logo

༄༅།།མཚོ་སྔོན་གྱི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་བདུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2021-05-06 ཀློག་གྲངས།:
གཅིག སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།
པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
      སེམས་ཉིད་ནགས་ཚལ་སྤྱི་གླིང་ནི་མཚོ་སྔོན་གྱི་རྒྱ་ཁྱོན་ཆེས་ཆེ་བའི་ནགས་ཁུལ་ཞིག་ཡིན་ཞིང་། འཇུ་ལག་རྫོང་(门源县)གི་ཤར་ཐང་དང་སེམས་ཉིད། དྲུ་གུ་བཅས་ཀྱི་གྲོང་རྡལ་གསུམ་དུ་ཁེབས་ཡོད། སྤྱི་གླིང་གི་ལྷོ་བྱང་བར་ལ་སྤྱི་ལེ་55དང་ཤར་ནུབ་བར་ལ་སྤྱི་ལེ་95 རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་14.8བཅས་ཡོད། 
པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
      1996ལོར། སྤྱི་གླིང་འདི་ཞིང་ཆེན་རིམ་པའི་ནགས་ཚལ་སྤྱི་གླིང་དུ་གཏན་ལ་ཕབ་ཅིང་། 2003ལོར་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་དུ་བསྒྱུར། 
པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
       མདོ་ལ་རི་རྒྱུད་ཀྱི་དབང་གིས། སེམས་ཉིད་ནགས་ཚལ་སྤྱི་གླིང་གི་ས་ངོས་ཆུ་དང་ས་འོག་ཆུ་ཡི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པར་མ་ཟད། འདི་ནི་མཚོ་སྔོན་ལྷོ་རྒྱུད་ཀྱི་རྨ་ཆུའི་ཆུ་ལག་མང་པོ་དང་བྱང་རྒྱུད་ཀྱི་སྐམ་སའི་ནང་ལོག་གི་ཆུ་ལག་མང་པོའི་མགོ་ཁུངས་ཀྱང་ཡིན།
གཉིས། བྱང་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།
པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
      བྱང་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་མཚོ་ཤར་གྲོང་ཁྱེར་དགོན་ལུང་རྫོང་(互助县)རྒྱ་ཏིག་གྲོང་རྡལ་(加定镇)གྱི་བྱང་རིའི་ནགས་ར་ན་ཡོད་ཅིང་། དེ་ནི་ནགས་ཚལ་གྱི་རང་བྱུང་མཛེས་ལྗོངས་གཙོས་པའི་སྐྱེ་ཁམས་སྤྱི་གླིང་ཞིག་ཡིན། 
པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
      1992ལོར་བྱང་རི་རྒྱལ་ཁབ་ནགས་ཚུལ་སྤྱི་གླིང་འཛུགས་པའི་ཆོག་མཆན་ཐོབ་པ་དང་། ས་བབ་མཐོ་ཚད་ནི་སྨི་2100ནས་4308ཀྱི་བར་ཡིན་ཞིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་1127ཡོད། སྤྱི་གླིང་ནང་གི་ནགས་ཀྱི་ཁེབས་ཚད་64.3%ཟིན་ལ། རི་བོ་མང་ཞིང་སྐྱེ་དངོས་དང་སྲོག་ཆགས་སྣ་ཚོགས་ཡོད།
པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
      མཐོ་སྒང་གི་ཁྱད་ཆོས་འབུར་དུ་ཐོན་སྟབས། སྤྱི་གླིང་འདི་ལ་རང་བྱུང་གི“སྲོག་ཆགས་དང་སྐྱེ་དངོས་ཀྱི་རྒྱལ་ཁམས”ཞེས་འབོད་པར་མ་ཟད། ཚན་སྤེལ་རྟོག་ཞིབ་ཀྱི་གནས་མཆོག་ཅིག་ཀྱང་ཡིན།
