་ནོར་དང་ལུག་གི་ཕུང་པོ་ནས་མི་ཚོགས་དང་འཐོར་རླུང་འགྲུབ་པར་བྱེད་དུ་འཇུག །
ཆུ་ཚོད་ཚིག་རྒྱན་གྱི་རྣམ་འདྲེན་ཆོས་ཉིད་ལས།
ཐོལ་གྱིས་བརྒལ་ཏེ། འཕགས་པའི་མཛད་རྗེས་ས་གཞིའི་ངོས་སུ་སྤྲུགས།
ཕྱིར་ལ་བལྟ་དུས། གང་ཟག་དེ་སྔར་ནས་ལོ་ངོ་སྟོང་གི་ཕ་རོལ་དུ་འདུག་གོ །
སྐྱེ་བ་སྔ་མས་སྐྱེ་བ་ཕྱི་མ་ལ་ཐོལ་གྱིས་འཕངས་པའི་མིག་ཞགས།
དེའི་ཁྲོད་ན་སྐྱས་འདེད་དུས་རབས་ཀྱི་ནར་འགྱང་འདུས་ཡོད།
རྣམ་པར་ཤེས་པ་དང་བེམ་པོ་གཉིས་སྔར་བཞིན་གཞི་གཅིག་ཏུ་གནས་པའི་བསྐལ་པའི་དུས་ཀྱི་གང་ཟག་གི་གཉུག་མ་འདི་ཨང་།
གཅིག་གམ་གཅིག་ལ་མི་ཐེངས་པའི་འགྲོ་མགོན་འཕགས་པས།
སེམས་ཀྱི་རང་བཞིན་མ་བཅོས་ཀྱང་། སྤྲུལ་བ་འབུམ་ཕྲག་གི་སྤྲུལ་སྒྱུར་སྔར་ནས་རྫོགས་པར་གྲུབ་སྟེ།
སྐད་ཅིག་མ་ལ། བསྐལ་པའི་དུས་ཡུན་ཞིག་དང་ཕན་ཚུན་ཟད་གཏུགས་སུ་སོང་།
དེ་བཞིན་ཉིད་དེ། ཁྱོད་ཀྱིས་སྐར་མས་ཁྱབ་པའི་ནམ་མཁའ་ཡིས་གོ་པེ་ལ་ལ་དབང་ཡང་བསྐུར།
དུས་རབས་བཅུ་གསུམ་པའི་མོང་གོར་ལ་སྐད་དང་མཐུན་པའི་ཡི་གེ་བཟོས།
ཡོན་ཆེན་པོའི་རྒྱལ་པོའི་རྒྱལ་ས་ལ་པེ་ཅིན་བདམས།
ཡིན་ཡང་། ཁྱོད་ཀྱིས་ཞི་བདེ་རྒྱ་མཚོ་ཆེན་པོའི་གཏིང་ཞབས་ཀྱི་ཆུ་སྲིན་དཀར་པོ་ཞིག་གཟིགས་མྱོང་ངམ།
ཁྱོད་ཀྱིས་རྟ་ལ་ཞོན་པའི་མཚོ་དམག་གི་རུ་དཔུང་ཞིག་ལ་མགོ་ལུང་བྱས་མྱོང་ངམ།
ཡིན་ཡང་། ཁོ་བོ་དུས་རབས་ཉེར་གཅིག་པའི་རྩིས་ཐབས་ཀྱི་གཏིང་རིམ་དུ་ཡིབ་ཡོད།
འགྲོ་མགོན་འཕགས་པས་གོ་པེ་ལ་ལ་བཀའ་ཆོས་འདི་ལྟར་བསྩལ།
སྦྱོར་བའི་སྐབས་སུ་བོད་པའི་འབངས་མི་ཕལ་པའི་སྐད་ཀྱིས་སྨྲས།
དངོས་གཞིའི་སྐབས་ལ་བོད་པའི་བསྟན་བཅོས་ཀྱི་སྐད་དུ་བརྗེ་ཞིང་།
མཇུག་མཐར་སྐད་རིགས་གཞན་པ་གཉིས་སམ་གསུམ་ཞིག་བསྲེས་པ་སྟེ།
དཔེར་ན་ལེགས་སྦྱར་སྐད་དང་ས་སྐྱ་པའི་གསང་བརྡ་ལྟ་བུ།དཔེར་ན་གོ་ལ་གཞན་པའི་ཕྱག་རྒྱ་ལྟ་བུས་གསུངས།
སྣེ་མཐའི་གྲང་ཁུལ་གྱི་བསྒྲགས་གཏམ་འདི་དག་སྒྲ་མེད་དབུགས་མེད་དུ་སྣང་ཡང་། དེས་སྲིད་པའི་དར་རྒུད་ཅིག་སྨྲ་ཡི།
ཁོ་བོས་གོ་པེ་ལ་ཡིས་ཐོས་མིན་ལ་སྣང་འཇོག་མི་བྱེད་ཀྱང་ཅི་ལའང་ཁྱད་པར་མི་ཕྱེད་པའི་སེམས་དང་རྣ་ཅོག་ལ།
བུདྡྷས་ཐུགས་སྣང་ཆེན་པོས་གསན་ལགས་སམ།
ཁངས་བརྩེགས་ལས་ཀྱང་ཁ་ཁུ་སུམ་པའི་མདོ་ལ་རི་བོར་བལྟས་ནས།
ཁོ་བོས་ཟླ་གསར་གྱི་སེམས་སྐྱོ་ཡི་མུག་དང་སྤྲུལ་བའི་སྡེ་ཡི་ཤོག་སྡེབས་ཟད་པོ་གཉིས་གཅིག་དེ་གཅིག་ལ་འཁྲུལ།
ཁྱོད་ཀྱིས་གསོན་ངོགས་ནས་ཚད་རྡུལ་སྨྲ་བ་ལ་མཇལ་མྱོང་མེད་ན་ཁོ་བོས་ཁྱོད་ཀྱི་ཚབ་ཏུ་ཚར་གཅིག་བཤུ་འབྲི་བྱས་ན་ཁྱོད་ཀྱིས་གནང་ངམ།
འགྲོ་མགོན་འཕགས་པ་རྨི་ལམ་ནས་གླང་ཆེན་ཉལ་འདྲའི་བྱིས་དུས་ཀྱི་རི་བོར་ཕེབས།
ཡབ་ཟངས་ཚ་ཚོགས་བདག་གི་གླང་པོ་ཆེའི་སྣ་རྩེར་འཁུར་ནས།
རི་རབ་ཀྱི་རྩེ་མོར་བསྐྱལ་ཏེ་ལྟོས་ཤིག་དང་།
ཁྱོད་རང་གིས་གང་མཐོང་ཁྱོད་ཀྱི་བུ་ཡི་དབང་དུ་འདུ་བ་ཡིན་ནོ་ཟེར།
གླང་ཆེན་ཞིག །ས་ལ་ཉལ་བསྡད་པའི་དབང་དུ་བྱས་ནའང་།
དེ་ནི་རི་བོ་ཞིག་སྟེ། སྐྱེ་ཁམས་ནས་འཕྲོས་པའི་ས་ཁམས་ཤིག་ཡིན་ནོ། །
འཐབ་འཁྲུག་གིས་ནམ་ཡང་དྲག་ཆས་ཀྱི་གཉོམ་ས་མི་བཀྲལ་ཏེ།
རྒྱལ་པོའི་སྟོབས་ཤུགས་ཁོ་ནས་དཔག་སྟོབས་ཀྱི་མུ་རྒྱུན་མི་འཁྱོངས་པས།
རུ་དཔུང་གི་གོམ་སྟབས་ཀྱིས་དར་གོས་ཀྱི་རྗེས་ལ་སྙོགས་པའི་ངེས་པ་མ་མཆིས་སོ། །
རླུང་གི་རྒྱུ་ལམ་རྒྱུ་ལམ་ནས། འབུ་སྲིན་དག་གི་རྗེས་ཤུལ་ཧྲམ་མེར་མངོན།
ལོ་ཟླའི་བློ་ཁ་ནི་དེ་ལྟར་ཆུ་རྒྱུན་བཞིན་མཚམས་ཚིགས་མེད་པར་འབབ།
མཐོ་སྒང་ལ་མུ་མཐའ་མེད། ནམ་མཁའ་ནི་སྔོ་ཞིང་སངས་པས་རྒྱུ་སྐར་གྱི་བགྲོད་པ་ནམ་རྒྱུན་ལས་ལྡོག་སྟེ་ཇེ་དལ་དུ་བཏང་།
བུ་དྡྷས་བཞོས་མ་ཐག་གི་རྒོད་མའི་འོ་མ་བསྣམས་ཞིང་།
མྱ་ངམ་ཐང་གི་སྤྱང་ཀིའི་སྣེ་འཛིན་གྱི་རྗེས་སུ་འབྲངས་ཡོད་དེ། པི་ཝང་རྟ་མགོ་མ།
ག་དུས་ཡིན་ཡང་སྐྱོ་གདུང་གིས་སིམ་ཡང་། དེ་ཡིས་ཏག་ཏག་ཕྱུགས་རྫི་བུ་མོའི་སྣང་བ་གསོས།
རྨི་ལམ་ནས་བྱེ་ཐང་མཐོང་བའི་མི་དེའི་ལུས་ཡོངས་གསེར་བལ་གྱིས་ཁྱབ་ཡོད།
སྒྱུ་ལུས་འབྱུང་བར་བསྟིམས་ཟིན་ལ། ཉི་མ་ནུབ་ཕྱོགས་ཀྱི་གཟུངས་རྣམ་མཐའ་དག །
རིམ་གྱིས་ཡུལ་ལུང་དེ་གའི་བྱ་དངོས་ཀྱི་སྒྱུ་འཕྲུལ་དྲ་བར་བཀྲལ།
ནགས་ཚལ་གྱི་གྲིབ་བསིལ་ནས་ཉི་འོད་ལམ་ལམ་གྱི་གཤམ་ལ་སྤོར་བའི་སྤྲིན་དཀར་དང་འདམ་ཉག་གཉི་གའི་བརྟུལ་ཞུགས་འཛིན་པའི་སྒྱུ་ལུས་དེས།
གསུང་རབ་པོ་ཏི་བརྒྱད་སྟོང་གི་ཞལ་ཡང་བསུམས།
གཟུགས་ཅན་གང་ལའང་མཚུངས་པ་མེད་པ་ཁོ་ནས། འགྲོ་མགོན་འཕགས་པ་མཆོག །
ཤེས་རབ་ཀྱི་དབུས་སུ་ཚུད་དེ། བུདྡྷའི་ལུས་སྦྱིན་གྱི་སྤྱན་ལ་ཁོང་གི་སྤྱན་གྱིས་གཟིགས།
ཁྱོད་ཀྱིས་ཕྱི་རབས་པ་དག་ལ། བདག་ནི་འགྲོ་མགོན་འཕགས་པའོ་ཞེས་གསུང་དགོས་ཅི་ཡང་མེད།
རྒྱལ་ས་པེ་ཅིན་དུ་གཏན་འཁེལ་བྱས་པ་དེའང་། བདག་གཞན་མཉམ་བརྗེའི་མཛད་ཆེན་ཞིག་ཅི་ལ་མིན།
དགུང་ལོ་བཅུ་པ་ལ། གཙང་ནས་ཐོན་ཏེ་ལྱང་ཇིའི་ཡུལ་དུ་བཞུད།
ཁ་བ་ལྟ་བུའི་མེ་རིའི་ཐལ་རྡུལ་ལའང་ཞིབ་ཏུ་བརྟགས།
དར་གོས་ལྟ་བུའི་ས་གཞི་ལ་སྒྱུ་ལུས་དལ་གྱིས་གླན།
དགུང་ལོ་བཅུ་གཉིས་པ་ལ། ཨུ་ཝེ་ལ་ཐོག་མར་ཞབས་སོར་བཀོད་དུས།
ཁྱོད་ཉིད་སྔར་ནས་སམ་ཡང་ན་བཀའ་མ་ལོག་གི་སྐྱེས་ཆེན་གང་རུང་ཞིག་ཏུ་འགྱུར་ངེས་སམ།
ངེས་པ་ཆུང་མཐའ་ལ་རེ་བ་ཆེ་མཐའ་འདོན་ཅི་ནུས་བྱེད་པ་དེས།
གཏིང་མི་དཔོག་པའི་མི་སྲིད་པ་ཞིག་དེ་བཞིན་གྲུབ་པར་བྱས།
གསར་བཏོད་ཀྱིས་རོལ་ཟིན་འཚོ་བ་བསྐྱར་དུ་རོལ་བ་མ་གནང་རོགས།
མགོ་བོ་དམའ་སར་དུད་པའི་འོག་ནས། ཆེས་མཐོའི་ཀུན་བཏགས་ཀྱི་སྟེང་ནས།
སྡིག་གི་སྲ་མཁྲེགས་ལ་གོ་བ་མ་བསྐྱེད་རོགས། དམག་སྤྱི་ཚོས།
གནངས་སུ་བཅད་པར་རྩིས་བཤེར་ལེན་དུས་ཀྱང་། གཟའ་སྐར་ཕུར་བུ་དེ་ནང་དུ་རྩིས་མེད་དོ། །
ཤང་ལང་ལ་ཁོམ་ལོང་མེད་ཅིང་། སྐྱ་མིས་སྦས་པའི་བརྟུལ་ཞུགས་ཅན་ལའང་།
འཁོན་དང་བརྩེ་བ་ལྷུག་ལྷུག་བརྗོད་དུ་མེད། ཡིན་ཡང་། བར་སྣང་གི་སྤྲིན་གྱི་གཅན་གཟན་གྱི་ཕྲུ་གུས་ཀྱང་།
ཆོས་སྤྱོད་ཀྱི་བསླབ་འདོམས་ལ་ཇི་བཞིན་ཉན་པ་མ་ཡིན་ནམ།
བན་བོན་གྱི་སོ་མཚམས་ཉུལ་བའི་གདོང་རས་ཅན།
ལྐོག་ལྐོག་ནས་ཇིང་གིར་རྒྱལ་པོའི་ཆང་རག་སྡོམ་པའི་བཀའ་རྒྱ་དེ།
ནམ་མཁའི་བྱའང་བཟི་ནས་འཕུར་མཚམས་འཇོག་པར་མཐོང་བའི། ལྷ་དང་ལྷ་མོའི་བདུད་རྩི་རོལ་སྟངས་ཁོ་ནར་མཐོང་།
བྱ་ཡི་གྲིབ་མ། ཉིན་བཞིན་ཆང་རག་བག་མེད་དུ་འཐུང་བའི་ཨོ་གོ་ཏའེ་ལ་བཞག །
དགུང་ལོ་དྲུག་ཅུ་རེ་ལྔའི་སྟེང་། ལྱིང་ཇིའི་རྒྱལ་པོ་གོ་དན་གྱིས་ཀྱང་རང་ཉིད་ཆང་ལ་བསྔོས་སོ། །འཇའ་ས་ཆེན་པོས།
རྟ་ལ་བསྐོན་རྒྱུའི་སྲབ་དཀྱོགས་དེ་རྔ་མོང་མགོ་ལ་བསྐོན།
ཇིང་གིར་རྒྱལ་པོའི་ཁ་ཆེམས་བཞི་པ་གསང་བའི་རྒྱ་ལ་བསྡམས།
ནམ་མཁའི་ཕྱུགས་ར། ཆུ་སྲིན་ཤི་ལ་དུ་བ་མཇུག་རིང་ཤར།
རྟ་ཕོའི་རྨིག་པ་མཐོངས་ཀྱི་རྒོད་པོའི་གཤོག་པར་རེག་སྙམ་བྱེད།
འགྲོ་མགོན་འཕགས་པ་རྒྱང་རིང་ཡུལ་ནས་ཕེབས། ཕྱག་གི་ལྷུང་བཟེད།
རྒྱང་ནས་མཐོང་ན་སྤྲིན་དཀར་གྱི་རྣམ་པ་ལ། ཉེ་བར་བཅར་ན་འདམ་ཉག་གིས་བཟོས་པ་ཞིག །
ལྷུང་བཟེད་དེ་ཡང་མི་ཕྱུགས་གཉིས་ཀྱིས་ཕྱེད་ཀ་ཕྱེད་ཀར་ཟོས།
ཤེས་བཞིན་བསྟེན་དུས་རང་ལ་བུདྡྷའི་ཞལ་གྱིས་སྔར་ནས་རེག་པ་རྟོགས།
གནམ་ནས་ཆུ་ཟགས། ས་སྐྱོང་རྒྱལ་པོས་ཆུ་རགས་རྒྱག་པ་སོགས་ཀྱི་འགན་ཐོག་གི་སྐད་ལ་ཉན་ནམ་སེམས་ཀྱི་ལས་གཞིའི་བཀོད་པར་བརྟག་གམ་ཅི།
སྨྱུ་གུའི་རི་ལྷག་ཆུ་འཕྲོ་ནས་འཛུམ་པའི་གསེར་གྱི་སྣག་ཆུ་ཡིས།
གསུང་རབ་དང་ལེགས་བཤད་དུའང་ཕྱེ་རྡུལ་བསྲེས་པས།
བགྲོ་གླེང་གི་བར་མཚམས་བར་མཚམས་སུ། ཧྲག་ཧྲག་གི་སྒྲ་ཡང་ཐོས།
ཡིག་དྲུག་ཅི་ཙམ་མང་དུ་བཏོན་པ་ཡིས། དངོས་ཡོད་དེ་ཙམ་གྱིས་མང་བས།
ངེད་ཅག་གིས་གནའ་ནས་ད་བར་གྱི་སྐྱོ་སྣང་ཡི་མུག་འདི་ལ་ཅི་ལྟར་བྱ།
ངེད་ཅག་གི་རྒྱུན་འཛིན་ལ་ལུང་བསྟན་ཅི་ཡང་མེད།
རལ་གྲི་དང་སྨྱུ་གུའི་ལས་ཁུར་དེ་ཡང་ལྕགས་ཀྱི་མཚོན་ཆ་དང་ཤིང་རྟའི་འཕྲུལ་འཁོར་ལ་བཅོལ།
ལུག་ཅིག་སྟག་ཏུ་གྱུར་པ་ནས་རྒྱུད་ལ་སྙིང་རྗེ་སྐྱེས་ན་ཡང་།
མི་ལུས་ཤིག་བླངས་པས་གླེགས་བམ་པགས་བྲིས་མ་འབུམ་ཕྲག་གིས་ཀྱང་རང་གཤིས་བསྒྱུར་དུ་མེད་དེ།
ལུས་རྟེན་བཞག་ནས་རྨི་ལམ་དུ་གྱུར་ན་མ་གཏོགས།
ཕུང་པོ་དེ་རང་བྱུང་ཁམས་གཉིས་པ་ཞིག་ལས། འགྱུར་བའི་རྒྱུ་རྐྱེན་མ་ཡིན་ནོ། །
འཁོར་འདས་དབྱེར་མེད་དུ་འདོད་པའི་ས་སྐྱ་པ། གཅིག་འབྱིན་གཅིག་རྔུབ།
ལྕགས་སུ་འགྱུར་མི་བཟོད་པའི་མེ་ཏོག་ཡོད་ཚད།
མི་འབྱེད་མི་ལྷུང་ཞིང་། ཞིབ་པར་བསྣམས་པའང་མི་རུང་ངོ། །
བོད་ཀྱི་དགེ་སློང་ལ། བཞུགས་སའི་གནས་ཤིག་ཅིས་ཀྱང་དགོས་མོད།
བཞུགས་པ་ཙམ་གྱིས་འཇའ་གུར་གྱིས་ཕུང་པོར་འཁྱུད་པ་ཞིག་ཏུ་ག་ལ་འགྱུར།
ཆུ་སྲིན་གྱིས་མཚན་མོའི་བར་སྣང་ནས་འོད་ཟེར་སྤྲོ་ཚུལ་བསླབས་མེད་ཅིང་།
རྡུལ་ཕྲ་རབ་དེ་གཟིག་གི་ཐིག་ལེ་ཡི་ཟབ་སར་སྦས་ཡོད།
ནང་པས་བལྟོས་བཅོས་སྨྲ་བ་ལོགས་སུ་བཞག་པ་དེས།
སྟོན་པ་སངས་རྒྱས་ཨེ་དབྱིན་སི་ཐན་གྱི་རྨི་ལམ་དུའང་མི་འཆར་བ་ཅི་ལ་མཚོན།
གཟའ་མིག་དམར་གྱིས་གཟའ་ལྷག་པའི་འཁོར་ལམ་ལྟར་རྒྱུ་བར་མི་བྱེད་པ་ནི།
འགྲོ་མགོན་འཕགས་པས་དལ་ལྷོད་ལྷོད་ཀྱིས་དེ་ཉིད་ཡིད་ལ་སྒོམ་ནས་ཡོད་པས་ཡིན།
གོ་པེ་ལ་ཡི་སྐྱ་རྩལ་དང་མདའ་རྩལ་ལ་མོས་པ་མེད་དོ། །
ཤ་ཟས་ཁྲག་འཐུང་ཀྱང་སྡང་སེམས་མི་དྭངས་པའི་མུ་སྟེགས་པར་ཁ་ལག་འགུལ་བ་ནི་དཀོན་མཆོག་ལ་རྨ་འབྱིན་པའི་སྦྱོར་བའོ། །
འགྲོ་མགོན་འཕགས་པས། མོང་གོར་རྒྱལ་ཁབ་ལ་ཡི་གེ་གསར་དུ་བཟོས་ཤིག །
འབྲི་ཀློག་ངོས་འཛིན་ནི་ལྷག་པར་འབྲོག་པའི་རང་གཤིས་ཀྱི་སྦས་ལུང་དང་གཡེ་ཐང་གི་ཡུལ་གྲུའི་རྣམ་པ་དང་མཐུན་ནོ། །
མོང་གོར་རྩྭ་ཐང་ཅི་ཙམ་གྱིས་མུ་མཐའ་མེད་ནའང་།
གཏན་སྡོད་བྱེད་ཅིང་། སྟན་ཐོག་ནས་སོ་ནམ་བྱེད་ལུགས་གླེང་བ་ནི།
ལི་ཡུལ་ཕྱོགས་ཀྱི་རྒྱ་མིའི་གདམ་ག་ཞིག་ཡིན་ནོ། །
ས་གཞིའི་སྟེང་དུ། ད་དུང་བྱ་ཁྱུ་དང་མི་གྲངས་ཀྱི་འཕེལ་ཁར་མ་གྱུར་པའི་ལོ་གཅིག་སྐྱེས་པའི་འབྲས་དཀར་གྱི་དྲན་རྟེན་ག་ཚོད་ཡོད་དམ།
སེམས་པ་ཆུང་ཆུང་ཞིག་ཁམས་ཆེན་པོའི་འཇིག་རྟེན་དུ་དཔྱངས་ན།
