logo

༄༅། །བཞག་བྲ་གངས་རིར་མྱུལ་ཞིབ་ཡུལ་སྐོར་བྱེད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-07-14 ཀློག་གྲངས།:

   བཞག་བྲ་གངས་རི་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱུང་མཚམས་ཀྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་ཞི་བདེ་ཤང་གི་ས་ཁོངས་སུ་གནས་ཡོད་ལ་མཚོ་ངོས་ལས་མཐོ་ཚད་སྨིས་༥༨༢༠ཡོད་ཅིང་གངས་རི་ཆེན་པོའི་རི་རྒྱུད་ཀྱི་རི་རྩེ་ཨང་གཉིས་པ་ཡིན། གངས་དཀར་རི་བོ་དང་རྒྱང་རིང་ནས་ཕན་ཚུན་ཞལ་གཟིགས་གནང་ནས་ཡོད་ལ་ཤར་ཕྱོགས་ནི་མི་དགེ་མཚོ་མོ་དང་ལྷོ་ནི་མཐའ་གོང་རྩ་ཐང་ཡིན། ནུབ་བྱང་མཚམས་སུ་བརྒྱུད་མཛེས་གྲོག་རོང་བར་བའི་བྲག་རིའི་ཚོགས་གནས་ཤིང་ཧིན་ཡན་དགོན་རྙིང་དང་བར་ཐག་སྤྱི་ལེ་སོ་དྲུག་ཡོད་པ་ཡིན།  བཞག་བྲ་གངས་རི་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་གེ་སར་སྒྲུང་ནང་དུ་ཤར་སྟོད་བཞག་བྲ་མགོན་པོར་འབོད་པ་ཡིན་ལ་ཡར་ཕྱོགས་སུ་གནས་པའི་རབ་དཀར་གངས་ཀྱི་རི་བོ་ཞེས་པའི་དོན་ཡིན། རེ་རྩེ་རུ་ལོ་རྒྱུན་གངས་ཀྱི་གཡོགས་ཤིང་དབྱར་གྱི་དུས་སུ་རྟག་པར་ཆུ་འཛིན་དང་སྨུག་པའི་སྐ་རགས་བཅིངས་ཡོད། ནམ་ཁ་སྔོ་ཞིང་དྭངས་པའི་དུས་སུ་ཁྲི་གདུགས་ཉི་མའི་འོད་ཟེར་འོག་ཏུ་བཀྲག་མདངས་སྤྲོ་ཞིང་ལེ་བར་བརྒྱ་གྲངས་ཀྱི་མཚམས་ནས་ཀྱང་གཟི་བརྗིད་ཀྱི་ཉམས་འགྱུར་མཇལ་ཐུབ། གངས་ཅན་པ་རྣམས་ཀྱི་སེམས་ཁོངས་སུ་བཞག་བྲ་གངས་རི་ནི་བླ་ན་མ་མཆིས་པའི་ཁྲི་ལོར་སོན་པའི་གངས་རིར་བརྩིས་ཏེ་ལྷ་རི་བཞིན་དུ་དད་མཆོད་བྱེད་བཞིན་ཡོད། གངས་རིའི་རི་འདེབས་ཀྱི་མཚོ་མོ་ཆུང་ཆུང་གི་འགྲམ་ངོགས་དང་རི་བོའི་ཉག་ག