བྲག་དཀར་ཆུ་ཁོལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-05-18
ཀློག་གྲངས།:
བྲག་དཀར་ལུང་བ་ན་ཆུ་ཁོལ་ཆེ་ཆུང་རིགས་མི་འདྲ་བ་བརྒྱ་དང་བརྒྱད་ཡོད་ལ། ཆུ་ཁོལ་རེ་རེ་ལ་ནད་རིགས་གང་རུང་འདུལ་བའི་ཕན་པ་དང་ཡོན་ཏན་ཡོད་ཐོག ལྷ་མོ་ཆུ་ཁོལ་དང་མགོན་པོ་ལེགས་ལྡན་གྱི་ཆུ་ཁོལ། སྨན་བླའི་ཆུ་ཁོལ་སོགས་ཆུ་འགོ་གྲགས་ཅན་འགའ་ཡོད། ཆུ་ཁོལ་གྱི་ས་ངོས་རྡོ་ཚང་མ་ནམ་ཟླ་ཇི་འདྲ་འཁྱགས་རུང་ཚ་མོ་ཡིནལ། དྲོད་ཚད་ཏུའུ་༢༠ནས༦༠བར་ཡོད།
ངག་རྒྱུན་ལ་ཨ་མྱེ་བྲག་དཀར་གྱིས་དད་ལྡན་སེར་སྐྱ་དང་སྐྱེ་འགྲོ་ཡོངས་ཚེ་རིང་ནད་མེད་དང་གཏན་གྱི་བདེ་བ་ཐོབ་ཆེད། ནམ་མཁའི་ལྷ་མོ་བརྒྱ་དང་བརྒྱད་ལ་རྫུ་འཕྲུལ་གྱི་བཀའ་ཕབ་ནས་སྨན་སྣ་རེ་ཁྱེར་འོང་ཏུ་བཅུག་སྟེ་ཆུ་ཁོལ་བརྒྱ་དང་བརྒྱད་ལ་འགྱུར་ཏུ་བཅུག་ལ། དེ་དག་རེ་རེ་ལ་ནད་རིགས་བཞི་བརྒྱ་རྩ་བཞི་འཇོམས་པའི་ཕན་ནུས་ཡོད་པ་དང་གནས་འདི་དག་ན་སངས་རྒྱས་སྨན་བླའི་སྐུ་དང་ཞབས་རྗེས་སོགས་རང་བྱུང་ངོ་མཚར་ཅན་མང་བོར་ཡང་མཇལ་རྒྱུ་ཡོད།

འབྲེལ་ཡོད་འོས་སྦྱོར།