བོད་ཀྱི་མཛེས་ལྗོངས་ཁུལ་ཞིག་AAAAA ལ་རིམ་འཕར་་་
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སེམས་ཀྱི་ཞིང་ཁམས།
དུས་ཚོད།:2020-11-04
ཀློག་གྲངས།:
རིག་གནས་དང་ཡུལ་སྐོར་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས་༢ཉིན་རིག་གནས་ཡུལ་སྐོར་པུས་ཡོངས་བསྒྲགས་བྱས་ནས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཚད་གཞིར་སླེབས་ཡོད་པས། རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གཏན་འཁེལ་བྱེད་རྩིས་ཡོད་པ་རེད།
ཡོངས་བསྒྲགས་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་སྟེ། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་དབྱེ་འབྱེད་དང་ཞིབ་དཔྱད་གཏན་འབེབས་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་དོ་དམ་བྱ་ཐབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་སྲིད་འཛིན་སྡེ་ཚན་གྱིས་འོས་སྦྱོར་བྱས་པ་བརྒྱུད། རིག་གནས་དང་ཡུལ་སྐོར་པུའུ་ཡིས་གོ་རིམ་ལྟར་ཕྱོགས་བསྡུས་ཀྱིས་དཔྱད་བསྡུར་གཏན་འབེབས་བྱས་རྗེས། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཚད་གཞིར་སླེབས་ནས་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གཏན་འཁེལ་བྱ་རྩིས་ཡོད་པས། ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན།
ཡོངས་བསྒྲགས་ཀྱི་དུས་ཡུན་ནི་སྤྱི་ལོ་༢༠༢༠ལོའི་ཟླ་༡༡ཚེས་༢ཉིན་ནས་ཟླ་༡༡ཚེས་༨ཉིན་བར་ཡིན་པ་དང་། སྤྱི་བསྒྲགས་བྱས་པའི་དུས་ཡུན་ནང་གལ་ཏེ་སྤྱི་བསྒྲགས་ལས་ཁུངས་ལ་བསམ་འཆར་མི་མཐུན་པ་ཡོད་ན། གློག་རྡུལ་སྦྲག་ཡིག་གམ་བརྙན་སྐྱེལ་བརྒྱུད་ནས་བསམ་འཆར་བཏོན་ཆོག


འབྲེལ་ཡོད་འོས་སྦྱོར།