ལུང་པ་སོ་སོའི་ནང་དུ་རྡོ་ཕུང་གི་མཆོད་པ་མང་པོ་དང་རྣམ་པ་སྣ་ཚོགས་ཀྱི་རླུང་རྟའི་དར་ལྕོག་མང་པོ་གང་སར་བཙུགས་ཡོད། ལོ་རེའི་དཔྱིད་དཔལ་ཏེ་ལུགས་རྙིང་གི་ཟླ་བདུན་པར་ཁམས་པའི་ས་ཁུལ་གྱི་བོད་དམངས་རྣམས་ཀྱིས་དཀའ་ངལ་ལ་མ་འཛེམས་པར་ས་ཐག་རིང་བོ་ནས་བཞག་བྲ་གཡུ་མཚོའི་མཚོ་འགྲམ་དུ་ཡོང་ནས་ལྷ་རིར་མཆོད་འབུལ་བྱས་ནས་གནས་མཇལ་དད་གུས་བྱེད་པའི་མཛད་སྒོ་འཚོགས་པ་ཡིན། ཁོང་ཚོས་རླུང་རྟའི་རྒྱལ་མཚན་སྒྲེང་ཞིང་ཤུག་པའི་དྲི་བསུང་བདུག་ནས་མ་འོངས་པར་ཕྱུགས་ལ་འཕེལ་ཁ་དར་ནས་བདེ་སྐྱིད་ཡོང་བ་དང་རྒྱལ་ཁམས་བདེ་ཞིང་མང་ཚོགས་སྐྱིད་པའི་སྨོན་ལམ་འདེབས་པ་ཡིན། རི་བོའི་ལྗོངས་སུ་སྔོ་ལྗང་གཡུ་ལོ་མ་རྒད་རང་མདངས་འཛིན་ལ་ཡུལ་ལྗོངས་ལྟ་ན་སྡུག་ཅིང་མཛེས་སྡུག་སེམས་གྱིས་མི་ཁྱབ་ལ་གངས་རི་དང་འཁྱགས་རོམ། ནགས་ཚལ། རྦབ་ཆུ། མཚེའུ་དང་ཆུ་ཚན་སོགས་མཉམ་འདྲེས་གཅིག་གྱུར་གྱི་རང་བྱུང་ཡུལ་ལྗོངས་མིག་གི་དགའ་སྟོན་དུ་ལྷག་ཅིང་གངས་འཁྱགས་བཞུ་བའི་ཆུ་ཕྲན་གཅིག་ཏུ་འདུས་བའི་དཀར་ཁུ་ཆུ་བོ་དེ་ནི་རྟ་མཆོག་སྲབ་མེད་གཅིག་དང་མཚུངས་པར་ལང་ལོང་ཆད་མེད་དུ་རྒྱུ་བ་བརྗིད་ཆགས་མཛེས་སྡུག་ལྡན་པ་ཞིག་ཡིན་པས་ཡུལ་སྐོར་དང་མྱུལ་ཞིབ། རི་འཛེགས་བྱེད་དུ་འགྲོ་བའི་གནས་ཁྱད་རྩ་འཕགས་པ་ཞིག་ཡིན། ཉེ་འཁོར་དུ་ད་དུང་མཚེའུ་ཆེལ་ཆུང་མི་འདྲ་བ་བདུན་ཡོད་ལ་མཛེས་སྡུག་ཆེས་ལྡན་ཞིང་སྐད་གྲགས་ཆོད་པ་ནི་བཞག་བྲ་གཡུ་མཚོ་དང་ཡར་རུ་ཨ་མཚོ་ཞེས་བའི་ལྕམ་སྲིང་མཚེའུ་འདི་གཉིས་ཡིན། བཞག་བྲ་གཡུ་མཚོའི་ཕྱོགས་བཞི་རུ་ནགས་ཚལ་སྟུག་པོས་བརྒྱན་ཞིང་མེ་ཏོག་སྣ་བརྒྱ་བཞད་ལ་དྲི་བཞོན་རླུང་བུས་དར་ལྕོག་ལྷབ་ལྷབ་དུ་སྐྱོད་བཞིན་ཡོད། མཚེའུ་འོ་སྤྲིའི་མདོག་དང་གཡུ་མདོག་མངོན་ལ་མགོ་བོ་དགྱེས་ནས་རི་རྩེ་མཐོང་དུས་འཇིག་རྟེན་དུ་ཕེབས་པའི་རྒྱལ་བ་བྱམས་པ་དཀྱིལ་ཀྲུང་དུ་བཞུགས་པ་ནང་བཞིན་ཕྱག་གཉིས་པུས་མོའི་མན་ཆད་ལ་སླེབས་ཤིང་ལྟེ་བའི་གནས་ནས་གཙང་ཆབ་མཚེའུར་འབབ་པས་ཆེས་མཐོའི་རྦབ་ཆུར་གྲུབ་ལ། རྦབ་ཆུ་འབབ་པའི་སྒྲ་ཐག་རིང་ནས་ཀྱང་སྒྲ་འཛིན་བུ་གར་ལྷང་ལྷང་དུ་ཐོས་ཐུབ་པ་ཡིན། དབྱར་གྱི་དུས་སུ་གཙང