logo

སྐྱེ་ཁམས་གནས་སྐོར་ལས་རིགས།

རྩོམ་པ་པོ།:ཚེ་རིང་རྒྱ་མཚོ། ཡོང་ཁུངས།:སེམས་ཀྱི་ཉི་ཟླའི་དྲ་བ། དུས་ཚོད།:2010-11-10 ཀློག་གྲངས།:

        ནུབ་རྒྱུད་གསར་སྤེལ་ཆེན་པོ་བྱས་ནས་ལོ་ངོ10ཡི་ནང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་མིས་ཡུལ་ལྗོས་དང་རང་བྱུང་གནས་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་དམ་འཛིན་བྱས་ཏེ།  ཧུར་ཐག་སྒོས་མཐོ་སྒང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་གནས་སྐོར་གྱི་མིང་རྟགས་གསར་སྐྲུན་བྱས།  དུས་མཚུངས་སུ་ས་གནས་དེས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གནས་སྐོར་ཁོར་ཡུག་ལེགས་བཅོས་བྱེད་པའི་བྱ་གཞག་ཐད་ཤུགས་བསྣན་ནས་སྐྱེ་ཁམས་སྲུང་སྐྱོང་དང་གནས་སྐོར་ལས་རིགས་གཉིས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་གནས་བབ་ལེགས་པོ་ཞིག་རིམ་བཞིན་ཆགས་ཡོད་པ་རེད།  ད་ལྟ་སྐྱེ་ཁམས་གནས་སྐོར་ཐོན་ལས་ནི་སེམས་ཀྱི་ཉི་ཟླ་རྫོང་གི་ཐོན་ལས་དང་པོ་རུ་གྱུར་ཡོད་པ་དང་། 2009ལོར་སེམས་ཀྱི་ཉི་ཟླ་རྫོང་ནི་གནས་སྐོར་ཁུལ་གཙོ་ཡིན་པའི་བདེ་ཆེན་ཁུལ་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི400སྣེ་ལེན་བྱས་པ་དང་།  དུས་མཉམ་ལས40%ཡར་འཕར།  སྐྱེ་ཁམས་གནས་སྐོར་ཐོན་ལས་ནི་ས་དེའི་མང་ཚོགས་རྣམས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པའི་ཐབས་ལམ་གཙོ་གནད་ཞིག་ཏུ་གྱུར་ཡོད།  །


འབྲེལ་ཡོད་འོས་སྦྱོར།