logo

ན་གོར་མོའི་དམག་སྤྱི་གླིང་ག་རྒྱལ་ཁབ4Aརིམ་པ་དང་ཞིང་ཆེན་རིམ་པའི་དམར་སྲུང་གནས་སྐོར་གྲགས་ཅན་གྱི་མཚན་གསོལ།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-06-07 ཀློག་གྲངས།:

     ཉེ་ཆར། མཚོ་སྔོན་ཞིང་ཆེན་གནས་སྐོར་ལྗོངས་ཁུལ་རྒྱུ་སྤུས་རིམ་འབྱེད་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམར་སྲུང་གནས་སྐོར་བྱ་བའི་མཐུན་ཚོགས་འགོ་ཁྲིད་ཚན་ཆུང་གིས་ན་གོར་མོ་དམག་སྤྱི་གླིང་ག་དེ་རྒྱལ་ཁབ་ཀ4Aརིམ་པ་དང་ཞིང་ཆེན་རིམ་པའི་དམར་སྲུང་གནས་སྐོར་གྲགས་ཅན་གྱི་མཚན་སྙན་གསོལ། འདི་ནི་ན་གོར་མོའི་ཁུ་ནུ་རིག་གནས་ལྗོངས་ཁུལ་ལ་མིང་གྲགས་ཐོབ་རྗེས་ཀྱི་རྒྱལ་ཁབ4Aརིམ་པའི་གནས་སྐོར་ལྗོངས་ཁུལ་གྲགས་ཅན་གྱི་མཚན་སྙན་ཐོབ་པ་ཐེངས་གཉིས་པ་ཡིན།

     ཟླ་འདིའི་ཟླ་མཇུག་ལ། ན་གོར་མོའི་དམག་སྤྱི་གླིང་ག་རྒྱལ་ཁབ4Aརིམ་པ་དང་ཞིང་ཆེན་རིམ་པའི་དམར་སྲུང་གནས་སྐོར་གྲགས་ཅན་གྱི་མཚན་སྙན་མིང་བྱང་འགེལ་བའི་མཛད་སྒོ་སྤེལ།
     ན་གོར་མོ་གྲོང་ཁྱེར་གནས་སྐོར་ཅུའུ་ཡི་ཅུའུ་ཀྲང་ལའོ་ཞིན་གྱིས་བཤད་རྒྱུར། དམག་སྤྱི་གླིང་ག་ལ་རྒྱལ4Aརིམ་པའི་ལྗོངས་ཁུལ་གྱི་མིང་བྱང་གནང་བ་ནི་ན་གོར་མོའི་གནས་སྐོར་ལས་རིགས་ལ་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ཡོད་ལ། འདིའང་ང་ཚོ་ན་གོར་མོ་གྲོང་ཁྱེར་རྒྱལ་ཁབ་རིམ་པའི་གནས་སྐོར་ལྗོངས་ཁུལ་གྱི་མིང་རྟགས་ཐོབ་པ་ཐེངས་གཉིས་པ་བ་ཡིན་ཟེར།