དེ་ལྟར་ཆུང་ཞིང་། དེ་ལྟར་ངོ་མཚར་བརྗོད་ཀྱིས་མི་ལང་བའི་ཐུགས་རྗེ་ཞིག །
མི་རྟག་པ་ཉིད་ཀྱང་ཇི་འདྲའི་རྫོགས་མཐའ་མེད་པ་ཞིག་གོ། །
སེམས་ནི་ཡར་ངོའི་ཚེས་རིས་ཏེ། རིམ་གྱིས་འཕེལ་བ་ཅི་ཞིག་གིས་ལགས་སམ།
དུས་རབས་བཅུ་གསུམ་པའི་ཆར་དང་མིག་ཆུའི་ཐིགས་པ་རྣམས།
དགོག་ཏུ་ཕྱིན་པའི་ས་སྐྱ་པཎྜི་ཏའི་སྤྱན་ལམ་དུ་བཅོལ་ཡོད།
འབྱར་བག་དེ་ཙམ་མི་ཆེ་ཞིང་། སྲབ་ཅིང་སེང་བའི་མེ་ལོང་གི་གཟུགས་བརྙན་ཙམ་དུ་སྣང་།
དུས་འདིར། ཁོ་བོ་གནའ་བོའི་ལྱིང་ཇི་མཁར་གྱི་སྲང་ལམ་ཀྱ་ཀྱོག་ཉུལ་ནས་ཡོད།
བགྲོད། གཞན་དབང་གིས་ལྡོག་སྟེ་བགྲོད་དགོས་ཏེ། ཉི་ནུབ་གཏིང་རིམ་དུ་སྦས་ཆོག་ཆོག་འདུག །
ཁྱོད་ཀྱང་བཞུད་ཀྱིན་གདའ། འོན་ཀྱང་ཞབས་གཉིས་ཕྱག་ན་མེད་དོ། །
རྒྱང་རིང་རྒྱང་རིང་ནས། གློ་བུར་རྟ་ཕོ་ཞིག་མངོན་འོངས།
ཐང་བརྒལ་རླངས་འཁོར་གྱིས་ཁྱོད་ཉིད་ནང་ལ་སྡོད་དུ་བཅུག་སྟེ།
མོང་གོར་བཙན་རྒྱལ་གྱི་བས་མཐའ་མེད་པའི་རྩྭ་ཐང་ནས་བརྒལ་དུ་འཇུག་ཀྱང་སྲིད།
སྒུལ་ཤུགས་བཞི་ལྡན་ཁྲོད་ཀྱི་འཁོར་ལོ་གཉིས།ངེས་པར་དབོག་དགོས་ཡོད།
ལམ་ཡངས་ནམ་མཁའི་མཐོངས་འདྲ་ནས། སྙེམས་པའི་མགོ་བོ་མཐོར་བཏེགས་ཏེ།
གོ་པེ་ལ་མི་རྐྱང་རྟ་རྐྱང་གིས་ལམ་ལ་བཞུད་ཆོག་ཆོག་བྱས། ངེས་པར་འཆི་བ་དེས་ཀྱང་།
ཁོའི་འཆི་འཕག་དང་སྨྱོ་འབོག་གི་ཟླ་ལ་མི་ཡོང་ངོ་། །
དེ་ལས། འཁྱགས་པ་སྲབ་མོ་ལྟ་བུའི་མཁའ་དབུགས་དང་དབྱང་དབུགས་ཀྱི་བཟི་ཁའི་བར་གླགས་ནས།
འགྲོ་མགོན་འཕགས་པ་དངོས་ནས་འཚོ་གཞེས་གནང་མྱོང་ངམ།
འཁར་གསིལ་བསྣམས་བཞིན་རླུང་གིས་བཞུད་པའི་དགེ་སློང་བྱེ་མ་སྙེད་ཀྱི་ཕུང་པོ་གཅིག་ཏུ་སྤྲུལ་བ་ཙམ།
པདྨ་ནམ་མཁར་བཞད་པས། སྟན་ཐོག་ཏུ་བསྡད་པའི་མི་ལ།
བདེན་ཅོག་ཅོག་དང་སྣང་མདོག་མདོག་ཅིག་ཏུ་བལྟ་བའི་དགོས་པ་མ་མཆིས་སོ། །
གནམ་དང་ས་ལ་མཛེས་པ་ཆེན་པོ་བདོག་ཅིང་བདག་ཉིད་ཆུང་ངུས་བདག་ཏུ་མེད།
སོ་སོ་སྐྱེ་བོ་དག་ཀྱང་རིང་བསྲེལ་བཞིན་དུ་སྦས་པ་མིན།འ
གའ་ཞིག་གནས་སྐབས་ཙམ་ལ་སྡོད་ཅིང་། འགའ་ཞིག་གྲུ་གཟིངས་གནམ་གྱི་འཇིངས་སུ་ཞུགས་པ་བཞིན།
ལི་ཡུལ་གྱི་བསམ་བཀོད་དུ། ཁོ་བོས་མིག་གཉིས་བཙུམས་ཞིང་རང་གི་སེམས་ལ་བརྟགས།
འགྲོ་མགོན་འཕགས་པ་བར་སྣང་འཕུར་གྲུར་བཞུགས་ནས་ཡུན་རིང་འགོར།
རི་བོ་མི་སྣང་ཆུ་བོ་མི་མངོན་ཏེ། མིན་ན་བདག་རྙིང་གསར་དུ་སློག་པའོ། །
བུདྡྷའི་ཤད་ཨང་མཁའ་མཐར་སྣང་ཙམ་བྱས་པ་ཡིན་ནམ་ཅི།
ཉི་མ་ཤར་དྲགས་པས། གནམ་ནས་ཁ་བ་ཕབ།
ལག་ཁྱེར་ཁ་པར་ལ་ཉན་ཐེངས་རེར། ཁོ་བོས་ནམ་རྒྱུན་སིམ་སིམ་ཞི་བའི་སྒྲ་ནི་སྣ་ཚོགས་ཐོས་འགྱུར་ཏེ། དཔེར་ན་རླུང་གི་སྒྲ།
དཔེར་ན་སྔགས་བླ་མེད་ཀྱི་སྒྲ །དཔེར་ན་རྣ་བ་གཡས་པའི་མ་ཎི་འཁོར་ལོ་དེ་གཡོན་ལག་ཏུ་འཁོར་བཞིན་ཡོད་པ་ལྟ་བུའོ། །
དེ་ལྟ་ནའང་། སུ་ཞིག་གིས་དུས་རབས་ཉེར་གསུམ་པ་ནས་ཁོ་བོར་ཁ་པར་གཏོང་སྲིད་དམ།
དེ་བཞིན་དུ། ལྷག་པར་ཞིབ་ཕྲ་ཆེ་བའི་འདེད་རྩིས་ལས་ཁོ་བོ་ནི་འགྲོ་མགོན་འཕགས་པས་བློས་བསླངས་ཀྱིས་བགྱིས་པ་རྟོགས།
ནུབ་ཕྱོགས་ཀྱི་ཡུལ་གྲུ་ནི་རྟ་ཕོ་ཡོད་པས་རྒྱང་རིང་དུ་སླེབས་པ་ཞིག་མ་ཡིན་ནོ། །
དུས་རབས་བཅུ་གསུམ་པའི་བོད་ཀྱི་དགེ་སློང་ཞིག །
དུས་རབས་ཉེར་གཅིག་པའི་མི་ཚོགས་སུ་ཡང་བསྐྱར་མངོན་སྲིད་དམ།
ཡིད་དབང་ཅིག་ཅར་འཕྲོག་པའི་ནམ་མཁའི་རྩྭ་ཐང་ཞིག་ཡིན་ཡང་།
གནའ་རབས་ཡིད་ལ་བྱེད་པའི་གང་ཟག་སུ་ཞིག་གིས།
སྒྲོ་སྤུས་བཟོས་པའི་གཞུ་སྦྲེང་ཞིག་ལ་ལག་པས་རེག་རེག་བྱེད་སྲིད་དམ།
ཞི་འཇགས་ལ། རྡོ་སྐུས་རེབ་ཐེངས་ཅི་ཙམ་ལ་ཞིབ་ཏུ་གསན་པའི་མྱོང་བ་ཡོད།
ཡང་ན་གཏན་ནས་མ་གསན་པའི་ངང་ཚུལ་ཞིག །ཡང་ན་རི་ཆུ་ཁྲི་ཕྲག་འབུམ་ཕྲག་ཅིག །
ལྐོག་གྱུར་གྱི་ཚེས་རིས་ནི་དག་ཅི་ལེབ་མོ་ཞིག་ཇི་བཞིན།
རྡོ་ཡི་ཁ་ལ་མུར་ནས་འཇིལ།
རྣམ་ཤེས་ཀྱིས་མི་ཡུལ་ལ་སྤྲོ་སྣང་སྦྱིན་པ་ནི། བདག་གསར་གྱིས་བདག་རྙིང་ངོས་ཟིན་པའི་སྐབས་ཀྱི་སོས་པ་དང་གསོན་ཉམས་གྱིས་ཡིན་ནོ། །
མི་རེ་རེའི་ལུས་སྟེང་དུ་ཤི་བོའི་རྣམ་ཤེས་རང་སར་འཕོ་བའི་མངོན་རྟགས་ཡོད་དེ། འཕགས་པའི་སྙན་ཤལ་འགྲམ་གྱི་ཐལ་རྡུལ།
གཟབ་གཟབ་ཀྱིས་བར་སྣང་དུ་འཕར་ཏེ། སྐྱེ་འགྲོ་ཐམས་ཅད་ལ་འགྲོ་མགོན་འཕགས་པའི་ཕྱི་རོལ་གྱི་སྒྲ་ལ་ཙོག་པུར་བསྡད་དེ་ཕྱི་མའི་འཚོ་ཚིས་ཀྱི་ལྷ་ཡུལ་སློབ་གསོ་མྱངས་ཆོག་པའི་གནང་བ་བསྩལ།
ཁ་སང་ཁོ་བོ་ཧ་ཤང་རི་ཁ་བརྒྱུད་དུས། འགྲོ་མགོན་འཕགས་པ་དང་དཔུང་བ་འཕྲད་ཙམ་གྱིས་སོང་མོད། ཡིན་ཡང་འདི་མཐའ་དག་སྐད་ཅིག་མའི་བག་ཆགས་ཙམ་ལས་མ་འདས་སོ། །
གསེར་ཚོས་བྱུགས་མེད་མོད། གསེར་བྲིས་སྙན་ངག་དང་འཕགས་ཡུལ་གནས་སྤོ་ཡོད་པས།
དེ་དང་དངོས་སྣང་གི་འཇིག་རྟེན་གྱི་བར་ལ་ཁྲུང་ཁྲུང་ལ་བཅིབས་ནས་གཤེགས་པའི་གུས་ལུགས་ཀྱི་བར་ཐག་གིས་ཆོད་ཡོད།
སྐད་གདངས་གསལ་འདེབས་ཡོད་ཚད་ཀྱིས་རྨི་ལམ་གྱི་ངང་ཚུལ་འཛིན་ཞིང་།
རྨི་ལམ་ཕྱི་རོལ་གྱི་ལྗོངས་རྒྱུ་པ་ལ། ཁྲུང་ཁྲུང་ནང་དུ་བགྲོད་མི་ཆོག་ཅེས་ཏེ་གསལ་འདེབས་བྱེད།
