logo

བོད་ལྗོངས་མེ་ཏོག་རྫོང་གིས་སང་ལོར་དངོས་སུ་གནས་སྐོར་བ་སྣེ་ལེན་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས། དུས་ཚོད།:2011-08-22 ཀློག་གྲངས།:


བོད་ལྗོངས་མེ་ཏོག་རྫོང་གི་མཛེས་ལྗོངས།

  ཉེ་ལམ། བོད་ལྗོངས་ཉིང་ཁྲི་ས་ཁུལ་གནས་སྐོར་ཅུའུ་ཡི་འགན་འཁུར་མི་སྣས་བཤད་པ་ལྟར་ན། ཉིང་ཁྲི་ས་ཁུལ་གྱིས་མེ་ཏོག་རྫོང་གི་ལྗོངས་རྒྱུ་ས་ཁུལ་གསར་སྤེལ་བྱེད་པར་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། སང་ལོར་གནས་སྐོར་བ་སྣེ་ལེན་བྱེད་རྒྱུ་ཡིན་ཟེར། མཚམས་སྦྱོར་བྱས་པའི་གནས་ཚུལ་ལྟར་ན། ཉིང་ཁྲི་ས་ཁུལ་གྱིས་མེ་ཏོག་རྫོང་གི་ལྗོངས་རྒྱུ་ས་ཁུལ་གསར་སྤེལ་བྱེད་པའི་ལག་བསྟར་བྱེད་ཐབས་གཏན་ཁེལ་བྱས་ཟིན། ཉིས་སྟོང་བཅུ་གཉིས་ལོར་མེ་ཏོག་རྫོང་གིས་དངོས་སུ་གནས་སྐོར་བ་སྣེ་ལེན་བྱེད་རྒྱུ་ཡིན་པ་དང་། ལོ་ཧྲིལ་བོར་གནས་སྐོར་བ་སྟོང་བརྒྱད་མ་གཏོགས་སྣེ་ལེན་བྱེད་རྒྱུ་མིན་ལ། དེའི་རྗེས་སུ་ལོ་རེར་མུ་མཐུད་དུ་གནས་སྐོར་བ་སྣེ་ལེན་བྱེད་པའི་མི་གྲངས་ཇེ་མང་དུ་བཏང་ནས། ཉིས་སྟོང་བཅོ་ལྔ་ལོར་ཐོན་དུས་མི་ཁྲི་གསུམ་སྣེ་ལེན་བྱེད་རྒྱུ་རེད།
  མེ་ཏོག་རྫོང་ནི་བོད་ལྗོངས་ཤར་ལྷོའི་ཕྱོགས་དང་། ཡར་ཀླུང་གཙང་བོའི་སྨད་རྒྱུད་དུ་ཡོད་ལ། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གསུམ་དང་སྟོང་བཞི་ལྷག་ཡོད་པ་དང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་མུས་སྟོང་གཅིག་དང་ཉིས་བརྒྱ་ཡོད་ཅིང་། བོད་ལྗོངས་ཀྱི་མཚོ་ངོས་ལས་ཆེས་དམའ་ཞིང་། སྐྱེ་ཁམས་ཉར་ཚགས་བྱས་པ་ཆེས་ཆ་ཚང་བའི་ས་ཁུལ་ཞིག་ཡིན།


བོད་ལྗོངས་མེ་ཏོག་རྫོང་གི་མཛེས་ལྗོངས།

བོད་ལྗོངས་མེ་ཏོག་རྫོང་གི་མཛེས་ལྗོངས།


འབྲེལ་ཡོད་འོས་སྦྱོར།