ཀན་ལྷོ་རྔ་ཁྲག་རྡོ་གླིང་།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:པོ་ཏ་ལ་དུས་དེབ།
དུས་ཚོད།:2008-07-15
ཀློག་གྲངས།:
རྔ་ཁྲག་རྡོ་གླིང་ཞེས་པ་ནི་ས་བབ་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་༣༢༥༠ཙམ་ཡོད་པའི་ཀན་ལྷོ་ཀླུ་ཆུ་རྫོང་ཁོངས་སུ་ཡོད། རྡོ་གླིང་གནས་སའི་ས་ཁོངས་ཀྱི་རིང་ཚད་ལ་སྤྱི་ལེ་༢༢དང་། གླིང་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི༢ཙམ་ཡོད། གནས་དེར་གྲོང་ངེར་འགྲེང་བའི་རི་བོ་དང་ཡིད་འོང་ལྟ་ན་སྡུག་པའི་སྐྱེད་ཚལ། དྭངས་ཤིང་གཙང་བའི་རང་འབབ་རྦབ་ཆུ་སོགས་གཞི་གཅིག་ཏུ་འདྲེས་ཡོད་པས་ཀན་ལྷོ་ས་ཁུལ་ཀྱི་མིང་དུ་གྲགས་པའི་སྐྱེད་ཚལ་གླིང་ཞིག་ཏུ་གྱུར་ཡོད། སྤྱི་ལོ་༡༩༩༨ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་གཏན་འཁེལ་བྱེད་ཐུབ་ཡོད།
འབྲེལ་ཡོད་དཔྱད་གཞི་ལྟར་ན་དེ་གའི་བྲག་གཟར་དང་ཕ་བོང་དག་གླིང་གེ་སར་རྒྱལ་བོ་དང་འབྲེལ་བ་ཆེ་བར་སྣང་། དུས་ད་ལྟའང་གེ་སར་རྒྱལ་བོའི་ཆིབས་རྟའི་རྨིག་རྗེས་བྲག་ངོས་སུ་མཇལ་རྒྱུ་ཡོད་པ་རེད་དོ།
འབྲེལ་ཡོད་འོས་སྦྱོར།