logo

མཚོ་ལྷོ་ཁུལ་གྱིས་མི་རིགས་ཀྱི་ཡུལ་སྐོར་རིག་གནས་སྔོག་འདོན་བྱེད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-04-09 ཀློག་གྲངས།:


བྲག་དཀར་སྤྲེལ་རྫོང་།

     སྤྱི་ཟླ4བའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡུལ་སྐོར་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2016ལོར་མཚོ་ལྷོ་ཁུལ་གྱིས་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་རོལ་མྱོང་ཡུལ་སྐོར་དང་ཡུལ་ལྷའི་ལྷ་ཁང་དུ་གསོལ་འདེབས་གནས་སྐོར་འདུས་པའི་དམངས་སྲོལ་བྱ་འགུལ་རྣམ་གྲངས་མང་པོ་དང་། རྨ་ཆུའི་ས་གཤིས་སྤྱི་གླིང་ཡུལ་སྐོར་མཛེས་ལྗོངས་ཆེན་མོ་འདུས་པའི་མཛེས་རྣམ་ཡུལ་སྐོར་བཅས་ཐོན་རྫས་གཉིས་ལས་ཁུལ་ཡོངས་ཀྱི་ཡུལ་སྐོར་ཚོང་ར་སྔོག་འདོན་ལ་སྐུལ་འདེད་བྱ་རྒྱུ་རེད།

     མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་མཚོ་སྔོན་པོ་དང་། རིག་སྨོན་ཆུ། ཚལ་རྔ་འགག་སོགས་དང་། བོད་རྒྱ་ཧོས་རིགས་སོགས་མི་རིགས་ཀྱི་དམངས་སྲོལ་རིག་གནས་འཚོ་རྣམ་མཉམ་གནས་ཀྱི་ཡུལ་སྐོར་ཐོན་ཁུངས་མང་པོ་ཡོད།
     མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཝང་ཕུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། 2016ལོར་མཚོ་ལྷོ་ཁུལ་གྱིས་དགུན་སྟོན་དཔྱིད་བཅས་སུ་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་རོལ་མྱོང་ཡུལ་སྐོར་དང་ཡུལ་ལྷའི་ལྷ་ཁང་དུ་གསོལ་འདེབས་གནས་སྐོར། དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོར་ཤེས་གནས་སྐོར། རྨ་ཆུར་རྐྱལ་བའི་རྩེར་སོན་འགྲན་བསྡུར་སོགས་ཡུལ་སྐོར་ཐོན་རྫས་རབས་དང་རིམ་པ་སྤེལ།
     དེ་མིན་མེ་སྤྲེལ་ལོར་དད་ལྡན་མང་ཚོགས་བྲག་དཀར་སྤྲེལ་རྫོང་ལ་གནས་མཇལ་དུ་ཕེབས་པའི་སྲོལ་རྒྱུན་དང་དམིགས་ཏེ། མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཡུལ་སྐོར་སྡེ་ཁག་གིས་བྲག་དཀར་སྤྲེལ་རྫོང་གནས་སྐོར་འཛུགས་སྐྲུན་ཐད་ཆེད་དུ་མཚམས་སྦྱོར་ཁྱབ་སྤེལ་གནང་།


འབྲེལ་ཡོད་འོས་སྦྱོར།