སྔ་མོ་ནས་ཤེས་དགོས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྲེལ་ཡོད་ཤེས་བྱ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2021-12-01
ཀློག་གྲངས།:
གཅིག རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་གླིང་དང་ཁུལ་གང་དག་གིས་གྲུབ་པ་ཡིན།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི“གླིང་གཅིག་དང་ཁུལ་གསུམ”གྱིས་གྲུབ་ཅིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྟེ་གླིང་གཅིག་དང་། འབྲི་ཆུའི་འགོ་ཁུངས(ཨ་ཆེན་གངས་རྒྱབ)། རྨ་ཆུའི་འགོ་ཁུངས། རྫ་ཆུའི་འགོ་ཁུངས་བཅས་ཁུལ་གསུམ་མོ། །དེ་ཡང་འབྲི་ཆུའི(可可西里)འགོ་ཁུངས་ཁུལ་ནི་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ། རྨ་འབྲི་རྫ་གསུམ་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ། རྨ་འབྲི་རྫ་གསུམ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཟོ་སྐྱ་ནས་ཆུ་དམར་སྲུང་སྐྱོབ་ཡན་ལག་ཁུལ། དེ་མིན་གསར་དུ་བསྣན་པའི་འབྲི་ཆུའི་འགོ་ཁུངས་སྐུ་བླ་མདའ་འདོང་དང་འདམ་ཆུའི་ས་ཁོངས་བཅས་ཡིན། གཙོ་བོ་འབྲི་ཆུའི་འགོ་ཁུངས་ཀྱི་འཁྱགས་རོམ་དང་གངས་རི། གཙང་བོ་དང་འདམ་ར། ནེའུ་གསིང་། རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་གཙོད་དང་། གསའ། རྐྱང་སོགས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་གཙོ་བོར་བཟུང་བའི་རི་སྐྱེས་སྲོག་ཆགས་ཀྱི་བསྟི་གནས་དང་གནས་སྤོ་ལ་སྲུང་སྐྱོབ་བྱ་བ་ཡིན།
རྨ་ཆུའི་འགོ་ཁུངས་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མཚོ་སྐྱ་རེངས་དང་སྔོ་རེངས། རྨ་ཆུའི་འགོ་ཁུངས་ཡོས་ཀྱི་སྩང་ལེབ་ཐང་ཁྱབ་ཁོངས་ཡིན། གཙོ་བོ་རྨ་ཆུའི་འགོ་ཁུངས་ཁུལ་གྱི་འཁྱགས་རོམ་དང་གངས་རི། འདམ་ར། ས་མཐོའི་ནེའུ་གསིང་གི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་། མཐོ་སྒང་དུ་ཆགས་པའི་གཅན་གཟན་རིགས་དང་། འདབ་ཆགས་རྩ་ཆེ་རིགས། དམིགས་གནས་ཉ་རིགས་ཀྱི་ཐོན་ཁུངས་སོགས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བ་ཡིན།
རྫ་ཆུའི་འགོ་ཁུངས་ཀྱི་ཁོངས་སུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རི་བོ་ཤྭ་ར་སྐྱ་སྲུང་སྐྱོབ་ཁུལ་དང་རྣམ་སྲས་ལྗོངས་ཁུལ་གཉིས་ཡོད་ཅིང་། གཙོ་བོ་རྫ་ཆུའི་འགོ་ཁུངས་ཀྱི་འཁྱགས་རོམ་དང་གངས་རི། འཁྱགས་རོམ། མཐོ་རི་དང་གྲོག་རོང་། ནགས་ཚལ་སོགས་ལ་སྲུང་སྐྱོབ་བྱེད་པ་སྤྱི་དང་། ནང་སྒོས་སུ་ས་ཁོངས་དེའི་འཚེ་ཡོད་སྐྱེ་དངོས་རིགས་ལ་ཕྱོགས་བསྡུས་འགོག་བཅོས་བྱས་ཏེ་རྩྭ་ས་སྐམ་འགྱུར་དང་ས་ཆུ་བཅུད་ཤོར་སླར་གསོ་བྱེད་ཞོར། གསའ་སོགས་རི་དྭགས་རྩ་ཆེ་རིགས་ལ་སྲུང་སྐྱོབ་བྱ་བ་ཡིན།

