༄༅།།མཚོ་སྔོན་པོ་བརྗོད་དོན་དུ་བཟུང་བའི་དངོས་བཤུས་གློག་བརྙན།(བརྙན)
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་སྨྱན་བྱད།
དུས་ཚོད།:2019-12-26
ཀློག་གྲངས།:

ཉེ་ཆར། དངོས་བཤུས་གློག་བརྙན་ཆེན་མོ《མཚོ་སྔོན་གྱི་བླ་མཚོ་སྔོན་མོ》ཞེས་པའི་སྨྱན་སྦྱོར་མཇལ་འཕྲད་ཚོགས་འདུ་དེ་མཚོ་སྔོན་རླུང་བརྙན་འཕྲིན་ལས་ཁུངས་སུ་ཐོག་མར་གཟིགས་འབུལ་གནང་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀྲང་ཞིས་མེན་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་ཤིས་ཚིག་ཕུལ། ཁོང་གིས་མཚོ་སྔོན་པོ་ནི་ཀྲུང་གོའི་མཚོ་ཆེན་ཆེ་ཤོས་ལྔ་ཡི་ཁྲོད་ཨང་དང་པོ་ཡིན་པ་དང་། མཐོ་སྒང་གི་སྐྱེ་ཁམས་དོ་སྙོམས་ཡོང་བར་ལས་འགན་ཏུ་བླངས་ནས་མཐོ་སྒང་མི་དམངས་ཀྱི་ནང་སེམས་ལ་བདེ་སྐྱིད་བསྐྲུན་བཞིན་ཡོད། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དང་རེ་བ་བློ་ལ་བཅངས་ནས་མཚོ་སྔོན་པོའི“རྔམ་བརྗིད་དང་། མཛེས་པ། དག་གཙང་དང་བླ་མེད”བཅས་ནི་མཚོ་སྔོན་གྱིས“ཏན་ཏིག་བཞིའི”བླང་བྱ་གལ་ཆེན་ལག་ལེན་དུ་བསྟར་བའི་སྐྱེ་ཁམས་སྲུང་སྐྱོང་གི་བྱ་གཞག་གལ་ཆེན་ཞིག་རེད་ཅེས་གསུངས།《མཚོ་སྔོན་གྱི་བླ་མཚོ་སྔོན་མོ》ཞེས་པའི་མུ་འབྲེལ་དངོས་བཤུས་གློག་བརྙན་ལས་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བའི་ལག་ལེན་གྱི་ཕན་འབྲས་མངོན་ཡོད་པ་དང་ཆབས་ཅིག “ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱས་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས“དྭངས་གཙང་གི་ཆུ་མོ་དང་སྔོ་ལྗང་གི་རི་བོ་ནི་རིན་ཆེན་གཏེར་གྱི་བང་མཛོད་ཡིན”ཞེས་པའི་རླབས་ཆེན་གྱི་བསམ་བློ་ལ་སྔར་ལས་གཏིང་ཟབ་ཀྱི་གོ་བ་དང་མྱོང་ཚོར་ཐོབ་ཡོད་པ་ཤེས་ཐུབ། གསར་འགྱུར་ལས་རིགས་པ་དང་རིག་རྩལ་ལས་དོན་པས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གསར་རྩོམ་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་སྨྱུག་རྩེ་དང་པར་མིག་རྒྱ་ཆེའི་མང་ཚོགས་དང་མཛེས་སྡུག་ལྡན་པའི་རི་ཀླུང་ལ་གཏད་ནས་མཚོ་སྔོན་གྱི་སྙིང་སྟོབས་དར་སྤེལ་དང་། མཚོ་སྔོན་གྱི་སྣང་བརྙན་མངོན་གསལ་ཡིན་པ། མཚོ་སྔོན་གྱི་འཕེལ་རྒྱས་ལ་འགྲེལ་བཤད་གསལ་བོ་བྱེད་པ་བཅས་ལ་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་གྱི་རང་བཞིན། ལྟད་མོའི་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་དང་ཐོན་སྐྱེད་བྱས་ཏེ། མཚོ་སྔོན་གྱི་གསོན་ཉམས་ལྡན་པའི་ཆ་ཤས་རྣམས་ཀྲུང་གོ་བའི་སྐད་ངག་ལ་བརྟེན་ནས་བརྒྱུད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།

དགུན་ཟླ་བཅུ་གཅིག་པ་ཕར་འདས་རྗེས། མཐོ་སྒང་གི་དྲོད་ཚད་ཀྱང་རིམ་བཞིན་ཇེ་འཁྱགས་སུ་སོང་བ་དང་། གྲང་རླུང་གི་རྒྱུ་བ་རྩུབ་མོ་ཞིག་གིས་མཚོ་སྔོན་པོ་ཡང་སྐད་ཅིག་ཉིད་ལ་འཁྱག་རོམ་གྱི་རྒྱ་མཚོར་གྱུར་བ་རེད། ཟླ་དགུ་པ་ནས་བཟུང་། ཞིན་ཅང་པ་ཡན་པུའུ་ལུའུ་ཁི་མཚོ་མོ་དང་ཨུ་རུ་སུ་སོགས་ནས་འཕུར་འོངས་པའི་ངང་བ་སྟོང་ཚོ་གཉིས་ལྷག་མཚོ་སྔོན་པོའི་འགྲམ་ངོགས་སུ་ཐོན་ནས་དགུན་གྱི་དུས་ཚིགས་རིང་མོ་དེ་སྐྱེལ་བཞིན་ཡོད། མཚོ་སྔོན་པོ་ནི་འདབ་ཆགས་བྱ་ཡི་ཚང་མལ་དྲོན་མོ་ཞིག་སྟེ། དཔྱིད་ཟླ་གསུམ་པའི་དུས་ཚིགས་ཀྱི་འགྲོས་དང་བསྡོངས་ཏེ། ལྷོ་ཕྱོགས་རྒྱ་མཚོ་ནས་འཕུར་འོངས་པའི་ཁྲུང་ཁྲུང་གི་ཁྱུ་རྣམས་མཚོ་སྔོན་པོའི་ནུབ་བྱང་གི་མཚམས་སུ་འཕུར་ལྡིང་གར་གྱིས་རྩེན་ཞིང་། དགུན་དུས་ཀྱི་མཚོ་སྔོན་པོའི་སྣོད་བཅུད་ལ་མཚར་སྡུག་གི་མཛེས་ཉམས་གསར་བ་ཞིག་རྩོལ་བཞིན་མཆིས། འདི་རུ་ཁྲུང་ཁྲུང་གི་ནང་གསེས་སུ་གྱུར་བའི་རྟ་རྫི་སྐེ་ནག་ནི་འཛམ་གླིང་སྟེང་མཐོ་སྒང་དུ་སྐྱེ་འཕེལ་བྱེད་ཐུབ་པའི་འདབ་ཆགས་ཁོ་ན་ཡིན།

འབྲེལ་ཡོད་འོས་སྦྱོར།