༄༅།།冠状病毒ལ་པྲོག་དབྱིབས་ནད་དུག་ཅེས་བསྒྱུར་དགོས་ཚུལ་གྱི་གྲོས་གཞི།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སྤྱི་སྟེགས།
དུས་ཚོད།:2020-02-09
ཀློག་གྲངས།:
དེ་རིང་རྒྱལ་ཁབ་འཕྲོད་བདེ་ཨུས་新型冠状病毒肺炎གྱི་མིང་གཏན་ལ་ཕབ་ཚུལ་བསྒྲགས་པ་དང་བསྟུན་ནས། འདིའི་བོད་ཡིག་གི་འགྱུར་ཡང་གཅིག་གྱུར་འོང་དགོས་པ་གལ་ཆེར་མཐོང་ཕྱིར། ཐེངས་འདིའི་ཆེད་མཁས་བགྲོ་གླེང་ལ་ངེད་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་གླིང་གཙོ་གཞོན་པ། རང་སློབ་གླིང་གི་གསོ་བ་རིག་པའི་འབུམ་རམས་པ་ཐོག་མ་དཔལ་ཆེན་གསང་བདག་ལགས་ཀྱིས་སྤེལ་བའི་རྩོམ་ཐུང་འདི་ཇི་བཞིན་བཀོད་ཡོད་པས། མིང་བརྡ་གཅིག་གྱུར་ཡོང་བ་ལ་ཕན་ཐོགས་པར་སྨོན།
2019ལོའི་ལོ་མཇུག་ཏུ་གློ་བའི་རིམས་གསར་པ་ཞིག་ཝུའུ་ཧན་གྲོང་ཁྱེར་ནས་རྒྱལ་ཡོངས་སུ་མཆེད་པའི་མོད་ལ། དེའི་སློང་རྐྱེན་དུ་གྱུར་བའི་ནད་དུག་གི་མིང་ལ་བོད་ཡིག་ཏུ་ཏོག་དབྱིབས་ནད་དུག་དང་། པྲོག་དབྱིབས་ནད་དུག་ཟེར་བ་སོགས་འགྱུར་མི་འདྲ་བ་ཁ་ཤས་བྱུང་བས། འདིར་གསལ་བཤད་ཅུང་ཟད་ཞུས་ན། 冠状病毒ཞེས་པའི་ནད་དུག་འདི་མིའི་རིགས་ཀྱིས་སྔར་ནས་ཤེས་ཡོད་པ་ཞིག་སྟེ། SARSནད་དུག་དང་། MERSནད་དུག ཨེ་པོ་ལ་ནད་དུག་སོགས་ཀྱང་འདིའི་རིགས་སུ་གཏོགས་པ་ཡིན། དེ་ཡང་ནད་དུག་འདིའི་རིགས་ཀྱི་གཟུགས་དབྱིབས་ནི། གློག་རྡུལ་ཕྲ་ཤེལ་གྱི་པར་དུ་མཐོང་བ་ལྟར་ན། དབྱིབས་ཅུང་ཟད་སྒོར་མོ། སྟེང་དུ་རྩིབས་ལྟ་བུ་མང་པོ་བསྟར་ནས་ཡོད་པ། སྤྱི་ཡོངས་ནས་བལྟས་ན་ཉི་ཟླའི་གུར་དང་ནུབ་ཕྱོགས་པའི་གོང་མའི་དབུ་རྒྱན་རིགས་ལྔ་ལྟ་བུའི་ཞྭCoronaདང་འདྲ་བས་ན། Coronavirusཞེས་མིང་བཏགས། རྒྱ་ཡིག་ཏུ་Coronaཞེས་པ皇冠དུ་བསྒྱུར་ནས冠状病毒ཞེས་བྱུང་། ཐེངས་འདིར་ཝུའུ་ཧན་ནས་རྙེད་པའི་ནད་དུག་འདི་ཡང་冠状病毒ཞེས་པའི་ནད་དུག་འདིའི་རིགས་གསར་པ་ཞིག་ཡིན་འདུག དེ་ལ་འཛམ་གླིང་འཕྲོད་བསྟེན་ཚོགས་པས(WTO)དབྱིན་ཇིའི་སྐད་དུ་2019 Novel Coronavirus (2019-nCoV) ཞེས་བཏགས། དེ་ལས་Novelནི་གསར་པ་དང་། Coronaནི་པྲོག་ཞུ། virusནི་ནད་དུག་གི་དོན་ཡིན། དེ་རྒྱ་ཡིག་ཏུ་新型冠状病毒ཞེས་བསྒྱུརབ་ལ། བོད་ཡིག་གི་གསར་ལམ་དག་ཏུ་ཏོག་དབྱིབས་ནད་དུག་གསར་པ་ཞེས་བསྒྱུར་ནས་སྤེལ་ཡོད་མོད། དོན་གྱིས་པྲོག་དབྱིབས་ནད་དུག་གསར་པ་ཞེས་བསྒྱུར་འོས་ཏེ། རྒྱུ་མཚན་ནི།
༡ མ་ཡིག་གི་དོན་ཇི་བཞིན་མཚོན་ནུས་པ།
དེ་ཡང་གོང་གི་བོད་ཡིག་གི་འགྱུར་ལས། ཏོག་ནི་རྩེ་ལ་འཇུག་པས། ཏོག་དབྱིབས་ཞེས་པའི་སྐབས་སུ་ཞྭའི་ཏོག་ལ་འཇུག་པ་ལས། ཞྭའི་དབྱིབས་དང་འདྲ་བའི་དོན་མི་འོང་པས་ཁྱབ་ཆུང་ལ། པྲོག་ནི་རྩེ་མོ་ཙམ་དུ་མ་ཟད། པྲོག་ཞུ་ཞེས་གོང་མའི་དབུ་རྒྱན་དང་ཅོད་པན་ལ་གོ་བས། པྲོག་དབྱིབས་ཞེས་བསྒྱུར་ན། ཏོག་དང་པྲོག་ཞུ་གཉིས་ཀའི་དོན་འདུས་པས་ཁེབས་ཆེ་ཞིང་། སྐབས་འདིའི་མ་ཡིག་Coronaདང་། 冠(皇冠)གཉིས་ཀའི་དོན་ཇི་བཞིན་ཐོན་ཡོད་པས་འགྱུར་ལེགས་པར་མཐོང་། དེས་ན་冠状病毒ལ་པྲོག་དབྱིབས་ནད་དུག་དང་། 新型冠状病毒ལ་པྲོག་དབྱིབས་ནད་དུག་གསར་པ། 新型冠状病毒肺炎ལ་པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་དང་། 新冠肺炎ལ་པྲོག་གསར་གློ་ཚད་ཅེས་བསྒྱུར་ན་བོད་ཀྱི་སྲོལ་རྒྱུན་གྱི་བརྡ་དང་ཐ་སྙད་དང་མཐུན་ལ། བརྗོད་པ་ཡང་བདེ་བར་སྙམ།
༢ འགྱུར་ཁུངས་བཙུན་ཞིང་གཏན་ཆགས་སུ་ཡང་གྱུར་ཟིན་པ།
དེ་ལས་ཀྱང་གཙིགས་ཆེ་བ་ཞིག་ནི། བོད་རྒྱ་ཚིག་མཛོད་ཆེན་མོར་ཡང་པྲོག་ཞུ་ལ་天冠ཞེས་བསྒྱུར་ཡོད་པ་དང་། ༢༠༡༡ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད(《汉藏英对照现代医学词汇》)དུ་ཡང་། 冠状病毒(Coronavirus)ལ་པྲོག་དབྱིབས་ནད་དུག་ཅེས་བསྒྱུར་ཡོད་པས། ཕྱིས་ཀྱི་དེང་རབས་གསོ་རིག་གི་སློབ་དེབ་བོད་འགྱུར་མ་སོགས་ཀྱང་འདི་ཚད་མར་བཟུང་ནས་མིང་བརྡ་གཅིག་གྱུར་བྱས་པ་དང་། ད་ལྟའི་བར་ལོ་དགུའི་ཡུན་གྱི་བེད་སྤྱོད་ལ་བརྟེན་ནས་ཆེད་ལས་ཡིག་ཆ་ཕལ་ཆེ་བར་པྲོག་དབྱིབས་ནད་དུག་ཅེས་པ་འདི་གཅིག་གྱུར་བྱུང་ཡོད་པས། སྔར་ཡོད་པའི་ཆེད་ལས་མིང་མཛོད་ལ་བསྟུན་ནས་གཏན་ལ་ཕབ་ཟིན་པའི་མིང་བརྡ་རྣམས་ལེགས་པར་སྤྱོད་པ་ནི་ལོ་ཙཱའི་ལག་ལེན་གྱི་རྩ་དོན་ཡིན་པས་བརྩི་བར་འོས་པ་འབའ་ཞིག་ཡིན། རྒྱ་བོད་དབྱིན་གསུམ་ཤན་སྦྱར་མིང་མཛོད་ཅེས་པ་དེའི་མིང་བརྡ་རྣམས་གཏན་ལ་འབེབས་པའི་ཚེ་ན་འང་། མདོ་དབུས་ཁམས་གསུམ་གྱི་ལོ་ཙཱ་བ་དང་། དགེ་རྒན་ཆེན་མོ། སྨན་པ། བརྡ་སྤྲོད་ཀྱི་མཁས་པ། ཞིབ་འཇུག་པ་སོགས་མཁས་པ་མང་པོས་ཟུར་དང་ངོས་མི་འདྲ་བ་ནས་ཡང་ཡང་བགྲོས་ནས་གཏན་ལ་ཕབ་པ་ཡིན་པས། གསར་ལམ་གྱི་འཕྲལ་ལས་ལ་བརྟེན་ནས་འགྱུར་མ་དག་པ་རྒྱུན་འབྱམས་སུ་གཏོང་བར་མི་རིགས་སོ། །
༣ མིང་དེ་དང་འབྲེལ་བའི་འགྱུར་གཞན་ལ་འང་དོན་འབྱོར་བ།
འདི་ལས་འཕྲོས་ཏེ冠状ཞེས་པས་གྲུབ་པའི་མིང་གཞན་གྱི་ཁོར་ཡུག་དུ་བཞག་ནས་བལྟས་ན། 冠状动脉(corona artery) ལ་པྲོག་དབྱིབས་འཕར་རྩ་ཞེས་བསྒྱུར་བ་དང་། 冠状韧带(corona ligament)ལ་པྲོག་དབྱིབས་ཆུ་བ། 冠状白内障(corona cataract)ལ་པྲོག་དབྱིབས་བར་འགྲིབས། 冠状窦(corona sinus)ལ་པྲོག་དབྱིབས་ཀོང་བུ། 冠状循环(corona circulation)ལ་པྲོག་དབྱིབས་འཁོར་རྒྱུན་ཞེས་བསྒྱུར་ནས་ཀུན་གྱིས་སྤྱོད་ཅིང་གཏན་ཆགས་སུ་གྱུར་པའི་འགྱུར་རྣམས་ཀྱང་། རིམ་པ་བཞིན་ཏོག་དབྱིབས་འཕར་རྩ་དང་། ཏོག་དབྱིབས་ཆུ་བ། ཏོག་དབྱིབས་བར་འགྲིབས། ཏོག་དབྱིབས་ཀོང་བུ། ཏོག་དབྱིབས་འཁོར་རྒྱུན་ཞེས་བཅོ་དགོས་ན། འདི་དག་རེ་རེ་ནས་དོན་ལ་འང་མི་འབྱོར་ལ། མིང་འདི་རྩ་བར་གྱུར་བའི་མིང་བརྡའི་རྩ་ལག་ཅིག་གམ་རིག་གཞུང་གི་སྐྱེ་ཁམས་མ་ལག་ཅིག་གཏོར་བརབྱེད་པས། པྲོག་དབྱིབས་སུ་བསྒྱུར་བ་ལས་ཐབས་མེད།
༤ མིང་གི་ཆ་ཤས་གཞན་བླ་ཐབས་སུ་སྣོན་ཡང་མི་དགོས་པ།
ཡང་པྲོག་དབྱིབས་ནད་དུག་གསར་པའི་གློ་རིམས་དང་། པྲོག་དབྱིབས་ནད་དུག་གསར་པའི་གློ་བའི་རིམས་སྨྱོན་སོགས་བོད་ཀྱི་སྨན་གཞུང་གི་མིང་བླ་ཐབས་སུ་བསྣན་ནས་མིང་བཏགས་པ་འང་འགའ་རེ་མཐོང་མོད། ཐེངས་འདིར་ནི་དེང་རབས་གསོ་རིག་གི་མིང་བརྡ་ཞིག་བོད་དུ་བསྒྱུར་ནས། བོད་ཀྱི་སྐད་ཡིག་གི་ལམ་ནས་བརྡ་སྤྲོད་པ་ཡིན་པས། མ་ཡིག་གི་དོན་