རྩིས་ཐབས་ཀྱི་གཏུག་ངོས་སུ། གནའ་དཔྱོད་དང་གནའ་ཟློས་གཉིས་ཀྱིས་དམར་གདུང་དང་གྲོང་འཇུག་གི་ལུས་རྟེན་མཚམས་ཚིགས་མེད་པར་བཅད་སྒྱུར་བྱེད་ཅིང་མཆིས།
བསྒར་སྣེ་བལ་བ། འདི་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་ལྟ་བུའི་ཐག་གཅོད་ཅིག་ཡིན་ནོ། །
བཀྲལ་དུ་མེད་པའི་རྨི་ལམ་ལྟ་བུའི་དངོས་པོ་ཞིག་ཡོད་ངེས་ལ།
དེས་ཕྱེ་མ་ལེབ་བར་སྣང་དུ་འཕུར་བས་རྨ་བྱ་ལ་འགྱུར་བར་བྱེད་དོ། །
ཤེལ་སྒྲོམ་དུ་ན་བཟའ་མི་སྣང་བས། བུདྡྷས་ནུབ་ལྭ་དང་ལུས་རྩལ་གྱོན་གོས་ཀྱི་མགྲིན་ཚབ་བྱས་པ་མི་མཚོན་ནོ། །
མིའི་རིགས་ཀྱིས་འགྲོ་མགོན་འཕགས་པའི་འདུ་ཤེས་རྣམ་པ་ཅི་ཡིན་མི་རྟོགས།
དེ་ལས་ལྡོག་སྟེ། དངོས་པོའི་རྣམ་པའི་མཚར་སྡུག་གིས་སྲུང་འཛིན་བྱས་ཡོད་པ་ནི་གེལ་བ་སྐམ་པོའི་སྟེང་གི་སྟོན་པའི་རིང་བསྲེལ་ཏེ།
གཞན་གྱིས་བཅག་པས། གློ་བུར་དུ་ནམ་མཁའ་ནས་རླུང་ཆེན་ལྡང་།
དེ་ཡང་ཕྱི་ལོ༢༠༢༢ལོའི་ཟླ༤པའི་ཚེས༡༡ཉིན་སྙན་ངག་པ་ཨ་ལྡོང་དཔལ་རྡོ་ཐར་ལགས་ཀྱིས་ཁ་པར་དང་སྐད་འཕྲིན་གྱི་ལམ་ནས་རྒྱའི་དེང་རབས་སྙན་ངག་པ་ཨོའུ་དབྱང་ཅང་ཧོའི་སྙན་རྩོམ་རིང་མོ་འགྲོ་མགོན་ཆོས་རྒྱལ་འཕགས་པ(欧阳江河长诗: 圣僧八思巴)ཞེས་པ་གུས་པར་མཚམས་སྦྱོར་བྱས་པ་མ་ཟད། བོད་ཡིག་ཏུ་སྒྱུར་བའི་དགོས་པ་མང་ཙམ་གསུངས་ནས་སྐུལ་མ་བྱས་པ་ལ་རྐྱེན་བྱས་ཏེ། ཐེངས་འགའ་ཤས་ཤིག་ལ་ཡང་དང་བསྐྱར་དུ་ལེགས་པར་བཀླགས་ཤིང་ཞིབ་ཏུ་བརྟགས་པའི་རྗེས་ལ། ཟླ་དེའི་ཚེས༡༧ཉིན་ནས་ནད་ཡམས་ཀྱིས་ཉིན་ཤས་འཇགས་རྣམ་དོ་དམ་གྱིས་ནང་དུ་སྡོད་དགོས་པའི་ཡུན་ལ། མི་འཇགས་ཡིད་ཀྱི་སུན་པ་དང་སེམས་ངལ་བསལ་བའི་ཆེད་དང་། གྲོགས་པོའི་སྐུལ་ཁྲལ་མ་བཟློག་པ་ཙམ་དུ། ཉིན་རེར་རང་གི་མོས་པ་ལྟར་ཚན་ཆུང་ཐུང་ངུ་རེ་སྒྱུར་བའི་འགོ་བརྩམས་ལ། ད་དུང་གདོད་ནས་གོ་ཐོས་མེད་པའི་ཚན་རིག་དང་ཆོས་ལུགས། ལོ་རྒྱུས་སོགས་ཀྱི་རྒྱུན་ཤེས་ཀྱི་སྐོར་དང་ཐེ་ཚོམ་གྱི་གནས་སུ་ལུས་པའི་ཐ་སྙད་དང་། ལྷག་པར་རྒྱ་ཡིག་དེང་རབས་སྙན་རྩོམ་གྱི་དོན་སྟོན་ཚུལ་ཉམས་འདོན་ལུགས་ཤེས་སྟོབས་ཀྱི་མ་ཆོད་པ་ཡོད་ཚད་ལ་རྟགས་བརྒྱབ་ཅིང་པར་དུ་བཏབ་ནས་ཨ་ལྡོང་དཔལ་རྡོ་ཐར་ལགས་ལ་བསྐུར་ཏེ་གསལ་ཁ་གཅོད་རོགས་ཞུས་པ་དང་། ཁོང་གིས་ཀྱང་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་རང་གི་འདོད་ཚུལ། གཞན་གྱི་ལྟ་ལུགས། ཚིག་མཛོད་ལོ་རྒྱུས་སོགས་ཀྱི་བཀྲལ་སྟངས་སོགས་དུས་ཐོག་ནས་ལྷུག་པོར་ལན་དུ་བསྩལ་བ་དང་། རང་གིས་ཀྱང་སྐབས་གླགས་འདི་དང་བསྟུན་ནས། ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ལས་འགྲོ་མགོན་འཕགས་པའི་སྐོར་ཞིབ་པར་བཀླགས་ཏེ་ལོ་རྒྱུས་བྱུང་རིམ་དང་མི་མིང་ས་མིང་སོགས་རང་རིགས་ཀྱི་བསྟན་བཅོས་སུ་ཅི་ལྟར་འཁོད་པ་བཙལ་བ་སོགས་ཀྱི་ལས་ཀ་ཞོར་ལ་འགྱུ་བར་བྱས་ཐོག །སྙན་རྩོམ་གྱི་མ་གཞིའི་ཁྱད་ཆོས་འདོར་མི་རུང་བ་དང་བསྟན་བྱ་ལ་སྣོན་འཕྲི་ཡོང་མི་རུང་བའི་རྩ་དོན་སེམས་ལ་བཞག་ནས། ཐད་སྒྱུར་གཙོར་བཟུང་ཞིང་དོན་སྒྱུར་གྱིས་འགངས་བསྲིངས་པའི་ཚུལ་གྱིས། རྒྱ་ཡིག་སྙན་རྩོམ་གྱི་མ་གཞིའི་རྣམ་པ་བསྐྱངས་ཅི་ཐུབ་གྱིས་ཉིན་བཅུའི་རིང་ལ་སྙན་རྩོམ་རིང་མོ་འདི་ཡོངས་སུ་རྫོགས་པ་ལེགས་པར་བསྒྱུར་པའི་ཁུལ་ཡིན་ནོ། །
རྩོམ་པ་པོ་ངོ་སྤྲོད།

ཨོའུ་དབྱང་ཅང་ཧོ། 1956ལོར་སི་ཁྲོན་ལོའུ་ཀྲིག་ཏུ་སྐྱེས། དངོས་མིང་ལ་ཅང་ཧོ་ཟེར། སྙན་ངག་པ་དང་རིག་གནས་དཔྱད་བརྗོད་པ། ཡིག་གཟུགས་མཁས་ཅན་བཅས་ཡིན། 1979ལོར་སྙན་ངག་བརྩམས་ཆོས་ཚགས་དེབ་སོགས་སུ་སྤེལ་འགོ་བརྩམས་པ་ནས་ད་ལྟའི་བར་སྙན་ངག་བརྒྱ་ཕྲག་ཇི་སྙེད་ཅིག་བརྩམས་ཤིང་། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་གྲགས་ཀྱིས་ཁྱབ། ཚབ་མཚོན་བརྩམས་ཆོས་ལ་སྙན་ངག་རིང་མོ«དཔྱངས་དུར»དང«ཤེལ་སྒོ་ལས་གྲྭ» «འཕགས་པའི་དགེ་འདུན་དཔལ་ལྡན་འགྲོ་མགོན་འཕགས་པ» «རིག་འཛིན་ཀུ་མ་རཱ་ཤྲི»སོགས་ཡོད།
འཕགས་པའི་དགེ་འདུན་དཔལ་ལྡན་འགྲོ་མགོན་འཕགས་པ།
ཨོའུ་དབྱང་ཅང་ཧོ་ཡིས་བརྩམས།
མཚོ་སྐྱེས་ཀྱིས་བསྒྱུར།
མཚོ་སྐྱེས་ཀྱིས་བསྒྱུར།
༡
དགུང་ལོ་གསུམ་པར་དགེ་བའི་ནོར་ཉེས་བཟོས་པ་ཁྱོད།བཅུ་པའི་སྟེང་ལ་གནའ་རྟོག་རིག་པའི་ནམ་མཁའི་འཇིངས་སུ་བཞུགས།
མི་ལོ་བརྒྱད་བརྒྱའི་རྗེས་སུ། དངོས་ཚོར་གྱི་ཉིང་མདེལ་ཞིག་གིས་ཁྱོད་ལ་ཕོག །
ཉིང་མདེལ་ཞིག་གིས། དགེ་བའི་མངོན་སུམ་དང་རྗེས་དཔག་རྒྱུ་མཚན་དུ་བྱས་ཏེ།
ཆུ་སྔོ་གནམ་ཐང་གི་འཇིག་རྟེན་ནས་ཕྱིར་ལ་ལྡོག་མི་སྲིད།
རྒྱན་གྱིས་སྤྲས་པའི་ཞིག་རོ། གཏིང་རིམ་དུ་བསྔོགས་པའི་འོག་ཏུ།
ཡིན་པ་དང་མིན་པ་གཉིས། དེ་ལྟར་རྣམ་རྟོག་གི་གཞི་ལ་རྒྱང་དུ་བཀྱེད།
འདུ་ཤེས་འཛིན་སྟངས་ཀྱི་ཁ་མཆུ་འདི་བཟོས་པ་ཆེས་དྲགས་སོང་།
ཆོས་དང་སྲིད་ཀྱི་དབང་ཆའི་ལན་ཆགས་མང་པོས།
ཁྱོད་ཉིད་དམ་པོར་སྡོམ་སྲིད་ཨང་། འགྲོ་མགོན་འཕགས་པ་རིན་པོ་ཆེ།
སྐྱེ་འཕོ་ཡིས་གང་ཉིད་ཕྱི་མ་ནས་འཕྲོག་འོངས།
གཞོམ་གཞིག་བྲལ་བ་ནི་དགོས་པ་མེད་པ་འབའ་ཞིག་སྟེ།