་ཆུའི་ཟེགས་མས་ཟློས་གར་བསྒྱུར་ཅིང་རི་ཁའི་མེ་ཏོག་འདབ་སྟོང་གྲོལ་ལ་འབྲས་ལྡན་དུས་སུ་རི་ལུང་ཀུན་དུ་ལོ་མ་དམར་བོའི་བཀྲག་མདངས་མངོན་ཞིང་རི་ཁའི་ཤིང་འབྲས་ཁུར་དུ་དུད་པ་ཡིན། དགུན་ཁའི་དུས་སུའང་དལ་གྱི་ཡོལ་བས་རྒྱན་ཞིང་འཁྱགས་རོམ་གྱི་སྡོང་པོ་ལྗོན་པ་བཞིན་ལངས་ཡོད་ལ་དེ་ཡི་ལྡོག་པའི་གྲིབ་གཟུགས་མཚོ་ནང་དུ་འཆར་བ་བལྟ་བས་ཆོག་མི་ཤེས་པ་ཞིག་རེད། རི་ཐེམ་གྱི་བྲག་ཕུག་གཅིག་གི་ནང་དུ་གེ་སར་རྒྱལ་པོས་“ཙ་རི་སྨན་རྫོང་”ཕབ་པའི་དུས་ཀྱི་གོ་ཁྲབ་དང་མདའ་གཞུ་དང་རྒྱལ་དབང་ལྔ་བ་ཆེན་མོའི་ཆོས་དཔེ་སོགས་དྲན་རྟེན་དུ་ཉར་ཡོད་པ་ཡིན་ལ་ལོ་བརྒྱ་སྟོང་མང་པོའི་རིང་དུ་གངས་རིའི་ནོར་བུ་རུ་བརྩི་མཐོང་བྱས་ནས་ཕྱི་ལ་ཁྱབ་བསྒྲགས་མ་བྱས་པར་གསང་པའི་སྒོ་ནས་བསྡུ་ཉར་བྱས་ཡོད་པ་ཚང་མས་ཤེས་པ་ཡིན། དེ་ནི་ཐོག་མར་གནས་འདི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གསར་སྤེལ་བྱེད་དུས་གསར་རྙེད་བྱུང་ཞིང་རིག་དངོས་འགངས་ཆེན་ཡིན་པས་བླ་སྦྲུལ་དང་ཆེད་ལས་མཁས་པ། མྱུལ་དཔྱད་པ་མང་པོ་མདུན་དུ་སོང་ནས་འབྱུང་གཞིར་རྟོགས་ཞིབ་བྱས་བ་ལས་བདེན་དཔང་བྱུང་ཡོད་པ་ཡིན། མཚེའུའི་གཡས་ཕྱོགས་ཀྱི་སྟག་མའི་ནགས་ཚལ་ཁྲོད་དུ་སྐྱེ་ཆེན་དམ་པ་རྣམས་ཀྱིས་སྒྲུབ་སྦྱངས་བྱེད་སའི་བྲག་ཕུག་གཉིས་ཡོད་ལ་དེའི་འགྲམ་ངོགས་སུ་ལྷ་ཆབ་འབབ་ཞིང་ཡུལ་སྐོར་བ་རྣམས་འདིར་ཐོན་དུས་སུ་ངེས་པར་དུ་བསང་བཏང་ནས་བླ་རིར་མཆོད་པ་འབུལ་བ་དང་ལྷ་ཆབ་བཏུང་པའི་འཁྱགས་ཀླུང་དངུལ་མདོག་འོད་ཟེར་འཕྲོ་ལ་མགྲོན་བསུ་ལྗོན་པའི་སྟངས་སྟབས་མཛེས་ཤིང་ཆུ་ཚན་དང་ཁྲུས་རྫིང་དྭངས་ལ་ཚ་རླངས་འཕྱུར་བཞིན་ཡོད། བཤད་རྒྱུན་ལྟར་ན་གནའ་བོའི་དུས་སུ་གནས་འདི་རུ་སྨན་གྱི་རྫིང་བུ་༤༢༤ཡོད་ལ་ནད་རིགས་བཞི་བརྒྱ་རྩ་བཞི་སེལ་ཐུབ་པ་ཡིན་ཟེར། རྫིང་བུའི་འགྲམ་གྱི་བྲག་ངོས་སུ་གས་སྐྱོན་ཤོར་ཡོད


འབྲེལ་ཡོད་འོས་སྦྱོར།