logo

༄༅།།རྡུལ་ཕྲན་མཁར་རྒྱལ་ཁབ་ཀྱི5Aརིམ་པའི་མཛེས་ལྗོངས་ཁུལ་དུ་བདམས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:གངས་ལྗོངས་འཕྲིན་གསར། དུས་ཚོད།:2020-12-18 ཀློག་གྲངས།:
      ཟླ12པའི་ཚེས14ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་ཤེས་རྟོགས་བྱུང་བར། ཆེད་མཁས་པའི་ཞིབ་དཔྱད་ཚོགས་འདུའི་སྟེང་ཞིབ་དཔྱད་དང་གདམ་གསེས་བྱས་པ་བརྒྱུད། གསེར་དངུལ་ཐང་རྡུལ་ཕྲན་མཁར་མཛེས་ལྗོངས་ཁུལ་དུ་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མཛེས་ལྗོངས་སྤུས་ཚད་ཞིབ་དཔྱད་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་སྐྲུན་པའི་མིང་ཐོའི་ནང་དངོས་སུ་བཅུག་པ་རེད།
(པར་རིས་ཡོང་ཁུངས་དྲ་ཐོག་ཡིན།)
      ཉེ་བའི་ལོ་ཤས་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཡུལ་སྐོར་འགྲིམ་འགྲུལ་དང་བདེ་འཇགས། འཕྲོད་བསྟེན། ཉོ་སྒྲུབ། ཕྱོགས་བསྡུས་དོ་དམ། ཆ་འཕྲིན་ཅན་གྱི་ཞབས་ཞུ། ཐོན་ཁུངས། ཁོར་ཡུག་སྲུང་སྐྱོང་སོགས་ཕྱོགས8ཀྱི་ཐད་ནས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་གསེར་དངུལ་ཐང་རྡུལ་ཕྲན་མཁར་དེ་རྒྱལ་ཁབ་ཀྱི5Aརིམ་པའི་མཛེས་ལྗོངས་ཁུལ་དུ་བསྐྲུན་རྒྱུའི་གོམ་ཁ་ཇེ་མགྱོགས་སུ་བཏང་ཡོད།
      ད་ལོའི་ཟླ11པར། རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུས་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མཛེས་ལྗོངས་སྤུས་ཚད་ཀྱི་ཆེད་མཁས་པའི་དཔྱད་ཞིབ་རེ་ཞུ་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་མཛེས་ལྗོངས་སྤུས་ཚད་སྙན་ཞུ་དང་ཆེད་མཁས་པས་ཡུལ་དངོས་ནས་དྲི་བ་འདོན་པ་སོགས་བརྒྱུད་ནས་གསེར་དངུལ་ཐང་རྡུལ་ཕྲན་མཁར་མཛེས་ལྗོངས་ཁུལ་ལ་ཐོག་མའི་དཔྱད་ཞིབ་བྱས་ཤིང་། ཟླ12པར། རིག་གནས་དང་ཡུལ་སྐོར་པུའི་ཆེད་མཁས་པའི་ཞིབ་དཔྱད་ལྷན་ཚོགས་ཀྱིས་ཞིབ་དཔྱད་དང་གདམ་གསེས་ནན་མོ་བྱས་པ་བརྒྱུད། གསེར་དངུལ་ཐང་རྡུལ་ཕྲན་མཁར་མཛེས་ལྗོངས་ཁུལ་ལ་སྐར་མ92.2ཀྱི་གྲུབ་འབྲས་ཐོག་ནས་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མཛེས་ལྗོངས་སྤུས་ཚད་ཞིབ་དཔྱད་བྱས་ཤིང་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་སྐྲུན་པའི་མིང་ཐོའི་ནང་བཅུག་པ་རེད།
      ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། རང་ཞིང་གི་རྒྱལ་ཁབ་ཀྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་དང་རིམ་པ་མཐོ་རུ་བཏང་ནས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་རྒྱག་ཆེད། མཛེས་ལྗོངས་ཁུལ་གྱི་དོ་དམ་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ཚད་ལྡན་ཅན་དང་ཆ་འཕྲིན་ཅན། སྤུས་ལེགས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས། ད་ལོར་ཞིང་ཆེན་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་དཔྱད་སྡུར་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་ཆེད་མཁས་པའི་ཚོ་ཆུང་མངགས་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ཁག་གིས་གསར་དུ་རེ་ཞུ་བྱས་པ་དང་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་དཔྱད་བསྡུར་གཏན་འབེབས་དང་བསྐྱར་ཞིབ་ལས་དོན་སྤེལ་བ་ཡིན་ཟེར།
      དེའི་ནང་མཛེས་ལྗོངས་ཁུལ22རྒྱལ་ཁབ་ཀྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཚད་གཞིར་སླེབས་ནས་རྒྱལ་ཁབ་ཀྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གཏན་འཁེལ་བྱས། དམར་གཙང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་སྨན་ཆུ་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། དམར་གཙང་རྫོང་ཅིན་སན་ཁྲོན་དམངས་སྲོལ་ཡུལ་སྐོར་སྤྲོ་འཆམ་ཁུལ་དུ་གསར་སྤེལ་འཛུགས་སྐྲུན་འདྲེན་ཤུགས་མི་ལྡན་པ་དང་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ། དུས་ཡུན་རིང་བོར་ཚོང་གཉེར་དོ་དམ་བྱེད་མཁན་མེད་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གནས་པ་སོགས་ཀྱི་གནད་དོན་གནས་ཡོད་པས་འགུལ་རྣམ་དོ་དམ་གྱི་རྩ་དོན་གཞིར་བཟུང་ནས་རྒྱལ་ཁབ་ཀྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཐོབ་ཐང་མེད་པར་བཟོས།
      2020ལོའི་ཟླ12པའི་བར། རང་ཞིང་དུ་རྒྱལ་ཁབ་ཀྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ133ཡོད་པའི་ནང5Aརིམ་པ3དང4Aརིམ་པ29 3Aརིམ་པ83 2Aརིམ་པ18བཅས་ཡོད།
འབྲེལ་ཡོད་འོས་སྦྱོར།