འཆི་བ་མེད་པའི་གསོན་ལམ་ནི་འཆི་བ་ལས་ཀྱང་བཟོད་གླགས་བྲལ།
དྲག་ཞན་གྱི་དབང་གིས་འཇིག་རྟེན་སྣ་ཚོགས་སྐྱེ།
མ་རྡུལ་སྨྲ་བ་དང་བདག་ཡོད་སྨྲ་བ་ལ།
གང་འདོད་ཅི་འདོད་དུ་ནོར་དང་ལུག་གི་ཕུང་པོ་ནས་མི་ཚོགས་དང་འཐོར་རླུང་འགྲུབ་པར་བྱེད་དུ་འཇུག །
༢
ས་སྟོན་རི་པའི་ཟླ་བའི་དཀྱིལ་འཁོར་གྱི་སྐྱེ་བ་དེ་ཡིན་ནམ།ཆུ་ཚོད་ཚིག་རྒྱན་གྱི་རྣམ་འདྲེན་ཆོས་ཉིད་ལས།
ཐོལ་གྱིས་བརྒལ་ཏེ། འཕགས་པའི་མཛད་རྗེས་ས་གཞིའི་ངོས་སུ་སྤྲུགས།
ཕྱིར་ལ་བལྟ་དུས། གང་ཟག་དེ་སྔར་ནས་ལོ་ངོ་སྟོང་གི་ཕ་རོལ་དུ་འདུག་གོ །
སྐྱེ་བ་སྔ་མས་སྐྱེ་བ་ཕྱི་མ་ལ་ཐོལ་གྱིས་འཕངས་པའི་མིག་ཞགས།
དེའི་ཁྲོད་ན་སྐྱས་འདེད་དུས་རབས་ཀྱི་ནར་འགྱང་འདུས་ཡོད།
རྣམ་པར་ཤེས་པ་དང་བེམ་པོ་གཉིས་སྔར་བཞིན་གཞི་གཅིག་ཏུ་གནས་པའི་བསྐལ་པའི་དུས་ཀྱི་གང་ཟག་གི་གཉུག་མ་འདི་ཨང་།
གཅིག་གམ་གཅིག་ལ་མི་ཐེངས་པའི་འགྲོ་མགོན་འཕགས་པས།
སེམས་ཀྱི་རང་བཞིན་མ་བཅོས་ཀྱང་། སྤྲུལ་བ་འབུམ་ཕྲག་གི་སྤྲུལ་སྒྱུར་སྔར་ནས་རྫོགས་པར་གྲུབ་སྟེ།
སྐད་ཅིག་མ་ལ། བསྐལ་པའི་དུས་ཡུན་ཞིག་དང་ཕན་ཚུན་ཟད་གཏུགས་སུ་སོང་།
དེ་བཞིན་ཉིད་དེ། ཁྱོད་ཀྱིས་སྐར་མས་ཁྱབ་པའི་ནམ་མཁའ་ཡིས་གོ་པེ་ལ་ལ་དབང་ཡང་བསྐུར།
དུས་རབས་བཅུ་གསུམ་པའི་མོང་གོར་ལ་སྐད་དང་མཐུན་པའི་ཡི་གེ་བཟོས།
ཡོན་ཆེན་པོའི་རྒྱལ་པོའི་རྒྱལ་ས་ལ་པེ་ཅིན་བདམས།
ཡིན་ཡང་། ཁྱོད་ཀྱིས་ཞི་བདེ་རྒྱ་མཚོ་ཆེན་པོའི་གཏིང་ཞབས་ཀྱི་ཆུ་སྲིན་དཀར་པོ་ཞིག་གཟིགས་མྱོང་ངམ།
ཁྱོད་ཀྱིས་རྟ་ལ་ཞོན་པའི་མཚོ་དམག་གི་རུ་དཔུང་ཞིག་ལ་མགོ་ལུང་བྱས་མྱོང་ངམ།
༣
མཆོད་རྟེན་ཡོམ་ཡོམ་དུ་འགུལ་བའི་མཐོང་ལམ་གྱི་གཞན་འགྱུར་གཟུགས་རིས་ཀྱིས་བུདྡྷའི་ཕུ་སྒྲ་ཞིག་ཀྱང་མི་ཐེག །ཡིན་ཡང་། ཁོ་བོ་དུས་རབས་ཉེར་གཅིག་པའི་རྩིས་ཐབས་ཀྱི་གཏིང་རིམ་དུ་ཡིབ་ཡོད།
འགྲོ་མགོན་འཕགས་པས་གོ་པེ་ལ་ལ་བཀའ་ཆོས་འདི་ལྟར་བསྩལ།
སྦྱོར་བའི་སྐབས་སུ་བོད་པའི་འབངས་མི་ཕལ་པའི་སྐད་ཀྱིས་སྨྲས།
དངོས་གཞིའི་སྐབས་ལ་བོད་པའི་བསྟན་བཅོས་ཀྱི་སྐད་དུ་བརྗེ་ཞིང་།
མཇུག་མཐར་སྐད་རིགས་གཞན་པ་གཉིས་སམ་གསུམ་ཞིག་བསྲེས་པ་སྟེ།
དཔེར་ན་ལེགས་སྦྱར་སྐད་དང་ས་སྐྱ་པའི་གསང་བརྡ་ལྟ་བུ།དཔེར་ན་གོ་ལ་གཞན་པའི་ཕྱག་རྒྱ་ལྟ་བུས་གསུངས།
སྣེ་མཐའི་གྲང་ཁུལ་གྱི་བསྒྲགས་གཏམ་འདི་དག་སྒྲ་མེད་དབུགས་མེད་དུ་སྣང་ཡང་། དེས་སྲིད་པའི་དར་རྒུད་ཅིག་སྨྲ་ཡི།
ཁོ་བོས་གོ་པེ་ལ་ཡིས་ཐོས་མིན་ལ་སྣང་འཇོག་མི་བྱེད་ཀྱང་ཅི་ལའང་ཁྱད་པར་མི་ཕྱེད་པའི་སེམས་དང་རྣ་ཅོག་ལ།
བུདྡྷས་ཐུགས་སྣང་ཆེན་པོས་གསན་ལགས་སམ།
ཁངས་བརྩེགས་ལས་ཀྱང་ཁ་ཁུ་སུམ་པའི་མདོ་ལ་རི་བོར་བལྟས་ནས།
ཁོ་བོས་ཟླ་གསར་གྱི་སེམས་སྐྱོ་ཡི་མུག་དང་སྤྲུལ་བའི་སྡེ་ཡི་ཤོག་སྡེབས་ཟད་པོ་གཉིས་གཅིག་དེ་གཅིག་ལ་འཁྲུལ།
ཁྱོད་ཀྱིས་གསོན་ངོགས་ནས་ཚད་རྡུལ་སྨྲ་བ་ལ་མཇལ་མྱོང་མེད་ན་ཁོ་བོས་ཁྱོད་ཀྱི་ཚབ་ཏུ་ཚར་གཅིག་བཤུ་འབྲི་བྱས་ན་ཁྱོད་ཀྱིས་གནང་ངམ།
༤
དགེ་ཚུལ་ནས་བསྙེན་རྫོགས་མ་མཛད་པའི་བར་སྐབས་ཤིག་ལ།འགྲོ་མགོན་འཕགས་པ་རྨི་ལམ་ནས་གླང་ཆེན་ཉལ་འདྲའི་བྱིས་དུས་ཀྱི་རི་བོར་ཕེབས།
ཡབ་ཟངས་ཚ་ཚོགས་བདག་གི་གླང་པོ་ཆེའི་སྣ་རྩེར་འཁུར་ནས།
རི་རབ་ཀྱི་རྩེ་མོར་བསྐྱལ་ཏེ་ལྟོས་ཤིག་དང་།
ཁྱོད་རང་གིས་གང་མཐོང་ཁྱོད་ཀྱི་བུ་ཡི་དབང་དུ་འདུ་བ་ཡིན་ནོ་ཟེར།
གླང་ཆེན་ཞིག །ས་ལ་ཉལ་བསྡད་པའི་དབང་དུ་བྱས་ནའང་།
དེ་ནི་རི་བོ་ཞིག་སྟེ། སྐྱེ་ཁམས་ནས་འཕྲོས་པའི་ས་ཁམས་ཤིག་ཡིན་ནོ། །
འཐབ་འཁྲུག་གིས་ནམ་ཡང་དྲག་ཆས་ཀྱི་གཉོམ་ས་མི་བཀྲལ་ཏེ།
རྒྱལ་པོའི་སྟོབས་ཤུགས་ཁོ་ནས་དཔག་སྟོབས་ཀྱི་མུ་རྒྱུན་མི་འཁྱོངས་པས།
རུ་དཔུང་གི་གོམ་སྟབས་ཀྱིས་དར་གོས་ཀྱི་རྗེས་ལ་སྙོགས་པའི་ངེས་པ་མ་མཆིས་སོ། །
རླུང་གི་རྒྱུ་ལམ་རྒྱུ་ལམ་ནས། འབུ་སྲིན་དག་གི་རྗེས་ཤུལ་ཧྲམ་མེར་མངོན།
ལོ་ཟླའི་བློ་ཁ་ནི་དེ་ལྟར་ཆུ་རྒྱུན་བཞིན་མཚམས་ཚིགས་མེད་པར་འབབ།
མཐོ་སྒང་ལ་མུ་མཐའ་མེད། ནམ་མཁའ་ནི་སྔོ་ཞིང་སངས་པས་རྒྱུ་སྐར་གྱི་བགྲོད་པ་ནམ་རྒྱུན་ལས་ལྡོག་སྟེ་ཇེ་དལ་དུ་བཏང་།
བུ་དྡྷས་བཞོས་མ་ཐག་གི་རྒོད་མའི་འོ་མ་བསྣམས་ཞིང་།
མྱ་ངམ་ཐང་གི་སྤྱང་ཀིའི་སྣེ་འཛིན་གྱི་རྗེས་སུ་འབྲངས་ཡོད་དེ། པི་ཝང་རྟ་མགོ་མ།
ག་དུས་ཡིན་ཡང་སྐྱོ་གདུང་གིས་སིམ་ཡང་། དེ་ཡིས་ཏག་ཏག་ཕྱུགས་རྫི་བུ་མོའི་སྣང་བ་གསོས།
རྨི་ལམ་ནས་བྱེ་ཐང་མཐོང་བའི་མི་དེའི་ལུས་ཡོངས་གསེར་བལ་གྱིས་ཁྱབ་ཡོད།
༥
ས་སྐྱ་པཎྜི་ཏ་དང་བྱང་ངོས་རྒྱལ་པོ་གོ་དན་གཉིས་ཀྱིས་ཀྱང་།སྒྱུ་ལུས་འབྱུང་བར་བསྟིམས་ཟིན་ལ། ཉི་མ་ནུབ་ཕྱོགས་ཀྱི་གཟུངས་རྣམ་མཐའ་དག །
རིམ་གྱིས་ཡུལ་ལུང་དེ་གའི་བྱ་དངོས་ཀྱི་སྒྱུ་འཕྲུལ་དྲ་བར་བཀྲལ།
ནགས་ཚལ་གྱི་གྲིབ་བསིལ་ནས་ཉི་འོད་ལམ་ལམ་གྱི་གཤམ་ལ་སྤོར་བའི་སྤྲིན་དཀར་དང་འདམ་ཉག་གཉི་གའི་བརྟུལ་ཞུགས་འཛིན་པའི་སྒྱུ་ལུས་དེས།
གསུང་རབ་པོ་ཏི་བརྒྱད་སྟོང་གི་ཞལ་ཡང་བསུམས།
