logo

ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་ཟླ3པར་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-02-26 ཀློག་གྲངས།:

ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་སྟོན་ཟླ3པར་སྤེལ་རྒྱུ་ཡིན་པ།
ཉིང་ཁྲིའི་ཁམ་བུའི་མེ་ཏོག

        རྒྱུས་ལོན་བྱུང་བ་ལྟར་ན།  ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་གཅིག་པ་དེ་ཟླ3པའི་ཚེས23ཉིན་སྤེལ་རྒྱུ་ཡིན་པ་མ་ཟད་ཟླ4བའི་ཚེས30བར་དུས་ཡུན་བསྲིང་འཆར་ཡོད་པ་རེད།
        ཉིང་ཁྲི་རྫོང་གི་རྫོང་དཔོན་གཞོན་པ་ཚེ་དབང་དཔལ་ལྡན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། མི་རྣམས་ཀྱིས་དུས་སྐབས་འདིའི་ནང་ཉིང་ཆུའི་འགྲམ་དུ་ཁམ་བུའི་མེ་ཏོག་ལ་གཟིགས་ཐུབ་པ་མ་ཟད། ཞིམ་མངར་ལྡན་པའི་བོད་ཁྱིམ་གྱི་ཁ་ཟས་ཀྱང་རོལ་མྱོང་བྱེད་ཆོག་ཅིང་།   ཉིང་ཁྲིའི་ཡུལ་ལྗོངས་ཁུལ་སོ་སོར་ཕུན་སུམ་ཚོགས་པའི་རིག་གནས་ལུས་རྩལ་བྱ་འགུལ་སོགས་སྣ་མང་སྤེལ་རྒྱུ་ཡིན་པར་བརྗོད།


འབྲེལ་ཡོད་འོས་སྦྱོར།