གསུམ། དམེ་ཤུལ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།
པར་རིས་ཀྲོང་ཀན་སྐུད་ཐོག་གླེང་སྟེགས་ལས་དྲངས།
     དམེ་ཤུལ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཁོངས་ཀྱི་རྨ་ཆུའི་ཆུ་ལག་དགུ་ཆུའི་བཞུར་རྒྱུད་ན་ཡོད་ཅིང་། དེ་ནི་གདོད་མའི་ནགས་ཚལ་གྱི་རང་བྱུང་མཛེས་ལྗོངས་ཁུལ་ཞིག་ཡིན། 
པར་རིས་ཀྲོང་ཀན་སྐུད་ཐོག་གླེང་སྟེགས་ལས་དྲངས།
      སྤྱི་གླིང་འདི་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ལྟེ་བའི་ཁུལ་དུ་གཏོགས་པར་མ་ཟད། ད་དུང་རྒྱལ་ཁབ་ཀྱི་རང་བྱུང་ནགས་ཚལ་སྲུང་སྐྱོབ་ལས་གྲྭའི་གཙོ་གནད་ནགས་ཁུལ་ཞིག་ཀྱང་ཡིན། 
པར་རིས་ཀྲོང་ཀན་སྐུད་ཐོག་གླེང་སྟེགས་ལས་དྲངས།
      2005ལོར་དམེ་ཤུལ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ཞེས་མིང་བཏགས་པ་དང་། རྒྱ་ཁྱོན་ལ་སྤྱི་ཆིང་67596ཡོད། སྤྱི་གླིང་དུ་ནགས་ཚལ་སྟུག་པོ་དང་རི་ཆུ། གནའ་ཤུལ་སོགས་ཡོད། 
བཞི། ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།
པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
      ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁོངས་ན་ཡོད་ཅིང་། མཚམས་སྤྲིན་ས་དབྱིབས་ཀྱི་དབང་གིས་སྐད་གྲགས་ཆེན་པོ་ཡོད། 
པར་རིས་པའེ་ཏུའུ་པའེ་ཁོ་ལས་དྲངས།
      1993ལོར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་བདམས་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་152ཡོད་ལ། མཐོ་སྒང་གི་སྐམ་སའི་རང་བཞིན་གྱི་གནས་གཤིས་སུ་གཏོགས། ས་བབ་མཐོ་ཚད་ལ་ཆ་སྙོམས་བྱས་ན་སྨི་2500ཡོད། 
པར་རིས་པའེ་ཏུའུ་པའེ་ཁོ་ལས་དྲངས།
     སྤྱི་གླིང་དུ་མཚམས་སྤྲིན་ས་དབྱིབས་ངོ་མཚར་བ་དང་ནགས་ཚལ་སྟུག་པོ། གནའ་བོའི་ཆོས་ལུགས་རིག་གནས། རྔམ་བརྗིད་ཀྱི་གློག་ཚུགས་ཆུ་རགས། གྲོག་རོང་ཁུལ་གྱི་ཆུ་མཛོད་སོགས་རང་བྱུང་མཛེས་ལྗོངས་དང་མི་ཆོས་མཛེས་ལྗོངས་གཉིས་ཡོད།
ལྔ། ཧ་ལི་ཧ་ཐུབ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།
པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
      ཧ་ལི་ཧ་ཐུབ་(哈里哈图)རྒྱལ་ནགས་ཚལ་སྤྱི་གླིང་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་(乌兰县)མཐོན་པོ་གྲོང་རྡལ་དུ་ཡོད་ཅིང་། འདི་ནི་བྱེད་ནུས་མང་ལ་ཕན་པ་ཆེ་བ། ཁོར་ཡུག་མཛེས་པའི་ནགས་ཚལ་ཡུལ་སྐོར་གྱིས་གཙོས་པའི་རི་ལུང་རྣམ་པའི་ནགས་ཚལ་སྤྱི་གླིང་ཞིག་ཡིན། 
པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
      1996ལོར་ཞིང་ཆེན་རིམ་པའི་ནགས་ཚལ་སྤྱི་གླིང་དུ་བདམས་ཤིང་། 2006ལོར་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་དུ་བསྒྱུར་བ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་5170.5ཡོད།
པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
      སྤྱི་གླིང་དུ་ཚྭ་འདམ་གཞོང་གི་གདོད་མའི་ནགས་ཚལ་དང་རྔམ་བརྗིད་ལྡན་པའི་རང་བྱུང་མཛེས་ལྗོངས། བབ་ཆགས་ཀྱི་དམངས་སྲོལ་རིག་གནས། ངོ་མཚར་བའི་བོད་བརྒྱུད་ནང་བསྟན་རིག་གནས་སོགས་ཡོད།
དྲུག ཁྱུང་རྒྱ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།
པར་རིས་པའེ་ཏུའུ་པའེ་ཁོ་ལས་དྲངས།
      ཁྱུང་རྒྱ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་(湟中区)ཁོངས་ན་ཡོད་ཅིང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་ཁུལ། རྨ་ལྷོ་ཁུལ་བཅས་བཞི་ལ་འབྲེལ་ཡོད། 
པར་རིས་པའེ་ཏུའུ་པའེ་ཁོ་ལས་དྲངས།
      སྤྱི་གླིང་གི་རྒྱ་ཁྱོན་ལ་སྤྱི་ཆིང་11266ཡོད་ཅིང་། རྣམ་པ་ནི་རི་མཐོའི་གྲོག་རོང་གི་ཚུལ་ངོ་མ་ཡིན། རི་ལུང་གཟར་པོ་ཡིས་མཐོ་སྒང་གི་ས་དབྱིབས་མཛེས་ལྗོངས་སྣ་ཚོགས་བསྐྲུན་ཡོད་སྟབས། “མཐོ་སྒང་གི་མུ་ཏིག་སྔོན་མོ”ཞེས་འབོད། 
པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
      ད་དུང་། སྤྱི་གླིང་གི་དུས་བཞིའི་མཛེས་ལྗོངས་ལ་ཁྱད་ཆོས་ཆེན་པོ་ཡོད་པས། “ཉིན་གཅིག་ལ་དུས་བཞིའི་མཛེས་ཉམས་རོལ་བ་དང་། སྤྱི་ལེ་བཅུའི་ནང་ཡུལ་ལྗོངས་མི་འདྲ་བ་འདུག”ཅེས་པའི་ཚོར་བ་ཡོད།
བདུན། རྟ་ཐང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།
པར་རིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ་ལས་དྲངས།
      རྟ་ཐང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཁོངས་ཀྱི་གསེར་ཆེན་རི་བོ་(达坂山)ཡི་ལྷོ་ངོགས་ན་ཡོད་ཅིང་། 1996ལོར་ཞིང་ཆེན་རིམ་པའི་ནགས་ཚལ་སྤྱི་གླིང་དུ་བཙུགས་པ་དང་2001ལོར་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་དུ་བསྒྱུར། རྒྱ་ཁྱོན་ལ་སྤྱི་ཆིང་4747ཡོད། 
པར་རིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ་ལས་དྲངས།
      སྤྱི་གླིང་ནི་ཡའོ་ཙི་ལུང་བ་(鹞子沟)དང་ཚ་ཧན་ཆུ་བོ་མཛེས་ལྗོངས་ཁུལ་གཉིས་ཀྱིས་གྲུབ་ཅིང་། ནང་དུ་གདོད་མའི་ནགས་ཚལ་དང་རི་བོ། རྦབ་ཆུ་སོགས་ཀྱི་མཛེས་ལྗོངས་ངོ་མཚར་བ་ཡོད།
པར་རིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ་ལས་དྲངས།
འབྲེལ་ཡོད་འོས་སྦྱོར།