གཟུགས་ཅན་གང་ལའང་མཚུངས་པ་མེད་པ་ཁོ་ནས། འགྲོ་མགོན་འཕགས་པ་མཆོག །
ཤེས་རབ་ཀྱི་དབུས་སུ་ཚུད་དེ། བུདྡྷའི་ལུས་སྦྱིན་གྱི་སྤྱན་ལ་ཁོང་གི་སྤྱན་གྱིས་གཟིགས།
ཁྱོད་ཀྱིས་ཕྱི་རབས་པ་དག་ལ། བདག་ནི་འགྲོ་མགོན་འཕགས་པའོ་ཞེས་གསུང་དགོས་ཅི་ཡང་མེད།
རྒྱལ་ས་པེ་ཅིན་དུ་གཏན་འཁེལ་བྱས་པ་དེའང་། བདག་གཞན་མཉམ་བརྗེའི་མཛད་ཆེན་ཞིག་ཅི་ལ་མིན།
དགུང་ལོ་བཅུ་པ་ལ། གཙང་ནས་ཐོན་ཏེ་ལྱང་ཇིའི་ཡུལ་དུ་བཞུད།
ཁ་བ་ལྟ་བུའི་མེ་རིའི་ཐལ་རྡུལ་ལའང་ཞིབ་ཏུ་བརྟགས།
དར་གོས་ལྟ་བུའི་ས་གཞི་ལ་སྒྱུ་ལུས་དལ་གྱིས་གླན།
དགུང་ལོ་བཅུ་གཉིས་པ་ལ། ཨུ་ཝེ་ལ་ཐོག་མར་ཞབས་སོར་བཀོད་དུས།
ཁྱོད་ཉིད་སྔར་ནས་སམ་ཡང་ན་བཀའ་མ་ལོག་གི་སྐྱེས་ཆེན་གང་རུང་ཞིག་ཏུ་འགྱུར་ངེས་སམ།
ངེས་པ་ཆུང་མཐའ་ལ་རེ་བ་ཆེ་མཐའ་འདོན་ཅི་ནུས་བྱེད་པ་དེས།
གཏིང་མི་དཔོག་པའི་མི་སྲིད་པ་ཞིག་དེ་བཞིན་གྲུབ་པར་བྱས།
༦
ལིའུ་ཕན་རི་ནས་འཕགས་པས་སེ་ཆེན་རྒྱལ་པོར་བསླབ་བྱ་འདི་ལྟར་གདམས།གསར་བཏོད་ཀྱིས་རོལ་ཟིན་འཚོ་བ་བསྐྱར་དུ་རོལ་བ་མ་གནང་རོགས།
མགོ་བོ་དམའ་སར་དུད་པའི་འོག་ནས། ཆེས་མཐོའི་ཀུན་བཏགས་ཀྱི་སྟེང་ནས།
སྡིག་གི་སྲ་མཁྲེགས་ལ་གོ་བ་མ་བསྐྱེད་རོགས། དམག་སྤྱི་ཚོས།
གནངས་སུ་བཅད་པར་རྩིས་བཤེར་ལེན་དུས་ཀྱང་། གཟའ་སྐར་ཕུར་བུ་དེ་ནང་དུ་རྩིས་མེད་དོ། །
ཤང་ལང་ལ་ཁོམ་ལོང་མེད་ཅིང་། སྐྱ་མིས་སྦས་པའི་བརྟུལ་ཞུགས་ཅན་ལའང་།
འཁོན་དང་བརྩེ་བ་ལྷུག་ལྷུག་བརྗོད་དུ་མེད། ཡིན་ཡང་། བར་སྣང་གི་སྤྲིན་གྱི་གཅན་གཟན་གྱི་ཕྲུ་གུས་ཀྱང་།
ཆོས་སྤྱོད་ཀྱི་བསླབ་འདོམས་ལ་ཇི་བཞིན་ཉན་པ་མ་ཡིན་ནམ།
བན་བོན་གྱི་སོ་མཚམས་ཉུལ་བའི་གདོང་རས་ཅན།
ལྐོག་ལྐོག་ནས་ཇིང་གིར་རྒྱལ་པོའི་ཆང་རག་སྡོམ་པའི་བཀའ་རྒྱ་དེ།
ནམ་མཁའི་བྱའང་བཟི་ནས་འཕུར་མཚམས་འཇོག་པར་མཐོང་བའི། ལྷ་དང་ལྷ་མོའི་བདུད་རྩི་རོལ་སྟངས་ཁོ་ནར་མཐོང་།
བྱ་ཡི་གྲིབ་མ། ཉིན་བཞིན་ཆང་རག་བག་མེད་དུ་འཐུང་བའི་ཨོ་གོ་ཏའེ་ལ་བཞག །
དགུང་ལོ་དྲུག་ཅུ་རེ་ལྔའི་སྟེང་། ལྱིང་ཇིའི་རྒྱལ་པོ་གོ་དན་གྱིས་ཀྱང་རང་ཉིད་ཆང་ལ་བསྔོས་སོ། །འཇའ་ས་ཆེན་པོས།
རྟ་ལ་བསྐོན་རྒྱུའི་སྲབ་དཀྱོགས་དེ་རྔ་མོང་མགོ་ལ་བསྐོན།
ཇིང་གིར་རྒྱལ་པོའི་ཁ་ཆེམས་བཞི་པ་གསང་བའི་རྒྱ་ལ་བསྡམས།
༧
བསྐལ་པ་སྟོང་གི་ལུ་གུ། བཤའ་བའི་ཚེ་ན་བཙའ་བ་ལྟར་དུ་གྲག་འགུལ་མེད།ནམ་མཁའི་ཕྱུགས་ར། ཆུ་སྲིན་ཤི་ལ་དུ་བ་མཇུག་རིང་ཤར།
རྟ་ཕོའི་རྨིག་པ་མཐོངས་ཀྱི་རྒོད་པོའི་གཤོག་པར་རེག་སྙམ་བྱེད།
འགྲོ་མགོན་འཕགས་པ་རྒྱང་རིང་ཡུལ་ནས་ཕེབས། ཕྱག་གི་ལྷུང་བཟེད།
རྒྱང་ནས་མཐོང་ན་སྤྲིན་དཀར་གྱི་རྣམ་པ་ལ། ཉེ་བར་བཅར་ན་འདམ་ཉག་གིས་བཟོས་པ་ཞིག །
ལྷུང་བཟེད་དེ་ཡང་མི་ཕྱུགས་གཉིས་ཀྱིས་ཕྱེད་ཀ་ཕྱེད་ཀར་ཟོས།
ཤེས་བཞིན་བསྟེན་དུས་རང་ལ་བུདྡྷའི་ཞལ་གྱིས་སྔར་ནས་རེག་པ་རྟོགས།
གནམ་ནས་ཆུ་ཟགས། ས་སྐྱོང་རྒྱལ་པོས་ཆུ་རགས་རྒྱག་པ་སོགས་ཀྱི་འགན་ཐོག་གི་སྐད་ལ་ཉན་ནམ་སེམས་ཀྱི་ལས་གཞིའི་བཀོད་པར་བརྟག་གམ་ཅི།
སྨྱུ་གུའི་རི་ལྷག་ཆུ་འཕྲོ་ནས་འཛུམ་པའི་གསེར་གྱི་སྣག་ཆུ་ཡིས།
གསུང་རབ་དང་ལེགས་བཤད་དུའང་ཕྱེ་རྡུལ་བསྲེས་པས།
བགྲོ་གླེང་གི་བར་མཚམས་བར་མཚམས་སུ། ཧྲག་ཧྲག་གི་སྒྲ་ཡང་ཐོས།
ཡིག་དྲུག་ཅི་ཙམ་མང་དུ་བཏོན་པ་ཡིས། དངོས་ཡོད་དེ་ཙམ་གྱིས་མང་བས།
ངེད་ཅག་གིས་གནའ་ནས་ད་བར་གྱི་སྐྱོ་སྣང་ཡི་མུག་འདི་ལ་ཅི་ལྟར་བྱ།
ངེད་ཅག་གི་རྒྱུན་འཛིན་ལ་ལུང་བསྟན་ཅི་ཡང་མེད།
༨
ལམ་ནས་མཐོང་ཚད་ཀྱི་ལྗོན་པ་ལ་མེ་ཏོག་མི་སྣང་། ངག་ནས་ངག་ལ་བརྒྱུད་པའི་ལོ་རྒྱུས་ཀྱིས།རལ་གྲི་དང་སྨྱུ་གུའི་ལས་ཁུར་དེ་ཡང་ལྕགས་ཀྱི་མཚོན་ཆ་དང་ཤིང་རྟའི་འཕྲུལ་འཁོར་ལ་བཅོལ།
ལུག་ཅིག་སྟག་ཏུ་གྱུར་པ་ནས་རྒྱུད་ལ་སྙིང་རྗེ་སྐྱེས་ན་ཡང་།
མི་ལུས་ཤིག་བླངས་པས་གླེགས་བམ་པགས་བྲིས་མ་འབུམ་ཕྲག་གིས་ཀྱང་རང་གཤིས་བསྒྱུར་དུ་མེད་དེ།
ལུས་རྟེན་བཞག་ནས་རྨི་ལམ་དུ་གྱུར་ན་མ་གཏོགས།
ཕུང་པོ་དེ་རང་བྱུང་ཁམས་གཉིས་པ་ཞིག་ལས། འགྱུར་བའི་རྒྱུ་རྐྱེན་མ་ཡིན་ནོ། །
འཁོར་འདས་དབྱེར་མེད་དུ་འདོད་པའི་ས་སྐྱ་པ། གཅིག་འབྱིན་གཅིག་རྔུབ།
ལྕགས་སུ་འགྱུར་མི་བཟོད་པའི་མེ་ཏོག་ཡོད་ཚད།
མི་འབྱེད་མི་ལྷུང་ཞིང་། ཞིབ་པར་བསྣམས་པའང་མི་རུང་ངོ། །
བོད་ཀྱི་དགེ་སློང་ལ། བཞུགས་སའི་གནས་ཤིག་ཅིས་ཀྱང་དགོས་མོད།
བཞུགས་པ་ཙམ་གྱིས་འཇའ་གུར་གྱིས་ཕུང་པོར་འཁྱུད་པ་ཞིག་ཏུ་ག་ལ་འགྱུར།
ཆུ་སྲིན་གྱིས་མཚན་མོའི་བར་སྣང་ནས་འོད་ཟེར་སྤྲོ་ཚུལ་བསླབས་མེད་ཅིང་།
རྡུལ་ཕྲ་རབ་དེ་གཟིག་གི་ཐིག་ལེ་ཡི་ཟབ་སར་སྦས་ཡོད།
ནང་པས་བལྟོས་བཅོས་སྨྲ་བ་ལོགས་སུ་བཞག་པ་དེས།
སྟོན་པ་སངས་རྒྱས་ཨེ་དབྱིན་སི་ཐན་གྱི་རྨི་ལམ་དུའང་མི་འཆར་བ་ཅི་ལ་མཚོན།
གཟའ་མིག་དམར་གྱིས་གཟའ་ལྷག་པའི་འཁོར་ལམ་ལྟར་རྒྱུ་བར་མི་བྱེད་པ་ནི།
འགྲོ་མགོན་འཕགས་པས་དལ་ལྷོད་ལྷོད་ཀྱིས་དེ་ཉིད་ཡིད་ལ་སྒོམ་ནས་ཡོད་པས་ཡིན།
༩
