༢༠༢༥ལོའི་རྒྱ་བོད་བརྡ་ཆད་གསར་པ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས།
དུས་ཚོད།:2025-07-17
ཀློག་གྲངས།:

༄༅། །བརྡ་ཆད་ཁ་ཤས་བཟོ་བཅོས་བཏང་བའི་སྐོར་གྱི་གསལ་བཤད།
2025ལོའི་ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་ཀྱི་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་གྲོས་ཚོགས་ཐོག་ཆེད་མཁས་རྣམ་པས་བཏོན་པའི་དགོངས་འཆར་གཞིར་བཟུང་ཡང་བསྐྱར་འདོར་ལེན་གང་འཚམ་བགྱིས་སྐོར་འདིར་གསལ་བཤད་མདོར་བསྡུས་ཞུ་བ་ལ།
དང་པོ། ཚིག་མཛོད་སོགས་སུ་གཏན་འབེབས་བྱས་ཚར་བ་རྣམས་ཚིག་མཛོད་དང་བསྟུན་ཡོད་དེ། བརྡ་ཆད་གཅིག་གྱུར་ལས་དོན་གྲོས་ཚོགས་ཐོག“灯塔工厂”ཞེས་པ“སྒྲོན་ལྕོག་བཟོ་གྲྭ་”ལ་བཅོས་མོད། ཚིག་མཛོད་མང་པོར“灯塔”ཞེས་པ“སྒྲོན་སྟེགས”སུ་གཏན་འབེབས་བྱས་ཡོད་པས་དེ་དང་བསྟུན་ནས་དེ་སྔའི“སྒྲོན་སྟེགས་བཟོ་གྲྭ”ཞེས་པའི་འགྱུར་སོར་བཞག་བྱས་ཡོད།
གཉིས་པ། མ་ཡིག་གི་ནང་དོན་ཇི་བཞིན་ཐོན་མེད་པའམ་འགྱུར་དེ་འདྲ་ཡག་པོ་ཐོན་མི་འདུག་པ་མ་ཡིག་གི་དོན་དང་བསྟུན་གང་ཐུབ་བྱས་ཡོད་དེ། “独角兽企业”ཞེས་པ་ནི་རི་དྭགས་རྭ་གཅིག་ལྟ་བུའི་ཁེ་ལས་ཞེས་དཔེའི་སྒོ་ནས་བསྟན་པ་ཞིག་ཡིན་ཞིང་། བརྡ་ཆད་གཅིག་གྱུར་ལས་དོན་གྲོས་ཚོགས་ཐོག་དེ་ཉིད“ཁེ་ལས་རྭ་གཅིག་མ་”ཞེས་སུ་བཅོས་མོད། འགྱུར་གང་དེས་མ་ཡིག་གི“兽”ཡི་ནང་དོན་ཐོན་མེད་པས། དེ་སྔའི“རི་དྭགས་རྭ་གཅིག་ཁེ་ལས”ཞེས་པའི་འགྱུར་སོར་བཞག་བྱས་ཡོད།
གསུམ་པ། རྗོད་པ་གཅིག་གྱུར་དང་བདེ་མོའམ་ཚིག་སྣ་བསྡུ་བར་དམིགས་ནས་དེར་བསྟུན་གྱིས་བརྡ་ཆད་རེ་འགར་བཟོ་བཅོས་བརྒྱབ་ཡོད་དེ། “境”ཞེས་པའི་འགྱུར་ཡིག་གི་རྗོད་པ“ཁོངས”ཞེས་གཅིག་གྱུར་ཡོང་ཆེད། “过境免签”ཞེས་པ“ཁོངས་བརྒལ་ཐོངས་མཆན་འགོད་མི་དགོས་པ”ཞེས་པར་བཅོས་ཡོད། རྗོད་པ་བདེ་མོའམ་ཚིག་སྣ་བསྡུ་བར་དམིགས་ནས། “耗材集采” “入境消费”ཞེས་པ་སོ་སོར“གྲོན་རྫས་བསྡུས་ཉོ”དང“ཁོངས་འཛུལ་འཛད་སྤྱོད”ཅེས་སུ་བཅོས་ཡོད།
གོང་གི་དཔེར་བརྗོད་ལས་གཞན་བརྡ་ཆད་གཅིག་གྱུར་ལས་དོན་གྲོས་ཚོགས་ཐོག་ཆེད་མཁས་རྣམ་པས་བཏོན་པའི་དགོངས་འཆར་ཇི་མ་ཇི་བཞིན་དང་ལེན་བྱས་ནས་ལེགས་སྒྲིག་བྱས་ཡོད།
ད་ལོའི་བརྡ་ཆད་གཅིག་གྱུར་ལས་དོན་གྲོས་ཚོགས་ཐོག་ཐ་སྙད190ཞུས་དག་གཏན་འབེབས་བྱུང་། འདི་དག་ནི་ཉེ་བའི་ལོ་གཅིག་གི་རིང་ཕྲད་པའི་ཐ་སྙད་གསར་པ་ཡིན་ཞིང་། ལས་རིགས་ཁག་གི་ཡིག་སྒྱུར་ཁྲོད་རྒྱུན་པར་ཕྲད་དང་འཕྲད་འགྱུར་ལགས་ན་དེ་བཞིན་ཡིག་སྒྱུར་གྱི་ལས་ལ་གཞོལ་བའི་ལོ་ཙཱ་བ་རྣམ་པས་གཅིག་གྱུར་གཏན་འབེབས་བྱུང་བའི་ཐ་སྙད་འདི་བཞིན་རང་སོ་སོའི་ལས་ཀའི་ཁྲོད་ནས་བེད་སྤྱོད་ཅི་ཐུབ་གཏོང་བར་འབོད་སྐུལ་ཞུ་རྒྱུ་ཡིན་ལ། ལྷག་དོན་ལོ་འདི་སྙེད་ཅིག་གི་རིང་ལ་བོད་སྐད་ཡིག་གི་བརྡ་ཆད་གཅིག་གྱུར་ལས་དོན་ལ་ལྷག་པའི་བསམ་པ་རྣམ་པར་དག་པས་རྒྱབ་སྐྱོར་དང་ཐུགས་ཁུར་ཟབ་བཞེས་གནང་བའི་ཆེད་མཁས་དང་ལོ་ཙཱ་བ་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སླད་མའི་ཆར་ཡང་ཁྱེད་རྣམ་པའི་སྐུ་གཟུགས་གསལ་ཐང་ཡོང་བ་དང་འཚོ་བར་བདེ་སྐྱིད་ལྡན་པའི་ངང་མུ་མཐུད་རང་ཅག་གི་ལོ་ཙཱ་དང་བརྡ་ཆད་གཅིག་གྱུར་ལས་དོན་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་རྒྱུ་མཁྱེན་མཁྱེན་མཁྱེན་ཞུ་བ་ལགས། །

འབྲེལ་ཡོད་འོས་སྦྱོར།