རྨ་ཀླུང་འགྲམ་རྒྱུད་ཀྱི་རྒྱལ་ཁབ་ཆུ་བེད་མཛེས་ལྗོངས་ཁུལ་ཁམས་རའི་ཡུལ་ལྗོངས་ཁུལ་གྱི་སྒོ་བྱང་བཀལ་བ།
རྨ་ལྷོ་བོད་རིགས་བོད་རང་སྐྱོང་ཁུལ་རྨ་ཀླུང་འགྲམ་རྒྱུད་ཀྱི་རྒྱལ་ཁབ་ཆུ་བེད་མཛེས་ལྗོངས་ཁུལ་ཁམས་རའི་མཛེས་ལྗོངས་ཁུལ་གྱི་སྒོ་བྱང་འགལ་བའི་མཛད་སྒོ་དེ་ཟླ་དགུ་བའི་ཚེས་དྲུག་ཉིན་ཁམས་རའི་མཛེས་ལྗོངས་ཁུལ་ནས་བསྡུས་པ་དེ་ལས། ཁམས་རའི་མཛེས་ལྗོངས་ཁུལ་གྱི་རིམ་པ་ཇེ་མཐོར་སོང་བ་མཚོན།
རྨ་ལྷོ་ཁུལ་རྨ་ཀླུང་འགྲམ་རྒྱུད་ཀྱི་རྒྱལ་ཁབ་ཆུ་བེད་མཛེས་ལྗོངས་ཁུལ་དེ2007ལོར་རྒྱལ་ཁབ་ཆུ་བེད་པུའུ་ཡིས་ཆོག་མཆན་བཀོད་པ་དང་། རྨ་ལྷོ་ཁུལ་རྨ་ཀླུང་འགྲམ་རྒྱུད་རྒྱལ་ཁབ་ཆུ་བེད་མཛེས་ལྗོངས་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད་ཅེས་པ་ལྟར། མཛེས་ལྗོངས་ཁུལ་དེའི་འཆར་འགོད་ཀྱི་སྤྱིའི་གཞི་ཁྲོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་དང་སྟོང་བརྒྱད་ལྔ་བརྒྱ་ལྷག་ཡོད་པ་དང་། དེ་ལ་གཙོ་བོར་གཅན་ཚའི་ཁོངས་ཀྱི་རྨ་ཆུའི་སྟེང་གི་ཆུ་གློང་ས་ཚིགས་ཆེ་འབྲིང་གསུམ་དང་། རོང་བོ་དགུ་ཆུའི་འབབ་རྒྱུན་གྱི་ཆུ་གློག་ས་ཚིགས་ཆུང་བ་བཅུ་དྲུག་གི་མཛེས་ལྗོངས་དང་། ཁམས་རའི་ནགས་ཚལ་སྤྱི་གླིང་། དམེ་ཤུལ་ནགས་ཚུལ་སྤྱི་གླིང་། ཧི་ནན་དང་རྩེ་ཁོག་རྩྭ་ཐང་། རྨ་ཆུའི་འགག་ཆེན། དགོན་པ། རེབ་གོང་རིག་གནས་སོགས་མིའི་རིགས་ཀྱི་རིག་གནས་དང་རང་བྱུང་གི་བཀོད་པ་འདུས་པ་རེད།