ཁོ་བོ་འགྲོ་མགོན་འཕགས་པས་རིག་གནས་ལྔ་དང་སྡེ་སྣོད་གསུམ་འཆད་པར་སྤྲོ་བ་ལས།གོ་པེ་ལ་ཡི་སྐྱ་རྩལ་དང་མདའ་རྩལ་ལ་མོས་པ་མེད་དོ། །
ཤ་ཟས་ཁྲག་འཐུང་ཀྱང་སྡང་སེམས་མི་དྭངས་པའི་མུ་སྟེགས་པར་ཁ་ལག་འགུལ་བ་ནི་དཀོན་མཆོག་ལ་རྨ་འབྱིན་པའི་སྦྱོར་བའོ། །
འགྲོ་མགོན་འཕགས་པས། མོང་གོར་རྒྱལ་ཁབ་ལ་ཡི་གེ་གསར་དུ་བཟོས་ཤིག །
འབྲི་ཀློག་ངོས་འཛིན་ནི་ལྷག་པར་འབྲོག་པའི་རང་གཤིས་ཀྱི་སྦས་ལུང་དང་གཡེ་ཐང་གི་ཡུལ་གྲུའི་རྣམ་པ་དང་མཐུན་ནོ། །
མོང་གོར་རྩྭ་ཐང་ཅི་ཙམ་གྱིས་མུ་མཐའ་མེད་ནའང་།
གཏན་སྡོད་བྱེད་ཅིང་། སྟན་ཐོག་ནས་སོ་ནམ་བྱེད་ལུགས་གླེང་བ་ནི།
ལི་ཡུལ་ཕྱོགས་ཀྱི་རྒྱ་མིའི་གདམ་ག་ཞིག་ཡིན་ནོ། །
ས་གཞིའི་སྟེང་དུ། ད་དུང་བྱ་ཁྱུ་དང་མི་གྲངས་ཀྱི་འཕེལ་ཁར་མ་གྱུར་པའི་ལོ་གཅིག་སྐྱེས་པའི་འབྲས་དཀར་གྱི་དྲན་རྟེན་ག་ཚོད་ཡོད་དམ།
སེམས་པ་ཆུང་ཆུང་ཞིག་ཁམས་ཆེན་པོའི་འཇིག་རྟེན་དུ་དཔྱངས་ན།
དེ་ལྟར་ཆུང་ཞིང་། དེ་ལྟར་ངོ་མཚར་བརྗོད་ཀྱིས་མི་ལང་བའི་ཐུགས་རྗེ་ཞིག །
མི་རྟག་པ་ཉིད་ཀྱང་ཇི་འདྲའི་རྫོགས་མཐའ་མེད་པ་ཞིག་གོ། །
སེམས་ནི་ཡར་ངོའི་ཚེས་རིས་ཏེ། རིམ་གྱིས་འཕེལ་བ་ཅི་ཞིག་གིས་ལགས་སམ།
༡༠
ལོ་གཞོན་སྐྱེས་སྤྲུལ་འཕགས་པ་དུས་རབས་ཉེར་གཅིག་པ་ལ་བརྒྱུད་དུས།དུས་རབས་བཅུ་གསུམ་པའི་ཆར་དང་མིག་ཆུའི་ཐིགས་པ་རྣམས།
དགོག་ཏུ་ཕྱིན་པའི་ས་སྐྱ་པཎྜི་ཏའི་སྤྱན་ལམ་དུ་བཅོལ་ཡོད།
འབྱར་བག་དེ་ཙམ་མི་ཆེ་ཞིང་། སྲབ་ཅིང་སེང་བའི་མེ་ལོང་གི་གཟུགས་བརྙན་ཙམ་དུ་སྣང་།
དུས་འདིར། ཁོ་བོ་གནའ་བོའི་ལྱིང་ཇི་མཁར་གྱི་སྲང་ལམ་ཀྱ་ཀྱོག་ཉུལ་ནས་ཡོད།
བགྲོད། གཞན་དབང་གིས་ལྡོག་སྟེ་བགྲོད་དགོས་ཏེ། ཉི་ནུབ་གཏིང་རིམ་དུ་སྦས་ཆོག་ཆོག་འདུག །
ཁྱོད་ཀྱང་བཞུད་ཀྱིན་གདའ། འོན་ཀྱང་ཞབས་གཉིས་ཕྱག་ན་མེད་དོ། །
རྒྱང་རིང་རྒྱང་རིང་ནས། གློ་བུར་རྟ་ཕོ་ཞིག་མངོན་འོངས།
ཐང་བརྒལ་རླངས་འཁོར་གྱིས་ཁྱོད་ཉིད་ནང་ལ་སྡོད་དུ་བཅུག་སྟེ།
མོང་གོར་བཙན་རྒྱལ་གྱི་བས་མཐའ་མེད་པའི་རྩྭ་ཐང་ནས་བརྒལ་དུ་འཇུག་ཀྱང་སྲིད།
སྒུལ་ཤུགས་བཞི་ལྡན་ཁྲོད་ཀྱི་འཁོར་ལོ་གཉིས།ངེས་པར་དབོག་དགོས་ཡོད།
ལམ་ཡངས་ནམ་མཁའི་མཐོངས་འདྲ་ནས། སྙེམས་པའི་མགོ་བོ་མཐོར་བཏེགས་ཏེ།
གོ་པེ་ལ་མི་རྐྱང་རྟ་རྐྱང་གིས་ལམ་ལ་བཞུད་ཆོག་ཆོག་བྱས། ངེས་པར་འཆི་བ་དེས་ཀྱང་།
ཁོའི་འཆི་འཕག་དང་སྨྱོ་འབོག་གི་ཟླ་ལ་མི་ཡོང་ངོ་། །
དེ་ལས། འཁྱགས་པ་སྲབ་མོ་ལྟ་བུའི་མཁའ་དབུགས་དང་དབྱང་དབུགས་ཀྱི་བཟི་ཁའི་བར་གླགས་ནས།
འགྲོ་མགོན་འཕགས་པ་དངོས་ནས་འཚོ་གཞེས་གནང་མྱོང་ངམ།
༡༡
ཕུང་པོ་བྱེ་བ་འབུམ་ཕྲག་ཏུ་སྤྲུལ་བའི་འགྲོ་མགོན་འཕགས་པ་ནི།འཁར་གསིལ་བསྣམས་བཞིན་རླུང་གིས་བཞུད་པའི་དགེ་སློང་བྱེ་མ་སྙེད་ཀྱི་ཕུང་པོ་གཅིག་ཏུ་སྤྲུལ་བ་ཙམ།
པདྨ་ནམ་མཁར་བཞད་པས། སྟན་ཐོག་ཏུ་བསྡད་པའི་མི་ལ།
བདེན་ཅོག་ཅོག་དང་སྣང་མདོག་མདོག་ཅིག་ཏུ་བལྟ་བའི་དགོས་པ་མ་མཆིས་སོ། །
གནམ་དང་ས་ལ་མཛེས་པ་ཆེན་པོ་བདོག་ཅིང་བདག་ཉིད་ཆུང་ངུས་བདག་ཏུ་མེད།
སོ་སོ་སྐྱེ་བོ་དག་ཀྱང་རིང་བསྲེལ་བཞིན་དུ་སྦས་པ་མིན།འ
གའ་ཞིག་གནས་སྐབས་ཙམ་ལ་སྡོད་ཅིང་། འགའ་ཞིག་གྲུ་གཟིངས་གནམ་གྱི་འཇིངས་སུ་ཞུགས་པ་བཞིན།
ལི་ཡུལ་གྱི་བསམ་བཀོད་དུ། ཁོ་བོས་མིག་གཉིས་བཙུམས་ཞིང་རང་གི་སེམས་ལ་བརྟགས།
འགྲོ་མགོན་འཕགས་པ་བར་སྣང་འཕུར་གྲུར་བཞུགས་ནས་ཡུན་རིང་འགོར།
རི་བོ་མི་སྣང་ཆུ་བོ་མི་མངོན་ཏེ། མིན་ན་བདག་རྙིང་གསར་དུ་སློག་པའོ། །
བུདྡྷའི་ཤད་ཨང་མཁའ་མཐར་སྣང་ཙམ་བྱས་པ་ཡིན་ནམ་ཅི།
ཉི་མ་ཤར་དྲགས་པས། གནམ་ནས་ཁ་བ་ཕབ།
ལག་ཁྱེར་ཁ་པར་ལ་ཉན་ཐེངས་རེར། ཁོ་བོས་ནམ་རྒྱུན་སིམ་སིམ་ཞི་བའི་སྒྲ་ནི་སྣ་ཚོགས་ཐོས་འགྱུར་ཏེ། དཔེར་ན་རླུང་གི་སྒྲ།
དཔེར་ན་སྔགས་བླ་མེད་ཀྱི་སྒྲ །དཔེར་ན་རྣ་བ་གཡས་པའི་མ་ཎི་འཁོར་ལོ་དེ་གཡོན་ལག་ཏུ་འཁོར་བཞིན་ཡོད་པ་ལྟ་བུའོ། །
དེ་ལྟ་ནའང་། སུ་ཞིག་གིས་དུས་རབས་ཉེར་གསུམ་པ་ནས་ཁོ་བོར་ཁ་པར་གཏོང་སྲིད་དམ།
དེ་བཞིན་དུ། ལྷག་པར་ཞིབ་ཕྲ་ཆེ་བའི་འདེད་རྩིས་ལས་ཁོ་བོ་ནི་འགྲོ་མགོན་འཕགས་པས་བློས་བསླངས་ཀྱིས་བགྱིས་པ་རྟོགས།
༡༢
ལན་ཇུ་ནས་ཨུ་ཝེ་ཡི་ལམ་དུ། བགྲོད་འཁོར་ཧ་ཤང་རི་ཁ་བརྒྱུད།ནུབ་ཕྱོགས་ཀྱི་ཡུལ་གྲུ་ནི་རྟ་ཕོ་ཡོད་པས་རྒྱང་རིང་དུ་སླེབས་པ་ཞིག་མ་ཡིན་ནོ། །
དུས་རབས་བཅུ་གསུམ་པའི་བོད་ཀྱི་དགེ་སློང་ཞིག །
དུས་རབས་ཉེར་གཅིག་པའི་མི་ཚོགས་སུ་ཡང་བསྐྱར་མངོན་སྲིད་དམ།
ཡིད་དབང་ཅིག་ཅར་འཕྲོག་པའི་ནམ་མཁའི་རྩྭ་ཐང་ཞིག་ཡིན་ཡང་།
གནའ་རབས་ཡིད་ལ་བྱེད་པའི་གང་ཟག་སུ་ཞིག་གིས།
སྒྲོ་སྤུས་བཟོས་པའི་གཞུ་སྦྲེང་ཞིག་ལ་ལག་པས་རེག་རེག་བྱེད་སྲིད་དམ།
ཞི་འཇགས་ལ། རྡོ་སྐུས་རེབ་ཐེངས་ཅི་ཙམ་ལ་ཞིབ་ཏུ་གསན་པའི་མྱོང་བ་ཡོད།
ཡང་ན་གཏན་ནས་མ་གསན་པའི་ངང་ཚུལ་ཞིག །ཡང་ན་རི་ཆུ་ཁྲི་ཕྲག་འབུམ་ཕྲག་ཅིག །
ལྐོག་གྱུར་གྱི་ཚེས་རིས་ནི་དག་ཅི་ལེབ་མོ་ཞིག་ཇི་བཞིན།
རྡོ་ཡི་ཁ་ལ་མུར་ནས་འཇིལ།
