༄༅།།སྐབས་གཉིས་པའི་མཚོ་སྔོན་རེབ་གོང་རིག་གནས་སྒྱུ་རྩལ་དུས་ཆེན་འཚོགས་མགོ་བརྩམས།

རྩོམ་པ་པོ།:མི་གསལ། དུས་ཚོད།:2020-07-30 ཀློག་གྲངས།:
རྨ་ལྷོའི་རིག་གནས་གནས་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རོགས་འདེགས་བྱས་ཏེ། རྨ་ལྷོ་ཁུལ་གྱི་རིག་གནས་གནས་སྐོར་ཚོང་ར་སླར་གསོ་བྱ་ཆེད། སྤྱི་ཟླ7པའི་ཚེས28ཉིན། སྐབས་གཉིས་པའི་མཚོ་སྔོན་རེབ་གོང་རིག་གནས་གནས་སྐོར་དུས་ཆེན་གྱི་མགོ་རྩོམ་མཛད་སྒོ་ཐུན་རིན་གྲོང་ཁྱེར་རེབ་གོང་རིག་གནས་ཐང་ཆེན་དུ་སྤེལ།
མགོ་རྩོམ་མཛད་སྒོའི་སྟེང་། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཤིས་ཚིག་ཕུལ་བ་དང་། རིག་གནས་གནས་སྐོར་དུས་ཆེན་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་མ་ཟད། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། ཁུལ་གྱི་ཏང་སྲིད་འགོ་ཁྲིད། དེ་མིན་ཁུལ་ཐད་གཏོགས་ལས་ཁུངས་དང་ཐུན་རིན་གྲོང་ཁྱེར་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་མགོ་རྩོམ་རིག་རྩལ་འཁྲབ་སྟོན་ལ་བལྟས།
ཉེ་བའི་ལོ་འདི་དག་གི་རིང་ལ། རྨ་ལྷོ་ཁུལ་གྱིས་དམིགས་བསལ་གཅིག་དང་མཐོ་བ་གཉིས་ཀྱི་བཀོད་སྒྲིག་དང་དམ་འབྲེལ་སྒོས། རི་ཆུའི་རྨ་ལྷོ་གསར་སྐྲུན་དང་། སྤུས་ཚད་མཐོ་བའི་ཁུལ་གསུམ་འཛུགས་སྐྲུན་གྱི་དམིགས་འབེན་མངོན་འགྱུར་ལ་སྐུལ་འདེད་གཏོང་བ་དང་། གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་ལས་འགན་ལ་སྐུལ་འདེད་བཏང་སྟེ། རེབ་གོང་སྒྱུ་རྩལ་དང་རྨ་ལྷོའི་ཟློས་གར། དམངས་སྲོལ་དུས་ཆེན་སོགས་ཀྱི་རྨ་ལྷོའི་ཁྱད་ལྡན་གྱི་ས་ཁོངས་ཐོན་ཁུངས་བེད་སྤྱད་དེ། རེབ་གོང་རིག་གནས་གནས་སྐོར་དུས་ཆེན་དང་། གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མདའ་འཕེན་གདན་ཞུ་འགྲན་བསྡུར། ཧོར་གྱི་རྡོ་བརྐོས་སྒྱུ་རྩལ་དུས་ཆེན་སོགས་ས་གནས་ཀྱི་རིག་གནས་གནས་སྐོར་ཟོང་རྟགས་གྲགས་ཅན་གསར་སྐྲུན་བྱས་ཏེ། རྒྱལ་ཡོངས་སུ་ཤན་ཤུགས་ཆེ་བའི་གནས་སྐོར་བྱེད་ས་འཛུགས་སྐྲུན་བྱེད་པར་འབད་འབུངས་བྱས་ཤིང་། དེས་མི་རིགས་རིག་གནས་དང་། ཆོས་ལུགས་རིག་གནས། ལོ་རྒྱུས་དང་སྐྱེ་ཁམས་རིག་གནས་ཟུང་འབྲེལ་གྱི་མང་ཚོགས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་བ་ཞིག་མངོན་པར་སྐུལ་སྤེལ་བྱེད་བཞིན་ཡོད། 
ཐེངས་འདིའི་རིག་གནས་གནས་སྐོར་དུས་ཆེན་སྤེལ་བ་དེས། ཁྱོན་ཡོངས་ནས་མི་དམངས་མང་ཚོགས་ཀྱི་འཛད་སྤྱོད་རྒྱ་བསྐྱེད་དང་། རིག་གནས་གནས་སྐོར་དང་ལུས་རྩལ་སོགས་ཀྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། ཁུལ་ཡོངས་ཀྱི་རིག་གནས་གནས་སྐོར་སླར་གསོ་བྱེད་པ་དང་། སྒོས་སུ་རྨ་ལྷོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་གསོན་ཤུགས་གསར་བ་ཞིག་བསྣན།
འབྲེལ་ཡོད་འོས་སྦྱོར།