༄༅།།མདོ་དབུས་མཐོ་སྒང་གི“རྐང་རྗེས་ཆེན་མོ”དང་དེའི་གསང་བ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2021-02-01
ཀློག་གྲངས།:
སྐར་རྡོ་ཡིས་སའི་གོ་ལར་རྡུང་ཁ་བརྒྱབ་པའི་ཤུལ་རྗེས། པར་རིས་པའེ་ཏུའུ་པའེ་ཁོ་ལས་དྲངས།དེ་ན། སའི་གོ་ལ་བདག་དུ་བཟུང་མྱོང་བའི་ཁུང་འབྲུག་གི་རིགས་འདི་དང་སྐབས་ཐོག་དེ་ལ་རྒྱ་མཚོ་ཆེན་མོ་ཞིག་ཡིན་པའི་མདོ་དབུས་མཐོ་སྒང་གཉིས་ཀྱི་བར་ལ་འབྲེལ་བ་ག་འདྲ་ཞིག་ཡོད་དམ།
གཅིག མདོ་དབུས་མཐོ་སྒང་གི“རྐང་རྗེས་ཆེན་མོ”ཡི་གསང་བ།
ཆབ་མདོའི“རྐང་རྗེས་ཆེན་མོ”ཡི་རྣམ་པ། ལི་ལིས་པར་བླངས།
རྐང་རྗེས་ཆེན་མོའི་ཡུལ་ལྗོངས་ཁུལ། ལའེcarཡིས་པར་བླངས།ཡིན་ནའང་། དོན་ངོ་མར་དེ་འདྲ་ཞིག་ཡིན་ནམ་ཞེ་ན། གནའ་བོའི་སྐྱེ་དངོས་རིག་པ་བས་དབྱེ་ཞིབ་བྱས་ན། རྐང་རྗེས་ཆེན་པོ་འདི་ནི་ཁུང་འབྲུག་གི་ཤུལ་རྗེས་ཤིག་ཡིན་པ་དང་། ཞིབ་འཇུག་བྱས་པ་བརྒྱུད། ཁུང་འབྲུག་འདི་ཡི་རིང་ཚད་ལ་སྨི་18ཡོད་ཚུལ་བསྟན་པ་རེད།
ཁུང་འབྲུག་ཆེ་གྲས་ཀྱི་དཔེ་རིས། པར་རིས་ཞིན་ལི་ཏའི་པོད་ཁུག་ལས་དྲངས།གཉིས། མདོ་དབུས་མཐོ་སྒང་འདི་ཁུང་འབྲུག་གི་འཚོ་ཡུལ་ཞིག་ཡིན་པ།
ཁུང་འབྲུག་གི་དཔེ་རིས། པར་རིས་ཚན་རྩལ་འདྲི་རྩད་ལས་དྲངས།རྟོག་ཞིབ་རུ་ཁག་གིས་ཆབ་མདོ་ས་ཁུལ་ནས་ཁུང་འབྲུག་རིགས་ཤིག་གི་སོ་ཡི་འགྱུར་རྡོ་ཐོག་མ་རྙེད་པ་དང་བསྟུན་ནས། ཡུལ་དེ་ནས་སྔོག་འདོན་བྱས་རྗེས། རིང་ཚད་ལ་སྨི་0.75དང་ཞེང་ཚད་ལ་སྨི་1.1ཙམ་ཡོད་པའི་ཤ་གཟན་རིགས་ཀྱི་ཁུང་འབྲུག་ཅིག་གི་རྐེད་རུས་ཀྱི་འགྱུར་རྡོ་ཞིག་རྙེད་པ་རེད།
མདོ་དབུས་མཐོ་སྒང་། པར་རིས་པའེ་ཏུའུ་པའེ་ཁོ་ལས་དྲངས།ཉེ་སྔོན། རྒྱལ་ཁབ་ཕྱི་ནང་གི་ཚན་རིག་པའི་ཚོགས་པ་ཞིག་གིས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁུང་འབྲུག་གི་ཤུལ་རྗེས་མང་པོ་ཞིག་རྙེད་ཚུལ་བསྒྲགས་པ་དང་། ཤུལ་རྗེས་རྙེད་ཡུལ་བཞི་གསལ་བར་བསྟན་འདུག་ལ། དེ་སོ་སོའི་རིང་ཚད་ལ་ལི་སྨི་22ནས་99.3ཙམ་མི་འདྲ་བར་ཡོད་པ་རེད། འདི་ལས་མདོ་དབུས་མཐོ་སྒང་དུའང་ལོ་ཚོད་མི་འདྲ་བ་དང་གཟུགས་དབྱིབས་མི་གཅིག་པའི་ཁུང་འབྲུག་གི་ཁྱུ་ཚོགས་ཤིག་ཡོད་ཚུལ་བསྟན་ཡོད།
གསུམ། མདོ་དབུས་མཐོ་སྒང་གི་ཁུང་འབྲུག་ཁྱུ་ཚོགས་རྩ་མེད་དུ་གྱུར་པ།
བྲག་ངོས་ཀྱི་ཁུང་འབྲུག་གི་རྐང་རྗེས་ལ་རྟོག་ཞིབ་བྱེད་པ། པར་རིས་ཞིན་ཧྭ་གསར་འགྱུར་ཁང་ལས་དྲངས།མདོ་དབུས་མཐོ་སྒང་གི་ས་ཆ་འདི་རིམ་བཞིན་ཡར་འཕགས་པ་ན། གནམ་གཤིས་རིམ་པར་སྐམ་གཤིས་ཅན་ལ་གྱུར་པ་དང་། ཁུང་འབྲུག་ཁྱུ་ཚོགས་ཀྱང་རིམ་པར་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བ་རེད།
མཚེའུ་སྔོན་མོ་ཐང་རྒོད་དུ་གྱུར་པ་དང་གཞོང་ས་གཤིན་པོ་བྲག་རི་ལ་གྱུར་པའི་སྐབས། མཐོ་སྒང་འདི་ན་ལུས་པའི་ཁུང་འབྲུག་མཐའ་མ་རྣམས་ཀྱང་མེད་པར་གྱུར་ནས། མདོ་དབུས་མཐོ་སྒང་གི་ས་ཆ་འདི་ཡི་ལོ་རྒྱུས་ཁ་ཕྱོགས་ཀྱང་གཞན་པ་ཞིག་ལ་བསྒྱུར་པ་རེད།
འབྲེལ་ཡོད་འོས་སྦྱོར།
