གནས་འགངས་ཆེན་ཨ་མྱེ་རྨ་ཆེན།
རྩོམ་པ་པོ།:གསལ་བོ་མི་ཤེས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་ཚིགས།
དུས་ཚོད།:2008-07-11
ཀློག་གྲངས།:
ཨ་མྱེ་རྨ་ཆེན་དང་ལྷ་སའི་གངས་རིན་པོ་ཆེ། ཡུན་ནན་གྱི་ཁ་བ་དཀར་པོ། ཡུལ་ཤུལ་གྱི་སྒ་སྟོད་ཇོ་བོ་བཅས་བཞི་ནི་བོད་བརྒྱུད་ནང་བསྟན་གྱི་ལྷ་རི་ཆེན་པོ་བཞིར་ངོས་འཛིན། རང་རྒྱལ་གྱི་མ་ཡུམ་གཙང་བོ་རྨ་ཆུས་རྨ་ཆེན་གངས་རིར་གཡོན་སྐོར་རྒྱབ་ཏེ་ཤར་ཕྱོགས་སུ་བཞུར་བཞིན་ཡོད། ཨ་མྱེ་རྨ་ཆེན་གངས་རྒྱུད་དུ་མཚོ་ངོས་ལས་སྨི་༥༠༠༠ལས་མཐོ་བའི་རི་བོ་༡༨ཙམ་ཡོད་པ་དང་དུས་བཞིར་ཁ་བས་གཡོགས་ཡོད། དེ་ལས་ཨ་མྱེ་རྨ་ཆེན་གངས་རི་ནི་མཚོ་ངོས་ལས་སྨི་༦༠༠༠་ལས་མཐོ་བའི་རི་རྩེ་གསུམ་གྱིས་གྲུབ་ཤིང་རྒྱང་རིང་ནས་བལྟས་པ་ཙམ་གྱིས་ཤེལ་གྱི་ཀ་བ་གནམ་དུ་བསླངས་འདྲའི་ཚོར་སྣང་ཁྱད་པར་ཅན་སྟེར་ངེས་ཡིན།
འབྲེལ་ཡོད་འོས་སྦྱོར།