༄༅།།རྨ་ཆུའི་ཚ་རྔ་འགག་གྲོང་རོང་།
རྩོམ་པ་པོ།:
ཡོང་ཁུངས།:
དུས་ཚོད།:2021-07-05
ཀློག་གྲངས།:
ཚ་རྔ་འགག་ནི་ཚ་རྔ་འགག་ཆུ་གློག་ས་ཚིགས་དང་ལ་ཞོལ་མ་ཆུ་གློག་ས་ཚིགས་གཉིས་ཀྱི་བར་དུ་གནས་ཤིང་སྤྱིའི་རིང་ཚད་ལ་སྤྱི་ལེ༣༣ཡོད། འགྲམ་གཉིས་ནི་དིམ་བསགས་བྲག་རི་ཡིན། རང་བྱུང་ཁམས་ཆེན་མོའི་རང་བཞིན་ལྷུན་གྱིས་གྲུབ་པའི་དུམ་ཆད་བྲག་རི་དང་བྲག་རིའི་མུ་ཁྱུད་ཕྲེང་བར་བསྟར་བའི་རྨ་ཆུའི་རྒྱུད་ཀྱི་རྔམ་བརྗིད་ཆེས་ཆེར་ལྡན་པའི་གྲོག་རོང་གི་ཚོགས་པ་ཞིག་ཡིན། གྲོག་རོང་གི་ནང་དུ་ལུང་ཤུར་དང་བྲག་རི་ཡ་མཚར་ཅན་རྣམས་ཀྱིས་ངོ་མཚར་བ་དང་། ཉེན་ཆེ། ལྐོག་གྱུར་གྱི་གཟིགས་ལྗོངས་གྲུབ་ཡོད་པས། ཀྲུང་གོའི་ཁེ་ལ་ར་ཏོ་གྲོང་རོང་ཆེན་མོའི་མཚན་སྙན་བསྩལ་ཡོད། ས་གཤིས་རྟོག་ཞིབ་བྱས་པ་ལྟར་ན། རྨ་ཆུ་བྱུང་ནས་ལོ་ངོ་ཁྲི་བཞི་ལྷག་འགོར་ཡོད་པ་དང་། ཚ་རྔ་འགག་གི་རྨ་ཆུའི་ཆུ་ལམ་ནི་ལོ་ངོ་ཁྲི་བཞི་ལྷག་གི་ནང་དུ་འགྱུར་ལྡོག་གང་ཡང་བྱུང་མྱོང་མེད་པར་མ་ཟད། རྨ་ཆུའི་འགོ་ཁུངས་ནས་ཚ་རྔ་འགག་གི་བར་དུ་འདི་ལྟ་བུའི་རིང་ཞིང་བརྗིད་ཉམས་ལྡན་པ། མཛེས་སྡུག་ལྡན་པའི་གྲོང་རོང་ཆེན་པོ་ཞིག་མི་འདུག དེའི་ཕྱིར་མཐོ་སྒང་གི་གནའ་བོའི་ཆུ་ལམ། ཆུ་ཆེན་གྱི་གྲོག་རོང་དང་པོ་ཟེར་བ་མིང་དོན་དང་མཚུངས།

ཚ་རྔ་འགག་གྲུ་ཁའི་སྟོད་རྒྱུད་ཀྱི་ཆུ་ངོས་སྙོམས་ཤིང་ཁོད་ཡངས་ལ་བསིལ་རླུང་འཇམ་པོ་དལ་གྱིས་ལྡང་། གྲུར་བསྡད་དེ་ཕྱིན་ན་སྟོད་རྒྱུད་ནས་འཕགས་མཆོག་རྣམ་བཞི་ལ་སོགས་པའི་གཟིགས་ལྗོངས་མཐོང་ཐུབ། གྲུ་ཁའི་སྨད་རྒྱུད་ཀྱི་ཆུ་ངོས་ཡངས་ཤིང་ཆུ་ཡི་དྲ་བ་འཐེན་ཡོད། དེ་བཞིན་དུ་རི་དྭགས་གནའ་བ་བག་ཡངས་སུ་རྒྱུ། གྲུ་ལ་བསྡད་དེ་ཕྱིན་ན་བྲག་རིས་སྣ་ཚོགས་ཀྱི་གཟིགས་ལྗོངས་མཐོང་ཐུབ།


འབྲེལ་ཡོད་འོས་སྦྱོར།