༄༅།། ནམ་ཟླ་ཇེ་དྲོར་སོང་བས་ཆི་ལེན་རི་བོའི་འཁྱགས་རོམ་ཇེ་ཆུང་དུ་འགྲོ་བཞིན་ཡོད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།
དུས་ཚོད།:2008-05-14
ཀློག་གྲངས།:
འདི་ནི་ཀན་སུའུ་ཞིང་ཆེན་སུའུ་པུའི་སོག་རིགས་རང་སྐྱོང་རྫོང་མངའ་ཁོངས་ཀྱི་ཆ་ལེན་རི་བོའི་འཁྱགས་རོམ་ཞུ་བའི་ཏང་ཧི་གཙང་བོའི་འབྱུང་ཁུངས་ཀྱི་འདམ་གཞུང་རེད།
ཀན་སུའུ་ཞིང་ཆེན་གནམ་གཤིས་བརྟག་དཔྱོད་ཁང་གི་ཆེད་མཁས་པས་གསལ་བཤད་བྱས་པ་ལྟར་ན་། ནམ་ཟླ་ཇེ་དྲོར་སོང་བས་ཆི་ལེན་རི་བོའི་འཁྱགས་རོམ་དང་ཁ་བ་ཞུ་བའི་ཚད་ཇེ་མགྱོགས་སུ་ཕྱིན་པ་དང་། འཁྱགས་རོམ་དང་ཁ་བའི་རྒྱ་ཁྱོན་ལོ་རེར་རྨིས་༢ནས་རྨིས་༦ལྷག་གིས་ཇེ་ཆུང་དུ་འགྲོ་བཞིན་ཡོད། ཆེད་མཁས་པས་ཚོད་དཔག་བྱས་པ་ལྟར་ན། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༢ཡོད་པའི་འཁྱགས་རོམ་ཆུང་བ་དེ་སྤྱི་ལོ་༢༠༥༠ལོའི་སྔོན་ལ་ཕལ་ཆེར་ཞུ་ནས་ཡལ་འགྲོ་ཟེར། ཅུང་ཆེ་བའི་འཁྱགས་རོམ་ཁ་ཤས་ཀྱང་དུས་རབས་འདིའི་ལོ་རབས་༥༠པའི་རྗེས་ནས་ཞུ་རྒྱུ་རེད་ཟེར།
འབྲེལ་ཡོད་འོས་སྦྱོར།