ཇི་བཞིན་འོང་བར་འབད་པ་ལས། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་གོ་བ་ལེན་སྟངས་ལ་ལྟོ་སྦྱོར་བའི་སྐབས་མ་ཡིན་ཏེ། བོད་ཀྱི་གསོ་རིག་དང་སྦྱོར་དགོས་ན། དེ་ནི་ཞིབ་འཇུག་གི་ཁྱབ་ཁོངས་གསར་པ་ཞིག་ཡིན་པས། ཐོག་མར་ཆེད་དོན་བརྟག་བཅོས་ཀྱི་སྒྲོམ་ཞིག་ཇུས་འགོད་བྱ་དགོས་ཏེ། དེ་ཡང་གཞུང་ལུགས་ཀྱི་སྒྲོམ་གཞི་རྒྱ་ཆེ་བས་ཕྱིས་ཀྱི་འགྱུར་བ་རྣམས་ཁོངས་སུ་བསྡུ་ཐུབ་པ་། གསོ་ཚུལ་དང་གསོ་ཐབས་གཉིས་འབྲེལ་ཆགས་པས་གཏན་ཚིགས་ཀྱི་འགྲོས་ལེགས་པར་གསལ་བ། ནད་ཐོག་ལག་ལེན་དུ་འཁྱེར་བདེ་བས་བམ་བཤད་སྟོང་པ་མ་ཡིན་པ་སྟེ། འདི་ལྟ་བུའི་བླང་བྱ་གསུམ་གྱི་སྒོ་ནས་བསྒྲིགས་ན་ལེགས་པར་འདོད། དེས་ན། བོད་སྨན་གྱི་མིང་བླ་ཐབས་སུ་སྣོན་པ་ལས་ཀྱང་། དབྱིན་རྒྱ་སྐད་རིགས་གཉིས་ཀའི་མ་ཡིག་ལ་བསྟུན་ནས་པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཅེས་འདོགས་འོས།
ཡང་མིང་རྩོད་པ་ལ་དགོས་པ་མེད་ཟེར་བ་འང་ཡོད་མོད། མིང་ཡང་གལ་ཆེ་སྟེ། ནད་དུག་གསར་པའི་མིང་ལེགས་པར་མ་ཐོགས་པས་ཡུལ་ཁམས་དང་མི་དམངས་ལ་ལོག་པའི་ནུས་པ་ཐོན་ཏེ། ཡུལ་དེ་དག་གི་ལྗོངས་རྒྱུ་དང་། ཚོང་ལས་སོགས་ལ་འགལ་རྐྱེན་སྣ་ཚོགས་བཟོས་པ་དང་། མིང་ལ་བརྟེན་ནས་གོ་བ་ལོག་སྟེ་ཡུལ་ཕྱོགས་གཅིག་གི་སྲོག་ཆགས་རིགས་ཁ་ཤས་མེད་པར་བྱས་པའི་ལོ་རྒྱུས་ཀྱང་ཡོད། རྒྱལ་ཁབ་འཕྲོད་བདེ་ཨུས(国家卫健委)ཀྱང་དེ་རིང་ད་གཟོད་ནད་འདིའི་མིང་སྣ་ཚོགས་ཀྱི་ནང་ནས་新型冠状病毒肺炎(Novel coronavirus pneumonia, NCP) ཞེས་པ་གཏན་ལ་ཕབ་ཚུལ་ཁྱབ་བསྒྲགས་བྱས་པས། རང་རེས་ཀྱང་འདི་དང་བསྟུན་ནས་གཅིག་གྱུར་གྱིས་新型(Novel)ཞེས་གསར་པ་དང་། 冠状病毒(coronavirus)ཞེས་པྲོག་དབྱིབས་ནད་དུག肺炎(pneumonia )ཞེས་གློ་ཚད་དུ་བསྒྱུར་བ་ལྟར། པྲོག་དབྱིབས་ནད་དུག་གསར་པ་དང་། པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད། བསྡུས་མིང་ལ་པྲོག་གསར་གློ་ཚད་ཅེས་པའི་མིང་འདི་སྤྱོད་པར་ཞུའོ། །

འབྲེལ་ཡོད་འོས་སྦྱོར།