རྣམ་ཤེས་ཀྱིས་མི་ཡུལ་ལ་སྤྲོ་སྣང་སྦྱིན་པ་ནི། བདག་གསར་གྱིས་བདག་རྙིང་ངོས་ཟིན་པའི་སྐབས་ཀྱི་སོས་པ་དང་གསོན་ཉམས་གྱིས་ཡིན་ནོ། །
མི་རེ་རེའི་ལུས་སྟེང་དུ་ཤི་བོའི་རྣམ་ཤེས་རང་སར་འཕོ་བའི་མངོན་རྟགས་ཡོད་དེ། འཕགས་པའི་སྙན་ཤལ་འགྲམ་གྱི་ཐལ་རྡུལ།
གཟབ་གཟབ་ཀྱིས་བར་སྣང་དུ་འཕར་ཏེ། སྐྱེ་འགྲོ་ཐམས་ཅད་ལ་འགྲོ་མགོན་འཕགས་པའི་ཕྱི་རོལ་གྱི་སྒྲ་ལ་ཙོག་པུར་བསྡད་དེ་ཕྱི་མའི་འཚོ་ཚིས་ཀྱི་ལྷ་ཡུལ་སློབ་གསོ་མྱངས་ཆོག་པའི་གནང་བ་བསྩལ།
ཁ་སང་ཁོ་བོ་ཧ་ཤང་རི་ཁ་བརྒྱུད་དུས། འགྲོ་མགོན་འཕགས་པ་དང་དཔུང་བ་འཕྲད་ཙམ་གྱིས་སོང་མོད། ཡིན་ཡང་འདི་མཐའ་དག་སྐད་ཅིག་མའི་བག་ཆགས་ཙམ་ལས་མ་འདས་སོ། །
༡༣
དངོས་བཤམས་ཁང་དུ། ཤེལ་སྒྲོམ་རྒྱབ་ཀྱི་འགྲོ་མགོན་འཕགས་པ་ལ།གསེར་ཚོས་བྱུགས་མེད་མོད། གསེར་བྲིས་སྙན་ངག་དང་འཕགས་ཡུལ་གནས་སྤོ་ཡོད་པས།
དེ་དང་དངོས་སྣང་གི་འཇིག་རྟེན་གྱི་བར་ལ་ཁྲུང་ཁྲུང་ལ་བཅིབས་ནས་གཤེགས་པའི་གུས་ལུགས་ཀྱི་བར་ཐག་གིས་ཆོད་ཡོད།
སྐད་གདངས་གསལ་འདེབས་ཡོད་ཚད་ཀྱིས་རྨི་ལམ་གྱི་ངང་ཚུལ་འཛིན་ཞིང་།
རྨི་ལམ་ཕྱི་རོལ་གྱི་ལྗོངས་རྒྱུ་པ་ལ། ཁྲུང་ཁྲུང་ནང་དུ་བགྲོད་མི་ཆོག་ཅེས་ཏེ་གསལ་འདེབས་བྱེད།
རྩིས་ཐབས་ཀྱི་གཏུག་ངོས་སུ། གནའ་དཔྱོད་དང་གནའ་ཟློས་གཉིས་ཀྱིས་དམར་གདུང་དང་གྲོང་འཇུག་གི་ལུས་རྟེན་མཚམས་ཚིགས་མེད་པར་བཅད་སྒྱུར་བྱེད་ཅིང་མཆིས།
བསྒར་སྣེ་བལ་བ། འདི་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་ལྟ་བུའི་ཐག་གཅོད་ཅིག་ཡིན་ནོ། །
བཀྲལ་དུ་མེད་པའི་རྨི་ལམ་ལྟ་བུའི་དངོས་པོ་ཞིག་ཡོད་ངེས་ལ།
དེས་ཕྱེ་མ་ལེབ་བར་སྣང་དུ་འཕུར་བས་རྨ་བྱ་ལ་འགྱུར་བར་བྱེད་དོ། །
ཤེལ་སྒྲོམ་དུ་ན་བཟའ་མི་སྣང་བས། བུདྡྷས་ནུབ་ལྭ་དང་ལུས་རྩལ་གྱོན་གོས་ཀྱི་མགྲིན་ཚབ་བྱས་པ་མི་མཚོན་ནོ། །
མིའི་རིགས་ཀྱིས་འགྲོ་མགོན་འཕགས་པའི་འདུ་ཤེས་རྣམ་པ་ཅི་ཡིན་མི་རྟོགས།
དེ་ལས་ལྡོག་སྟེ། དངོས་པོའི་རྣམ་པའི་མཚར་སྡུག་གིས་སྲུང་འཛིན་བྱས་ཡོད་པ་ནི་གེལ་བ་སྐམ་པོའི་སྟེང་གི་སྟོན་པའི་རིང་བསྲེལ་ཏེ།
གཞན་གྱིས་བཅག་པས། གློ་བུར་དུ་ནམ་མཁའ་ནས་རླུང་ཆེན་ལྡང་།

ལོ་ཙཱ་པ། མཚོ་སྐྱེས།
བསྒྱུར་མཆན།དེ་ཡང་ཕྱི་ལོ༢༠༢༢ལོའི་ཟླ༤པའི་ཚེས༡༡ཉིན་སྙན་ངག་པ་ཨ་ལྡོང་དཔལ་རྡོ་ཐར་ལགས་ཀྱིས་ཁ་པར་དང་སྐད་འཕྲིན་གྱི་ལམ་ནས་རྒྱའི་དེང་རབས་སྙན་ངག་པ་ཨོའུ་དབྱང་ཅང་ཧོའི་སྙན་རྩོམ་རིང་མོ་འགྲོ་མགོན་ཆོས་རྒྱལ་འཕགས་པ(欧阳江河长诗: 圣僧八思巴)ཞེས་པ་གུས་པར་མཚམས་སྦྱོར་བྱས་པ་མ་ཟད། བོད་ཡིག་ཏུ་སྒྱུར་བའི་དགོས་པ་མང་ཙམ་གསུངས་ནས་སྐུལ་མ་བྱས་པ་ལ་རྐྱེན་བྱས་ཏེ། ཐེངས་འགའ་ཤས་ཤིག་ལ་ཡང་དང་བསྐྱར་དུ་ལེགས་པར་བཀླགས་ཤིང་ཞིབ་ཏུ་བརྟགས་པའི་རྗེས་ལ། ཟླ་དེའི་ཚེས༡༧ཉིན་ནས་ནད་ཡམས་ཀྱིས་ཉིན་ཤས་འཇགས་རྣམ་དོ་དམ་གྱིས་ནང་དུ་སྡོད་དགོས་པའི་ཡུན་ལ། མི་འཇགས་ཡིད་ཀྱི་སུན་པ་དང་སེམས་ངལ་བསལ་བའི་ཆེད་དང་། གྲོགས་པོའི་སྐུལ་ཁྲལ་མ་བཟློག་པ་ཙམ་དུ། ཉིན་རེར་རང་གི་མོས་པ་ལྟར་ཚན་ཆུང་ཐུང་ངུ་རེ་སྒྱུར་བའི་འགོ་བརྩམས་ལ། ད་དུང་གདོད་ནས་གོ་ཐོས་མེད་པའི་ཚན་རིག་དང་ཆོས་ལུགས། ལོ་རྒྱུས་སོགས་ཀྱི་རྒྱུན་ཤེས་ཀྱི་སྐོར་དང་ཐེ་ཚོམ་གྱི་གནས་སུ་ལུས་པའི་ཐ་སྙད་དང་། ལྷག་པར་རྒྱ་ཡིག་དེང་རབས་སྙན་རྩོམ་གྱི་དོན་སྟོན་ཚུལ་ཉམས་འདོན་ལུགས་ཤེས་སྟོབས་ཀྱི་མ་ཆོད་པ་ཡོད་ཚད་ལ་རྟགས་བརྒྱབ་ཅིང་པར་དུ་བཏབ་ནས་ཨ་ལྡོང་དཔལ་རྡོ་ཐར་ལགས་ལ་བསྐུར་ཏེ་གསལ་ཁ་གཅོད་རོགས་ཞུས་པ་དང་། ཁོང་གིས་ཀྱང་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་རང་གི་འདོད་ཚུལ། གཞན་གྱི་ལྟ་ལུགས། ཚིག་མཛོད་ལོ་རྒྱུས་སོགས་ཀྱི་བཀྲལ་སྟངས་སོགས་དུས་ཐོག་ནས་ལྷུག་པོར་ལན་དུ་བསྩལ་བ་དང་། རང་གིས་ཀྱང་སྐབས་གླགས་འདི་དང་བསྟུན་ནས། ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ལས་འགྲོ་མགོན་འཕགས་པའི་སྐོར་ཞིབ་པར་བཀླགས་ཏེ་ལོ་རྒྱུས་བྱུང་རིམ་དང་མི་མིང་ས་མིང་སོགས་རང་རིགས་ཀྱི་བསྟན་བཅོས་སུ་ཅི་ལྟར་འཁོད་པ་བཙལ་བ་སོགས་ཀྱི་ལས་ཀ་ཞོར་ལ་འགྱུ་བར་བྱས་ཐོག །སྙན་རྩོམ་གྱི་མ་གཞིའི་ཁྱད་ཆོས་འདོར་མི་རུང་བ་དང་བསྟན་བྱ་ལ་སྣོན་འཕྲི་ཡོང་མི་རུང་བའི་རྩ་དོན་སེམས་ལ་བཞག་ནས། ཐད་སྒྱུར་གཙོར་བཟུང་ཞིང་དོན་སྒྱུར་གྱིས་འགངས་བསྲིངས་པའི་ཚུལ་གྱིས། རྒྱ་ཡིག་སྙན་རྩོམ་གྱི་མ་གཞིའི་རྣམ་པ་བསྐྱངས་ཅི་ཐུབ་གྱིས་ཉིན་བཅུའི་རིང་ལ་སྙན་རྩོམ་རིང་མོ་འདི་ཡོངས་སུ་རྫོགས་པ་ལེགས་པར་བསྒྱུར་པའི་ཁུལ་ཡིན་ནོ། །
—ཞེས༢༠༢༢ལོའི་ཟླ༤པའི་ཚེས༢༦ཉིན་ལ་དོན་གྲུབ་ཚེ་རིང་ངམ་སྨྱུག་མིང་ལ་མཚོ་སྐྱེས་སུ་འབོད་པས་ཟི་ལིང་གི་རེ་སྦྱིན་ཆུ་ཁའི་རང་ཤག་ཏུ་སྒྱུར་མཆན་གྱི་ཚུལ་དུ་སྦྱར་བ་འཕྲལ་ལ་བདེ་ཞིང་ཕུགས་སུ་དགེ་བར་གྱུར་ཅིག །
ནང་དོན་ཡོངས་ཁུངས། ༢༠༢༤ལོའི«གངས་རྒྱན་མེ་ཏོག»དེབ་གཉིས་པ། མི་རྒོད་རྩོམ་རིག་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།