རྨ་འབྲི་རྫ་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ལ་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། 2005ལོ་ནས2018ལོའི་བར་འབྲི་ཆུའི་ཆུ་འགོ་དང་། རྨ་ཆུའི་ཆུ་འགོ རྫ་ཆུའི་ཆུ་འགོ་བཅས་ཆུ་བོ་གསུམ་པོ་ཆ་སྙོམས་སུ་རྒྱལ་མཚམས་ཕྱིར་འབབ་ཚད་སོ་སོ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར218.58དང་། སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར215.14། སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར136.23བཅས་ལ་ཟིན། གླིང་ཁུལ་གྱི་འཁྱགས་རོམ་གངས་རི་ནི་ས་ཁོངས་དེར་འབབ་པའི་ཆུ་བོའི་ཁ་གསབ་གལ་ཆེན་ཡིན། དེར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི1ཡན་གྱི་མཚེའུ160ལྷག་ཙམ་ཡོད་པ་དང་། མང་ཤོས་ཚྭ་མེད་མཚེའུ་དང་ཚྭ་ཉུང་མཚེའུ་ཡིན། གླིང་ཁུལ་གྱི་ཐོན་ཁུངས་གཙོ་བོར་གྱུར་བའི་ན་འདམ་དང་རྩྭ་ཐང་གིས་ཆུ་གསུམ་ཆུ་འགོའི་ཆུ་ཁུངས་གསོ་སྙིལ་དང་སྐྱེ་དངོས་སྣ་མང་རང་བཞིན་ཞབས་ཞུའི་ཁྲོད་རྨང་གཞིའི་རང་བཞིན་གྱི་གོ་གནས་གལ་ཆེན་ཟིན། གླིང་ཁུལ་གྱི་ནགས་ཚལ་གཙོ་བོ་གངས་སྐྱེས་སྡོང་ཕྲན་དང་གངས་འདབས་ནགས་ཚལ་གཉིས་ཀྱིས་གྲུབ་ཡོད་ཅིང་། ཆུ་ཁུངས་གསོ་སྙིལ་དང་། གཙང་འགྱུར། གསོག་འཇོག ཆུ་མཁོ་འདོན་བཅས་ཀྱི་ས་ཁོངས་གལ་ཆེན་ནོ། །

ལྟ་བས་ཆོག་མི་ཤེས་པའི་མཛེས་ལྗོངས་ཡོད། ཁུ་ནུ་རི་རྒྱུད་དང་རི་ལག་ཨ་ཆེན་གངས་རྒྱབ། བ་ཡན་ཧ་རི། གདང་ལ་རི་རྒྱུད་ཀྱི་གཉུག་མའི་ཆགས་གྲུབ་མ་ཉམས་རང་སོ་ན་ཡོད་པའི་གཞིར་ཆུ་བོ་འཕྲེད་གཞུང་དུ་འབབ་ཅིང་། མཚེའུ་སྐར་ཚོགས་བཞིན་བཀྲ་བའི་རྨ་ཆུའི་ཆུ་འགོའི“མཚེའུ་སྟོང་ཕྲག”གི་ཡུལ་ལྗོངས་དང་རྫ་ཆུའི་རོང་ཆེན། གནའ་བོའི་གདོད་མའི་ནགས་ཚལ། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་།རི་ཀླུང་ཀུན་ཏུ་རྒྱུ་བའི་རྩ་ཆེའི་སྲོག་ཆགས་སོགས་ཡུལ་གྱི་བཀོད་པ་ངོ་མཚར་ཆེ་བས། འཛམ་གླིང་སྟེང་མཚོ་འཕགས་མཐོ་ཁུལ་གྱི་རང་བྱུང་མཛེས་ལྗོངས་སུ་གྲུབ་ཡོད་དོ། །
