མཚོ་སྔོན་པོའི"མེ་འཁོར་དུ་བསྡད་དེ་མཚོ་སྙིང་ལ་སྐོར་བ"ཞེས་པའི་དངོས་མྱོང་བྱ་འགུལ་སྤེལ་ལ་ཉེ་བ།
མཚོ་ཁྲི་ཤོར་རྒྱལ་མོ།
མཚོ་སྔོན་པོའི་ཡུལ་སྐོར་འགྲིམ་འགྲུལ་ཆ་རྐྱེན་བཅོས་བསྒྱུར་དང་། སྔར་ལས་ལྷག་པར་མཚོ་སྔོན་པོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དོ་དམ་ཅུས་མཚོ་བོད་ལྕགས་ལམ་ཀུང་ཟི་ལ་འབྲེལ་འདྲིས་བྱས་ཏེ"ལྕགས་ལམ་དང་མཛེས་ལྗོངས་ཁུལ"གྱི་མཉམ་འབྲེལ་རྣམ་པ་གསར་དུ་བཏད་ཅིང་། མཚོ་སྙིང་མེ་འཁོར་ས་ཚིགས་ཀྱི་ཡུལ་སྐོར་མགྲོན་གཏོང་ཆེད་དམིགས་མེ་འཁོར་བརྒྱུད་གཏོང་བྱས་ནས་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱི་ཉེ་བའི་ལོ་འགའི་ནང་རླངས་འཁོར་ཁོ་ནར་བརྟེན་པའི་ཞན་ཆ་ཇེ་ལེགས་སུ་བཏང་།
མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཆེད་དམིགས་མེ་འཁོར་གཏོང་འགོ་ཚུགས་པར་ཁ་གཏད་དེ་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས"ཀྲུང་གོའི་ཡུལ་སྐོར་ཉིན་མོ"དྲིལ་སྒྲོག་བྱ་བ་དང"མཚོ་སྔོན་གྱི་མི་རྣམས་མཚོ་སྔོན་པོར་ཡུལ་སྐོར་བྱེད་པ"སོགས་དམངས་ཕན་གྱི་བྱེད་ཐབས་སྣ་ཚོགས་དང་སྦྲེལ་ཏེ་བསྟུན་མར་ཡུལ་སྐོར་ལམ་ཐིགས་དང་ཐོན་རྫས་རབ་དང་རིམ་པ་བཏོན་པ་མ་ཟད། ཡུལ་སྐོར་ཅུའུ་དང་མཚོ་བོད་ལྕགས་ལམ་ཀུང་ཟི། ནུབ་མཚོ་གྲོང་ཁྱེར་ཚགས་པར་ཁང་བཅས་དང་མཉམ་འབྲེལ་སྒོས་ཟླ5བའི་ཚེས26ཉིན"མེ་འཁོར་དུ་བསྡད་དེ་མཚོ་སྙིང་ལ་སྐོར་བ"ཞེས་པའི་དངོས་མྱོང་བྱ་འགུལ་ཆེན་མོའི་ཐོག་མའི་ཡུལ་སྐོར་རུ་ཁག་རྩ་འཛུགས་བྱེད་ཅིང་། མཚོ་སྔོན་པོའི་བྱ་གཟིགས་དུས་སྐབས་སུ་གྲོང་ཁྱེར་གྱི་སྡོད་དམངས་རྣམས་གདན་འདྲེན་ཞུས་པ་དང་མེ་འཁོར་དུ་བསྡད་དེ་སྔ་ན་མེད་པའི་རང་བྱུང་མཛེས་ལྗོངས་ལ་དངོས་མྱོང་ཞིག་བྱེད་དུ་འཇུག་རྒྱུ་རེད།