logo

མཚོ་སྔོན་དུ་ཟླ་བའི་གོ་ལ་དང་ཆེས་འདྲ་བའི་ས་ཆ་ཞིག་འདུག

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-30 ཀློག་གྲངས།:
       སྤྱི་ཟླ3ཚེས27ཉིན། བར་སྣང་ནས་བརྙན་བླངས་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ཡ་གྲོང་ཁྱེར་ལིན་ཧུའུ་གྲོང་རྡལ་ཧའེ་ཏུའུ་རི་བོའི་ཡ་ཏན་ས་གཤིས་ཀྱི་མཛེས་ལྗོངས་འདི་འདྲ་ཞིག་རེད།
མང་ཡ་གྲོང་ཁྱེར་ལིན་ཧུའུ་གྲོང་རྡལ་ཧའེ་ཏུའུ་རི་བོའི་ཡ་ཏན་ས་གཤིས་ཀྱི་མཛེས་ལྗོངས།
       མང་ཡ་གྲོང་ཁྱེར་ལིན་ཧུའུ་གྲོང་རྡལ་ནས་སྤྱི་ལེ13ཙམ་གྱི་མཚམས་སུ། ཟླ་བའི་གོ་ལ་དང་ཤིན་ཏུ་འདྲ་བའི་ས་ཆ་ཞིག་ཡོད། དེ་ནི་ལུང་སྟོང་ཆེན་པོ་ཞིག་ཡིན་པ་དང་། ཁེར་རྐྱང་གི་སྐྱོ་སྣང་ཡོད་ཅིང་ངོ་མཚར་ཆེ་བ་ཞིག་ཡིན། ས་ཆ་དེ་ནི་ཧའེ་ཏུའུ་རི་བོ་རེད། ས་ཆ་དེ་གའི་མིང་དང་འདྲ་བར་རྒྱང་རིང་གི་མཐོང་ལམ་དུ་མངོན་པ་ཡོད་ཚད་ནི་རི་བོ་ནག་སྐྱ་ཡིན་ཞིང་། རི་འབུར་ཆེ་ཆུང་ཚང་མ་བྱེ་རྡོ་ནག་པོས་གཡོགས་ཡོད། མི་རྣམས་ཀྱིས་རྒྱུན་པར་མི་ཡུལ་གྱི་ཟླ་བའི་གོ་ལ་ཞེས་འབོད་ཀྱི་ཡོད། མཚོ་སྔོན་དུ་དེ་ལྟའི་ངོ་མཚར་ཆེ་བའི་ས་ཆ་ཞིག་ཡོད་པ་ནི་ཡིད་ཆེས་དཀའ་བ་ཞིག་རེད། དེ་རུ་ཡིད་འོང་གི་མཛེས་ལྗོངས་མེད་ཅིང་ནམ་རྒྱུན་མི་མེད་ལུང་སྟོང་དུ་གནས་ཤིང་ཁེར་རྐྱང་དང་དབེན་འཇགས་ཀྱིས་ཁེངས་ཡོད། གང་སར་རི་ནག་ཁོ་ནས་ཁེངས་ཡོད་པར་ལྗང་མདོག་གི་སྐྱེ་དངོས་ཤིག་རྩ་བ་ནས་མཐོང་དུ་མེད། མཛེས་ལྗོངས་གཞན་ཡང་མཐོང་མི་ཐུབ། དེ་རུ་མིའི་རིགས་དང་སྲོག་ཆགས་འཚོ་གནས་བྱས་པའི་རྗེས་ཤུལ་མེད་ཅིང་། གདོད་མའི་རང་མདངས་མ་ཡལ་བར་གནས་ཡོད། ཉེ་སར་བཅར་ནས་བལྟས་ཚེ་ཟླ་བའི་གོ་ལའི་ཕྱི་ངོས་དང་གཉིས་སུ་མེད་པ་དང་། ཟླ་བའི་གོ་ལར་སླེབས་པ་དང་མཚུངས། མྱུལ་དཔྱད་དགའ་མོས་མཁན་དག་ས་ཆ་འདི་རུ་ཡོང་རྒྱུར་དགའ་བའི་རྒྱུ་མཚན་ཡང་དེ་རེད། ཧའེ་ཏུའུ་རི་བོའི་གཏེར་རྡོ་ལ་ཉི་རླུང་གི་བྱེད་ནུས་འོག་དབྱང་འགྱུར་བྱུང་རྗེས། རྡོ་ནག་ཏུ་གྱུར་ཞིང་རྡོ་ནག་ཆེན་པོ་དག་གིས་ད་ལྟའི་རྣམ་པ་འདི་གྲུབ། མི་མེད་ལུང་སྟོང་ནི་འདི་གའི་ཡུན་གཏན་གྱི་བརྗོད་གཞི་ཡིན།
བར་སྣང་ནས་པར་དུ་བླངས་པའི་མང་ཡ་གྲོང་ཁྱེར་ལིན་ཧུའུ་གྲོང་རྡལ་ཧའེ་ཏུའུ་རི་བོའི་ཡ་ཏན་ས་གཤིས་ཀྱི་མཛེས་ལྗོངས།

འབྲེལ་ཡོད་འོས་སྦྱོར།