logo

༄༅།མཚོ་ནུབ་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་ལ་ཧུར་བརྩོན་བྱས།

རྩོམ་པ་པོ།:བསོད་རྡོ།  ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-09-16 ཀློག་གྲངས།:
       ད་ལོའི་ཚུན་ལ།མཚོ་ནུབ་ཁུལ་གྱིས་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་བླང་བྱ་ལྟར། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་བྱེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས།སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཀྱི་བསམ་བློའི་འཆར་འགོད་འཐེན་ཞིང་འཕེལ་རྒྱས་གསར་བའི་ལམ་དུ་འཚོལ་སྙེག་བྱས་ཏེ། སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་ཀྱི་རིན་ཐང་སྔོག་འདོན་དང་རང་བྱུང་ལྗོངས་ཁུལ་འགྲེམ་སྟོན་གྱི་རིན་ཐང་། མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་བཅས་སྔོག་འདོན་བྱས་ཏེ། ཕྱོགས་ཡོངས་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་ལ་རྨང་གཞི་བཏང་། 
       འཛམ་གླིང་གི་ཡང་རྩེ་རུ་ཆགས་པའི་ས་རྒྱུས་ཁོར་ཡུག་གིས་མཚོ་ནུབ་ཀྱི་གནས་སྐོར་ལྗོངས་ཁུལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ལ་གཞན་ལས་འགུགས་ཤུགས་ཆེ་བས། མཚོ་ནུབ་ཁུལ་ཡོངས་ཀྱི་ས་ཆ་སོ་སོའི་སྐྱེ་ཁམས་གནས་སྐོར་གྱི་ཐོན་ཁུངས་མི་འདྲ་བའི་ཁྱད་ཆོས་དང་ཟུང་དུ་སྦྲེལ་ནས། མཚོ་ནུབ་ཁུལ་གྱིས་གནས་སྐོར་རིག་གནས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ལམ་བུ་འཚོལ་ཞིབ་བྱས་ཤིང་། ཕྱོགས་ཡོངས་ནས་རང་བྱུང་ལྗོངས་ཁུལ་དང་མི་ཆོས་རིག་གནས་མཉམ་འདྲེས་ལ་ཤུགས་བསྣན་ཏེ། ཡུལ་སྲོལ་ལྗོངས་ཁུལ་དང་སྐྱེ་ཁམས་གནས་སྐོར་གཉིས་ཕུང་བོ་གཅིག་འདྲིལ་གྱི་མཐོ་སྒང་གི་ཁྱད་ལྡན་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་བཞེངས་སྐྲུན་བྱས།      གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཧུར་ཐག་སྒོས་གྲོང་ཁྱེར་གྱི་རིག་གནས་མཚོན་རྟགས་དང་མི་རིགས་ཀྱི་ལུས་རྩལ་འགྲན་སྡུར་དང་རྒྱལ་ནང་གི་ལུས་རྩལ་འགྲན་ཚོགས་ཆེ་འབྲིང་རིགས་དཀྱིལ་སྙིང་དུ་བཟུང་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་དང་ཕྱོགས་བསྡུས་གནས་སྐོར་ཞབས་ཕྱི་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་བསྣོན་བྱས། ན་གོར་མོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ལྟེ་བར་བཟུང་ནས་ཁུ་ནུ་རི་བོ་དང་། ཚྭ་མཚོ། ཧུའུ་ཡང་ནགས་ར། དམག་སྤྱི་ཐོག་ཁང་སྤྱི་གླིང་སོགས་གནས་སྐོར་ཐོན་ཁུངས་དང་། ཁུ་ནུ་རི་བོ་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་བཞེངས་སྐྲུན་ལ་ཤུགས་བསྣོན་བྱས། མང་ཨེ་གྲོང་ཁྱེར་་གྱིས་མཚམས་སྤྲིན་ས་དབྱིབས་ལྗོངས་ཁུལ་དང་ཚྭ་མཚོ།རྡོ་སྣུམ་རྗེས་ཤུལ། གནམ་རིག་ཚན་རྩལ་སོགས་ཀྱི་གནས་བབ་ལེགས་པོའི་ཐོན་ཁུངས་དང་དམ་འབྲེལ་བྱེད་པ་དང་། གནམ་རིག་ཚན་རྩལ་ཁྱབ་གདལ་བཞེངས་སྐྲུན་བྱེད་པ་དཀྱིལ་སྙིང་དུ་བཟུང་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་ལ་ཤུགས་བསྣོན་བྱས།གཏེར་ལམ་རྫོང་གིས་རིག་གནས་གནས་སྐོར་ལྗོངས་ཁུལ་དང་སྐྱེ་ཁམས་གནས་སྐོར་ཁམས་གསེང་ས་ཚུགས་འཛུགས་སྐྲུན་བྱེད་པ་དང་།ལོ་རྒྱུས་རིག་གནས་དང་། རི་སྐྱེས་སྲོག་ཆགས་ལ་ལྟ་སྐོར་བྱེད་པ་དཀྱིལ་སྙིང་དུ་བཟུང་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་ལ་ཤུགས་བསྣོན་བྱས།དབུས་ལམ་རྫོང་གིས་ཚྭ་ཁ་ཚྭ་མཚོའི་གནས་སྐོར་གཞི་གཅིག་ཅན་བཞེངས་སྐྲུན་དཀྱིལ་སྙིང་དུ་བྱས་ནས་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་ལ་ཤུགས་བསྣོན་བྱས།ཐེམ་ཆེན་རྫོང་གིས་ས་མགོ་བའི་མྱོང་རོལ་ས་ཚུགས་དང་བོད་ཀྱི་རིག་གནས་མྱོང་རོལ་ས་ཚུགས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཚན་ཞིབ་དཀྱིལ་སྙིང་དུ་བཟུང་ནས་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་ལ་ཤུགས་བསྣོན་བྱས། ཚྭ་འདམ་ཆེ་བས་མཚམས་སྤྲིན་ས་དབྱིབས་དང་ཚྭ་མཚོ། ཁམས་གསོ་སོགས་ཀྱི་རིག་གནས་གནས་སྐོར་ཐོན་ཁུངས་རྒྱ་སྐྱེད་དེ། རྒྱལ་སྤྱིའི་མཚམས་སྤྲིན་ས་དབྱིབས་སྤྱི་གླིང་བཞེངས་སྐྲུན་བྱེད་རྒྱུ་དཀྱིལ་སྙིང་དུ་བཟུང་ནས་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་ལ་ཤུགས་བསྣོན་བྱས།       དུས་མཚུངས་སུ། མཚོ་ནུབ་ཁུལ་གྱིས་ཁུ་ནུ་རིག་གནས་དང་མི་རིགས་རིག་གནས། ལོ་རྒྱུས་རིག་སོགས་ཀྱི་མིང་བྱང་སྔོག་འདོན་ཟབ་མོ་བྱས་ནས། སྐྱེ་ཁམས་ལྟ་སྐོར་དང་གནས་སྐོར་ཞིབ་འཇུག  ཁམས་གསོ་ཁམས་གསེང་སོགས་ཀྱི་རིག་གནས་གནས་སྐོར་ལས་རིགས་དང་འགུལ་སྐྱོད་རྩད་ཞིབ།སྤྲོ་གསེང་ལུས་གསོ། སྐྱེ་ཁམས་ཞིབ་འཇུག་སོགས་ཀྱི་ཁྱད་ལྡན་གནས་སྐོར་ཐོན་རྫས་འཆར་འགོད་ལས་སྤུས་ཀ་མཐོ་རུ་བཏང་སྟེ། ཚྭ་འདམ་གྱི་སྤུས་དག་གནས་སྐོར་ལམ་ཐིག་དང་གསར་བརྗེའི་གནས་སྐོར་ཁོར་ཡུག་སོགས་སྤུས་དག་རིག་གནས་གནས་སྐོར་ལམ་ཐིག་བཞེངས་སྐྲུན་བྱས་ཤིང་། ཚྭ་ཁ་ཚྭ་མཚོ་དང་ཁུ་ནུ་རི་བོ། ལིན་ཧུའུ་གནམ་རིག་ཚན་རྩལ་སོགས་འཛམ་གླིང་ལ་བཟང་ཤན་ཡོད་པའི་སྐྱེ་ཁམས་གནས་སྐོར་ལྗོངས་ཁུལ་གསོ་སྤེལ་བྱས་ནས། སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་ལ་འདེགས་སྐྱོར་ལེགས་པོ་འདོན་སྤྲོད་བྱས།       མིག་སྔའི་བར་དུ། མཚོ་ནུབ་ཁུལ་ཡོངས་ནས་རྒྱལ་ཁབ་རིམ་པ་ཀ་བའི་ལྗོངས་ཁུལ་བཅོ་ལྔ་ཡོད་ལ། རིམ་བསགས་བསྡོམས་རྩིས་ལྟར་ན། གནས་སྐོར་བ་མི་ཐེངས་བྱེ་བ་གཅིག་དང་ཁྲི་གཅིག་ལྔ་སྟོང་སུམ་བརྒྱ་ལྷག་སྣེ་ལེན་བྱས་ཤིང་། དེ་དུས་མཉམ་ལས་བརྒྱ་ཆའི་རེ་གསུམ་དང་གྲངས་ཆུང་གཉིས་གསུམ་འཕར་སྣོན་བྱུང་ལ། གནས་སྐོར་ཡོང་སྒོ་སྒོར་ཐེར་འབུམ་ལྔ་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ཡིན་པ་དང་། དུས་མཉམ་ལས་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་གཉིས་འཕར་སྣོན་བྱུང་། 
 
འབྲེལ་ཡོད་འོས་སྦྱོར།