དམག་སྤྱི་གླིང་ག

     སྤྱི་ལོ2009ལོར་ན་གོར་མོའི་དམག་སྤྱི་གླིང་ག་གསར་དུ་སྒོ་ཕྱེ་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་བྱས་ཤིང་། སྤྱི་གླིང་ནི་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཁག་དང་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་ཤུལ་རྙིང་དང་དམག་སྤྱི་མའོ་ཧྲིན་ཀྲུང་རྗེས་དྲན་ཁང་ལྟེ་བར་བཟུང་ནས་ཇུས་འདོན་བྱས་ཡོད་ལ། མཚོ་བོད་གཞུང་ལམ་དང་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ལོ་རྒྱུས་དང་ན་གོར་མོ་གྲོང་ཁྱེར་འཕེལ་རྒྱས་ཀྱི་ལོ་རྒྱུས་གཙོ་བོར་བཟུང་ནས། ལམ་སྐྲུན་སྙིང་སྟོབས་དར་སྤེལ་གཏོང་བ་རྒྱུན་འཛིན་བྱེད་པ་དང་། དམར་སྲུང་ལྗོངས་ཁུལ་བཞེངས་སྐྲུན་བྱེད་རྒྱུ་དམིགས་འབེན་དུ་བཟུང་ཞིང་། ཕྱོགས་ཡོངས་ནས་ན་གོར་མོ་མིའི་ཁྱད་འཕགས་ལྔ་ཡི་མཚོ་བོད་ལྕགས་ལམ་སྙིང་སྟོབས་དང་དུས་རབས་གསར་བའི་ཚྭ་འདམ་སྙིང་སྟོབས་ཀྱི་ལོ་རྒྱུས་འཕེལ་རྒྱས་ལམ་བུ་མངོན་པར་མཚོན་ཡོད་ལ། དམར་པོའི་ཐོན་ཁུངས་ཀྱི་སློབ་གསོ་བེད་སྤྱོད་བྱེད་པ་དང་། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་པའི་འཚོ་གནས་ཆ་རྐྱེན་གྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱས་ནས། ཚེ་སྲོག་དང་ལང་ཚོ་ཡིས་མཚོ་བོད་མཐོ་སྒང་འཛུགས་སྐྲུན་གྱི་ལོ་རྒྱུས་གླེགས་བམ་དངོས་བྲིས་ཡོད་པ་བདེན་དཔང་བྱས་ཡོད། སྤྱི་ལོ2016ལོར། ན་གོར་མོ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ས་ཡ་གསུམ་བཏང་ནས་སྤྱི་གླིང་གི་རྨང་གཞི་སྒྲིག་ཆས་ཞིག་གསོ་བྱས་ཏེ། ལྗོངས་ཁུལ་གྱི་སྒྲིག་ཆས་རིམ་འཕེལ་བྱ་བ་འཐུས་ཚང་དུ་བཏང་བ་དང་། ལྗོངས་ཁུལ་གྱི་དོན་སྤྱི་ཕུན་ཚོགས་སུ་བཏང་ཞིང་། བྱེད་ནུས་དང་ལྷུ་ལག་ཆ་ཚང་བར་བྱས་ལ། དོ་དམ་ཕན་ནུས་ལྡན་ཞིང་ཁོར་ཡུག་མཛེས་ཤིང་གཙང་ལ་ཚད་ལྡན་ཅན་དུ་བཏང་། བསྡོམས་རྩིས་བྱས་པ་ལྟར་ན། ཉེ་བའི་ལོ་དགུ་ཡི་ནང་ལ་ན་གོར་མོ་དམག་སྤྱི་གླིང་གས་སྤྱི་ཚོགས་ལས་རིགས་སོ་སོའི་སྐུ་མགྲོན་མི་ཐེངས་འབུམ་བདུན་ལྷག་སྣེ་ལེན་བྱས།

     ན་གོར་མོ་གྲོང་ཁྱེར་དམག་སྤྱི་གླིང་ག་དོ་དམ་ཁང་གི་འགོ་གཙོ་ལུའུ་ཧྭའེ་ཞྰ་ཡིས་བཤད་རྒྱུར། རྗེས་མར་ང་ཚོས་འདུ་ཤེས་གསར་བ་དང་ཚད་གཞི་གསར་བ། སྒྲིག་གཞི་གསར་བ། འཕེལ་ཕྱོགས་གསར་བའི་བླང་བྱ་ལྟར། ཕྱོགས་ཡོངས་ནས་རིག་གནས་ཞབས་ཕྱི་ཡི་མིང་རྟགས་བཞེངས་བསྐྲུན་བྱས་ནས། ཞབས་ཕྱིའི་ཆུ་ཚད་སྔར་ལས་འཐུས་ཚང་དང་ཚད་ལྡན་ཅན་དུ་གཏང་རྒྱུ་ཡིན་ལ། བླང་བྱ་ནན་མོ་སྒོས་ཕྱོགས་ཡོངས་ནས་ཞབས་ཕྱིའི་སྤུས་ཀ་མཐོར་འདེགས་བྱས་ཏེ། གནས་སྐོར་སྐུ་མགྲོན་ལ་ལྗོངས་ཁུལ་ཡག་པོའི་ཁོར་ཡུག་ཅིག་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
 


འབྲེལ་ཡོད་འོས་སྦྱོར།