༄༅།།ཕོ་བྲང་པོ་ཏ་ལའི་སྒོ་ཡང་བསྐྱར་འབྱེད་རྒྱུ་རེད། ཁྱེད་རང་འགྲོ་འདོད་ཡོད་དམ།
རྩོམ་པ་པོ།:ངེད་དྲ་བས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-06-03
ཀློག་གྲངས།:

ཕོ་བྲང་པོ་ཏ་ལར་མི་མང་པོ་སོང་ཡོད་ངེས། ཡིན་ཡང་རིམས་ནད་གནས་ཚུལ་དང་རིམས་འགོག་དགོས་མཁོའི་དབང་གིས། ད་ལོའི་ཟླ1པོའི་ཚེས27ཉིན་ནས་བཟུང་། ཕོ་བྲང་པོ་ཏ་ལའི་སྒོ་གཏན་པ་རེད། ད་ལྟ་ཀྲུང་གོའི་རིམས་འགོག་བྱ་བ་འཕེལ་ཚུལ་ལེགས་པས་པོ་ཏ་ལ་ཕྱི་ཕྱོགས་སུ་སྒོ་འབྱེད་པ་རེད། ཡང་བསྐྱར་སྒོ་འབྱེད་རྗེས་བྱེད་ཐབས་གང་དག་སྤྱོད་ངེས་སམ།

ཟླ6པའི་ཚེས2ཉིན། ཕོ་བྲང་པོ་ཏ་ལའི་དོ་དམ་གཞུང་སྒྲུབ་ཁང་གིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ནད་ཀྱི་བརྡ་ཁྱབ་བཏང་པ་དང་། རྒྱལ་ནང་རིམས་ནད་གནས་ཚུལ་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། དམངས་ཀྱི་འཚོ་བ་རིམ་བཞིན་དྲང་ལམ་དུ་བསྐྱོད། ད་ལྟ། གོང་རིམ་གྱི་ཆོག་མཆན་ཐོབ་པར་བརྒྱུད། ཕོ་བྲང་པོ་ཏ་ལ2020ལོའི་ཟླ6པའི་ཚེས3ཉིན་སྒོ་འབྱེད་རྒྱུ་ཡིན་པ་དང་། པྲོག་དབྱིབས་ནད་དུག་གསར་བའི་གློ་ནད་སྔོན་འགོག་བྱེད་ཐབས་གཟབ་ནན་གྱིས་ལག་བསྟར་བྱེད་པའི་སྔོན་འགྲོའི་འོག དུས་བཅད་དང་དུས་དབྱེ། ཚད་བཀག་ཡོད་པའི་སྒོ་ནས་གཟིགས་མོ་གནང་ཆོག་པ་རེད།
རྒྱུས་ལོན་པ་ལྟར་ན། རིམས་ནད་ཀྱི་དུས་སྐབས་སུ་སྒོ་འབྱེད་གཟིགས་མོ་བྱེད་པའི་དུས་ཚོད་ནི9:00-16:00(15:00ནས་གཟིགས་མོ་གནང་མི་ཆོག)ཡིན་པ་དང་། ཞིབ་ཕྲའི་སྤ་སེ་ཉོ་སྟངས་དང་གཟིགས་མོ་བྱེད་པའི་བརྒྱུད་རིམ་ནི་ཕོ་བྲང་པོ་ཏ་ལའི་སྤྱི་སྟེགས(布达拉宫微信公众号)ལ་དོ་སྣང་བྱ་རོགས།
འབྲེལ་ཡོད་འོས་སྦྱོར།