དཔེ་མཚོན་ལྡན་པའི་རང་བྱུང་གི་རྗེས་ཤུལ་ཉར་ཡོད། ས་ཁོངས་འདི་ནི་འཛམ་གླིང་གི་རབས་གསར་པའི་འགུལ་སྐྱོད་ཀྱི་དཔེ་མཚོན་ས་ཁོངས་ཡིན་ལ། སའི་གོ་ལའི་སྒུལ་ཤུགས་རིག་པ་དང་། སའི་གོ་ལའི་སྐོར་རིམ་ཆགས་ཚུལ་ལ་ཞིབ་འཇུག་བྱེད་པའི་སྒོ་མོ་ལྟ་བུ་ཡིན། དེར་ས་གཤིས་ཀྱི་རྗེས་ཤུལ་མང་པོ་ཡོད་པ་མ་ཟད། རྡོ་སོལ་དུས་རབས་ཀྱི་འབུ་སྲིན་རིགས་དང་སྲོག་ཆགས་ཀྱི་འགྱུར་རྡོ་དང་། ཀྲུའུ་ལུའོ་དུས་རབས་དང་པེ་ཨི་དུས་རིམ་ནང་གི་ངོ་མཚར་བའི་ཉ་ལྕིའི་སྲོག་ཆགས་ཀྱི་འགྱུར་རྡོ་སོགས་རིགས་མང་པོ་ཡོད། ཨ་ཆེན་གངས་རྒྱབ་ས་ཁུལ་ནི་ཀྲུང་གོ་དང་ཐ་ན་འཛམ་གླིང་སྟེང་དུ་མཚོ་བོད་མཐོ་སྒང་ཡར་འཕགས་པའི་གོ་རིམ་དང་ས་གཤིས་འགུལ་སྐྱོད་ཀྱི་རྗེས་ཤུལ་ཉར་པ་ཆ་ཚང་བའི་མཐོ་སྒང་གི་གཤོངས་ས་འབའ་ཞིག་ཡིན་ལ། ཀྲུང་གོའི་རྒྱ་ཁྱོན་ཆེ་ཤོས་ཀྱི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་ཨང56པ་ཡིན་ནོ། །
སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པོ་ཡོད། སྤྱི་གླིང་འདི་ནི་རྒྱལ་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་དམིགས་བསལ་ཁུལ32ཀྱི་གྲས་ཤིག་སྟེ། དེར་རི་སྐྱེས་སྐྱེ་དངོས་རིགས2238དང་། རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་རི་སྐྱེས་སྲོག་ཆགས་ཀྱི་མིང་གཞུང་ནང་བཅུག་པའི་རིགས88ཡོད་པས། རྒྱལ་ཡོངས་ཀྱི་རྒྱལ་ཁབ་གཙོ་གནད་སྲུང་སྐྱོང་བྱ་ཡུལ་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་གྱི32.59%ཟིན་པ་དང་། ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ཕྱོགས་འདུས་ཀྱི་ས་ཁུལ་ཆེ་ཤོས་སུ་གྱུར་ནས“མཐོ་སྒང་སྐྱེ་དངོས་ཀྱི་གཞི་རྒྱུའི་ཐོན་ཁུངས་མཛོད”དུ་འབོད།
བཞི། ཧ་ཅང་དཀོན་ལ་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི“རྒྱུད་རྒྱུ”མཛོད་ཡིན།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་རྩྭ་ཐང་དང་། འདམ་ར། ནགས་ཚལ། ཆུ་བོ། མཚེའུ། གངས་རི། འཁྱགས་རོམ། ཆུ་འགོ་དང་རི་སྐྱེས་སྲོག་ཆགས། འཛམ་གླིང་གི་རང་བྱུང་ཤུལ་ནོར་བཅས་གཞི་གཅིག་ཅན་གྱི་སྤྱི་གླིང་ཞིག་ཡིན་ཞིང་། དེར་འབྲུ་ལྡན་སྐྱེ་དངོས་ཁྱོན་སྡོམ་རིགས50དང་། ནང་གསེས232། ཡང་གསེས832བཅས་ཡོད་པས་སྐྱེ་ཁམས་མ་ལག་ཡང་དག་ཅིང་ཆ་ཚང་བའི་ཁྱད་ཆོས་ལྡན་ལ། རྨ་འབྲི་རྫ་གསུམ་འགོ་ཁུངས་ས་ཁུལ་ཀྱི་འབྲུ་ལྡན་སྐྱེ་དངོས་ཆེས་མང་པོའི་ལྟེ་བའི་ས་ཁུལ་ཡིན།
བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་མིང་གཞུང་ལས་རིགས29ནི་ཀྲུང་གོའམ་མཚོ་བོད་མཐོ་སྒང་ལ་མ་གཏོགས་མེད་པའི་སྲོག་ཆགས་འབའ་ཞིག་ཡིན་ཞིང་། སྲོག་ཆགས་དང་སྐྱེ་དངོས་རིགས་ཀྱི46.77%ཟིན། ས་ཁོངས་དེར་གསའ་དང་གཟིག་སོགས་ཀྱི་ཁ་ཟས་གཙོ་བོར་གྱུར་བའི་གཙོད་དང་རྐྱང་སོགས་ཀྱི་འཚོ་གནས་དང་གནས་སྤོའི་བགྲོད་ལམ་དང་། ས་མཐོའི་ཉ་རིགས་ཕྱིར་ལྡོག་གི་ཆུ་ལམ་གལ་ཆེན་ཡོད། དེ་ལས་གསའ་རིགས་འཚོ་སྡོད་ལ་འཚམ་པའི་སའི་རྒྱ་ཁྱོན་ཡོངས་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི6.65ཡོད་ཅིང་། དེ་ལས་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི2.97བསྟི་གནས་ཀྱི་གཙོ་བོར་གྱུར་ནས་བསྡུར་གྲངས་ཀྱི24.09%ཟིན།

དམངས་ཡོངས་ལ་ཁ་ཕྱོགས་པའི་སྤྱི་ཕན་རང་བཞིན་རྒྱུན་འཁྱོངས་བྱེད་པ་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་བསམ་བློ་གལ་ཆེན་ཉག་ཅིག་ཡིན། ད་སྔ་རང་རྒྱལ་གྱིས་བཙུགས་པའི་སྐོར་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་ལྔ་ལ་ལྟེ་བའི་སྲུང་སྐྱོབ་ཁུལ་དང་། སྤྱིར་བཏང་ཚོད་འཛིན་ཁུལ་ཞེས་རྣམ་པ་གཉིས་མཆིས། དེ་ཡང་ལྟེ་བའི་སྲུང་སྐྱོབ་ཁུལ་ནི་རྩ་དོན་ཐོག་ཚན་རིག་ཞིབ་འཇུག་དང་། རྟོག་ཞིབ། ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་སྤེལ་ཁོ་ནར་སྤྱོད་ས་ཡིན། སྤྱིར་བཏང་ཚོད་འཛིན་ཁུལ་ནི་ཚོད་འཛིན་གྱི་ཁྱབ་ཁོངས་ནས་ས་ཁོངས་ངེས་ཅན་བགོས་ཏེ། དམིགས་སུ་ཡུལ་སྐོར་བ་དང་། མང་ཚོགས་རྣམས་ཀྱི་ལྗོངས་རྒྱུ་དང་ལྟ་སྐོར་གྱི་རེ་བ་བསྐང་བྱེད་དུ་གཏན་འཁེལ་བྱས་ཡོད།
ལམ་ལུགས་ཚོད་ལྟ་བྱེད་པའི་གོ་རིམ་ནང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་གཞིར་བཞག་སྟེང་སྡོད་ཁུལ་གསར་པ་བསྐྲུན་ཞིང་། སྡོད་ཁུལ་མཉམ་འབྲེལ་གྱི་དོ་དམ་གྲོས་ཆིངས་བཞག་ནས་དུད་འབྲེལ་གཉེར་སྐྱོང་ལག་ལེན་དུ་བསྟར་ཞིང་འབྲོག་པའི་ཕྱུགས་ར་གོང་དུ་སྤེལ། རྫ་ཆུའི་རོང་ཆེན་གཟིགས་པའི་བར་ཁྱམས་དང་། རྨ་ཆུའི་འགོ་ཁུངས་འཚོལ་ཞིབ་ལ་སོགས་པའི་ཁོར་སྲུང་སློབ་གསོ། སྐྱེ་ཁམས་མྱོང་རོལ་བྱེད་པའི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་གི་བྱེད་སྒོ་སོགས་སྤེལ་ནས་ས་ཁོངས་ཀྱི་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་གཏན་འཇགས་སུ་བཏང་བར་མ་ཟད། སྐྱེ་ཁམས་མྱོང་རོལ་ལ་ཞུགས་མཁན་སྐུ་མགྲོན་གྱིས“ཀྲུང་ཧྭ་ཆུ་མཛོད”དུ་གྲགས་པའི་ཡུལ་འདིའི་ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་དང་། མཐོ་སྒང་གི་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་བཅས་ཡུལ་གྱི་དགེ་མཚན་མང་པོར་ཉམས་སུ་མྱངས་ཐུབ་པ་བྱུང་བས་གཉིས་ཕན་མཉམ་རྒྱལ་གྱི་ཕན་འབྲས་བཟང་པོ་ཐོབ།
འབྲེལ་ཡོད་འོས་སྦྱོར།