logo

བཀྲ་ཤིས་སྤྲིན་དཀར་མགུལ་ན་རྒྱན་པའི་ངོ་མཚར་མཐོ་སྒང༌།

རྩོམ་པ་པོ།:སྐལ་བཟང་འགྱུར་མེད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-07-14 ཀློག་གྲངས།:

  ཀྲུང་གོའི་ནུབ་རྒྱུད་དང་རི་བོ་ཧི་མ་ལ་ཡའི་ཤར་ཕྱོགས་སུ་དྲི་མེད་ས་གཙང་བཀྲ་ཤིས་དགེ་མཚན་གྱིས་ཕྱུག་པའི་གནས་མཆོག་ཅིག་ཡོད་པ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཡིན།
  སྔར་གནས་མཆོག་འདི་རུ་བྱོན་མྱོང་བའི་ཨ་མེ་རི་ཁའི་ཉེན་བརྟག་པ་སྐུ་ཞབས་ཡུའེ་སེར?ཧྥུ་ལུའོ་ཁེ་མཆོག་གིས་སྐུ་ཚེ་གང་པོའི་རིང་ཡིད་ཀྱི་བརྟན་པ་འཕྲོག་ནུས་པའི་མཐོ་སྒང་འདི་ལ་བློ་ཁ་ཕྱོགས་པ་དང༌། རང་རྒྱལ་གྱི་སྲོལ་རྒྱུན་རི་མོའི་སློབ་དཔོན་ཆེན་མོ་ཀྲང་ཏ་ཆན་ལ་གནས་མཆོག་འདི་ཡི་རི་ཆུས་བག་ཆགས་ཟབ་མོ་སྦྱིན་པས་སྒྱུ་རྩལ་གྱི་རིག་པའི་ཀློང་བརྡོལ་ཏེ་རང་རྒྱལ་གྱི་སྲོལ་རྒྱུན་རི་མོའི་“བླ་སྲོག་”སོར་རྩེ་ལས་ཕབ། དེ་བཞིན་“བྱ་དེ་ཁྲུང་ཁྲུང་དཀར་པོ། གཤོག་རྩལ་ང་ལ་གཡར་དང༌།……”ཞེས་བོད་ཀྱི་སྙན་ངག་སྨྲ་བའི་ཁྱུ་མཆོག་རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གིས་ཀྱང་གནས་འདི་ལ་བརྩེ་སེམས་ཟབ་མོའི་འདུན་པ་བཅངས་ཡོད།
  གྲགས་པའི་སྙན་པ་རྒྱལ་ཁབ་ཕྱི་ནང་ཀུན་ལ་ཁྱབ་པའི་དར་རྩེ་མདོའི་མཛའ་གླུ་ཡི་ནང་དུ“འགྲན་མེད་གཡུ་གཞོང་གདན་ཐོག་རི་བོའི་རྩེར། ། ཆད་མེད་སྤྲིན་དཀར་ཚོམ་བུའི་ཚོགས་དག་རྒྱུ། ། བླ་མེད་ཡིད་འོང་རང་བྱུང་མཛེས་པ་དག། །འགོག་མེད་གནས་བཟང་དར་རྩེ་མདོ་རུ་འཆར། །”ཞེས་གླུ་རུ་ལེན་ནས་ཉི་ཟླའི་བཅུད་ཀྱིས་སྨིན་པའི་ངོ་མཚར་སྤྲིན་བཟང་གི་མུ་ཁྱུད་འཁྲིགས་ལ་དགེ་བཅུ་ཡོངས་སུ་རྫོགས་པའི་གནས་བཟང་འདི་ཉིད་ལ་བསྟོད་དབྱངས་ཕུལ་ཡོད།
  དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནི་མེས་རྒྱལ་ནང་ས་ནས་བོད་ལ་སྐྱོད་པའི་སྒོ་མོ་དང་ལམ་གྱི་འགག་མདོ་རེད་ལ། ཁམས་ཡུལ་གྱི་ལྟེ་གནས་ས་ཁུལ་ཡིན་པས་ཁམས་པའི་རིག་གནས་ཀྱི་ཉིང་ཁུ་གཅིག་ཏུ་འདུས་ས་ཡིན། འདི་རུ་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང༌། སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་གོམས་གཤིས་བཅས་མངའ་བའི་ཁར། ལྗོངས་རྒྱུའི་མཛེས་དཔལ་ངོ་མཚར་སྣ་འཛོམས་འདུས་པའི་གནས་དེ་ལྟ་བུ་འཛམ་གླིང་ཐོག་ཏུ་མཐོང་དཀོན་པས་ན། འཛམ་གླིང་ལྗོངས་རྒྱུའི་རྩ་འཛུགས་ཀྱིས་སི་ཁྲོན་ཞིང་ཆེན་དང་ཀྲུང་གོ་འཛམ་གླིང་གི་ལྗོངས་རྒྱུའི་ཁྲོམ་རར་སྐུལ་འདེད་གཏོང་བའི་“སྐྱེ་ཁམས་ལྗོངས་རྒྱུ་དང་རང་བྱུང་ལྗོངས་རྒྱུ་དེ་བཞིན་ཁམས་ཡུལ་བོད་མི་རིགས་ཀྱི་རིག་གནས་ལོངས་སུ་སྤྱོད་པར་འགྲོ་ས་”རུ་གཏན་འཁེལ་གནང་བ་རེད།
  ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས།
  མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་ནས་སི་ཁྲོན་གཤོངས་སའི་ཕྱོགས་སུ་མཆེད་པའི་བར་བརྒལ་ས་ཁུལ་དུ་ཆགས་པའི་ཁམས་ཡུལ་དཀར་མཛེས་ཁུལ་ལ་ཐུན་མོང་མ་ཡིན་པའི་ས་གཞི་ཆགས་ཚུལ་གྱི་མཐུན་རྐྱེན་མངའ་བའི་དབང་གིས་དེ་ཉིད་རང་རྒྱལ་གྱི་རི་བོ་འབྲིང་ཆུང་གི་གྲོག་རོང་ཁུལ་དང༌། རི་མཐོན་པོ། རི་བོ་ཆེས་མཐོན་པོའི་གྲོག་རོང་ནས་མཐོ་སྒང་དང༌། རིམ་ཐང་གི་གྲོག་རོང་ཆེན་པོ། ན་འདམ། མཚེའུ་ཁུལ་དུ་བར་བརྒལ་བྱས་ཡོད་པའི་ས་བབ་སྣ་ཚོགས་གཅིག་ཏུ་འདུས་པའི་ས་ཁུལ་གཅིག་པུ་དེ་ཡིན་ལ། ས་ཁམས་ཀྱི་མཛེས་ལྗོངས་བརྗིད་ཆགས་ཤིང་ཡིད་དུ་འོང་ལ་ཚོན་མདངས་རྣམ་པར་བཀྲ་བའི་སྲིད་འཛིན་ཁུལ་གྱི་ཡ་གྱལ་ཞིག་རེད། ས་གནས་དེའི་སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་དང་སྐྱེ་དངོས་སྣ་ཁ་ཧ་ཅང་མང་བས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་སྐམ་སའི་ཐོག་ཏུའང་མཐོང་ཤིན་ཏུ་དཀོན་ནོ། གངས་དཀར་རི་བོ་(རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་7556ཟིན་) དང༌། ལི་ཐང་དགེ་བསྙེན་རི། འདབ་པ་ཡར་བརྟེན་གནས་རི། སྡེ་དགེ་ཁྲོ་ལ་ལ་སོགས་པ་ལས་གྲུབ་པའི་དྲི་མེད་དཀར་གཙང་གི་བརྫིད་ཆགས་གངས་རིའི་ཕྲེང་བ་དང༌། འཁྱགས་ཀླུང་དང་ཐུར་ཆགས་འཁྱགས་རོམ་དག་བརྗིད་ཉམས་ཆེ་ཞིང་ཆུ་ཤེལ་མདངས་ལ་འཁུ་བས་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད། ནེ་ཙོའི་གཤོག་པའི་མདངས་ལ་འཁུ་བའི་ཚང་ཚིང་ནགས་ཀྱིས་ཀྲུང་གོའི་ལྷོ་ནུབ་རྒྱུད་དུ་ཡིད་ཀྱི་བརྟན་པ་འཕྲོག་པར་ནུས་པའི་གཡུ་ཡི་གཞོང་པ་མཚར་པོ་ཞིག་ཆགས་ཤིང༌། གཙང་ཆུ་སྔོན་མོ་གྱ་གྱུར་རྒྱུ་བཞིན་པའི་གྲོང་མཁར་གྱི་མཛེས་པ་དག་ནི་པིར་ཐོགས་མཁན་པོའི་སོར་རྩེ་ལས་ཕབ་པ་འདྲ། རྩྭ་ཐང་ཐོག་མེ་ཏོག་ཚོགས་ཀྱིས་མཛེས་དཔལ་འགྲན་བཞིན་འདུག་ལ་ནོར་ལུག་གི་ཁྱུ་ཚོས་དགའ་རྩེད་ཀྱི་མཆོངས་ལྡིང་ལ་རོལ་བཞིན་མཆིས། ཤང་ཤང་རྒྱུགས་ཆུའི་གོམ་འགྲོས་མྱུར་ལ་རླབས་ཀྱི་ཐལ་མོ་བྲག་ལ་རྡེབ་པ་དང༌། ཨིནྡ་ནཱི་ལའི་མདངས་ལ་འགྲན་པའི་མཚེའུ་དང༌། དྲག་ཏུ་འབབ་པའི་རྦབ་ཆུ། ཆིལ་ཆིལ་མཁའ་ལ་ཕྱུར་བའི་ཚ་ཆུའི་གར་སྟབས་བཅས་ཀྱིས་སྐྱེ་བོའི་ཡིད་དབང་འགུག་པའི་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་གྲུབ་ཁར། དོམ་ཁྲ་དང་ཤྭ་བ་མཆུ་དཀར། སྤྲེའུ་སྤུ་སེར། བྱ་ཝང་ལ་སོགས་པའི་ཁམས་པའི་བློ་ཉེའི་གྲོགས་པོར་གྱུར་བའི་འདབ་ཆགས་རི་དྭགས་དག་གིས་ཀྱང་མགྲོན་པོར་བསུ་བ་ཞུ་བཞིན་མཆིས།
  འོད་སྟོང་འབར་བའི་གནའ་བོའི་ཤེས་རིག
  ནམ་མཁའ་སྔོ་ཞིང་དྭངས་ལ་ཐོན་ཁུངས་ཕུན་སུམ་ཚོགས་པའི་གནས་བཟང་འདི་རུ་ལུས་སྟོབས་ཆེ་ཞིང་ཁོག་དཀྱིལ་ཡངས་ལ། བློ་རིག་བཀྲ་ཤིང་དཔའ་སྟོབས་ཆེ་བའི་ཁམས་པའི་མེས་རབས་ཚ་རྒྱུད་འཚོ་བཞིན་ཡོད། ཁམས་ཀྱི་ཕོ་རྒོད་ཚོ་དཔའ་ཉམས་དོད་ལ་ལུས་ཧྲག་པ་དང༌། ཁམས་ཀྱི་བུ་མོ་ཚོ་སེམས་རྩ་འཁོལ་ལ་ཁོག་དཀྱིལ་ཡངས། ཁོང་ཚོས་རྩྭ་ཐང་ཐོག་ཕྱུགས་འཚོ་བ་དང༌། ལུང་གཞུང་དུ་རྨོན་རྒྱག་ལ་ལྷ་སྒྲུང་དང་འཆར་ཡན་གྱི་ཀློང་དུ་འཆར་སྒོའི་བང་རྩལ་རྒྱུགས་ཏེ་འོད་སྟོང་བཀྲ་བའི་གནའ་བོའི་ཤེས་རིག་གསར་སྐྲུན་བྱས་ཡོད། ཁམས་ཀྱི་རིག་གནས་ནི་ག


འབྲེལ་ཡོད་འོས་སྦྱོར།