logo

རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་། ཁམས་ར།

རྩོམ་པ་པོ།:གསལ་བོ་མི་ཤེས། ཡོང་ཁུངས།:མཚོ་སྔོན་པོ་དྲ་ཚིགས། དུས་ཚོད།:2008-06-24 ཀློག་གྲངས།:

རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་ཁམས་རའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་༡༥༠༠༠ཙམ་ཡོད་པ་དང་ཁམས་ར་ཤང་གི་བོད་ཀྱི་གྲོང་སྡེ་༧་དང་གཞི་གཅིག་ཏུ་འདྲེས་དེ་མི་གྲངས་༡༨༠༠ཙམ་འདུས་སྡོད་བྱས་ཡོད།
གནས་མཆོག་ཁམས་རར་བརླན་བཤེར་ལྡན་པ་དང་ཆར་ཆུ་མོད་པ་སོགས་ཀྱི་རང་བྱུང་གནམ་གཤིས་མཐུན་རྐྱེན་འོག་སྐྱེ་དངོས་སྣ་ཚོགས་ལྷུན་གྱིས་གྲུབ་ཡོད་ལ།  དེའི་ནང་དུ་ཡུན་ཧྲན་གསོམ་ཤིང་དང་སྒྲོན་ཤིང་།  སྟག་པ་དཀར་པོ།  ཡོ་འབོག  སྟག་མ་ཤིང་། མེ་ཏོག་པད་མ་སོགས་ཡོད།


གནས་མཆོག་ཁམས་རར་ཨ་ཆུང་གནམ་རྫོང་དང་ཇོ་མོ་དགོན་པ།  གནམ་རྫོང་དགོན་པ་སོགས་དགོན་པ་ཆེ་ཆུང་དུ་མ་འདུས་ཡོད་པས་བསྟན་པ་ཕྱི་དར་གྱི་མེ་རོ་གསོ་སའི་གདན་སར་གྲགས།  དེའི་ནང་ཨ་ཆུང་གནང་རྫོང་དགོན་པར་ལོ་ངོ་ཆིག་སྟོང་ཆིག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཡོད།


འབྲེལ་ཡོད་འོས་སྦྱོར།