མང་ནེ་གྲོང་ཁྱེར་ནས“སྐར་མ་སྤེན་པའི་སྒོར་རིས”ས་དབྱིབས་ཀྱི་ཡུལ་ལྗོངས་ཤིག་མངོན་པ།
རྩོམ་པ་པོ།:
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2023-05-23
ཀློག་གྲངས།:
ཉེ་ཆར། པར་ལེན་དགའ་མཁན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ནེ་གྲོང་ཁྱེར་གྱི་ཁོངས་གཏོགས་ནས“སྐར་མ་སྤེན་པའི་སྒོར་རིས”ས་དབྱིབས(“土星环”地貌)ཀྱི་ཡུལ་ལྗོངས་ཆེན་པོ་ཞིག་པར་ལེན་ཐུབ་ཡོད་པ་དང་། པར་རིས་ནང་དུ། ས་དབྱིབས་ཐོག་གི་སྒོར་རིས་དང་སྐར་མ་སྤེན་པའི་སྒོར་རིས་གཉིས་ཀ་ཧ་ཅང་འདྲ་བར་མ་ཟད། ད་དུང“སྐར་མ་སྤེན་པའི་སྒོར་རིས”འགའ་ཞིག་གོ་རིམ་ལྟར་བསྒྲིགས་ནས་ཀྱང་ཡོད་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། “སྐར་མ་སྤེན་པའི་སྒོར་རིས”ནི་རྒྱལ་ཁབ་གཞུང་ལམ315ཡི་མཚོ་སྔོན་དང་ཀན་སུའུ། ཞིན་ཅང་བཅས་ཀྱི་སྒོར་ལམ་ཆེན་མོའི་ཐོག་ཏུ་ཡོད་ཅིང་། དེ་ནི་ཤར་ཐའེ་ཅི་ནའེ་ཨེར་མཚེའུ(东台吉乃尔湖)དང་ཆུ་ཐོག་ཡ་ཏན། ནུབ་ཐའེ་ཅི་ནའེ་ཨེར་མཚེའུ། མང་ནེ་གྲོང་ཁྱེར་གྱི་ཨའེ་ཁེན་ཆུ་མིག(艾肯泉)བཅས་ཀྱི་གོང་འོག་མཐུད་འདྲེན་གྱི་གནས་སུ་ཡོད་པ་དང་། “སྐར་མ་སྤེན་པའི་སྒོར་རིས”ས་དབྱིབས་ཀྱི་ཡུལ་ལྗོངས་དེ་ལ། དམངས་ཁྲོད་ཀྱི་ལམ་རྟོག་པ(探险者)ཚོས“མང་ནེའི་ཁྱད་མཚར་སྒོར་རིས”ཞེས་འབོད་བཞིན་ཡོད་པས། དམིགས་བསལ་ལྟེབ་གཉེར་གྱི་ཡ་ཏན་ས་དབྱིབས་འདི་ལ་ཐུན་མིན་གྱི་ཚན་རིག་ཞིབ་འཇུག་གི་རིན་ཐང་ལྡན་པ་རེད།
མཚོ་སྔོན་ཞིང་ཆེན་ས་གཤིས་བརྟག་དཔྱད་གླིང་གི་ཁྱབ་ཁོངས་ས་གཤིས་གཏེར་རྫས་བརྟག་དཔྱད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པའམ་ཡང་ན་མཐོ་རིམ་བཟོ་འགོད་པ་ཀྲང་ཞའོ་ཡུང་གིས་བསྟན་དོན། ས་གཤིས་བརྟག་དཔྱད་གླིང་གི་ལག་རྩལ་མི་སྣ་དང་མང་ནེ་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ལས་སྒྲུབ་མི་སྣ་ཡིས་ཡུལ་དངོས་སུ་བརྟག་དཔྱད་བྱེད་པ་བརྒྱུད་ནས་ཐོག་མའི་བརྡར་གཅོད་བྱས་ན། ས་དབྱིབས་དེ་ཉིད་གྲུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་ས་གཤིས་ཆགས་སྟངས་ཀྱི་ནུས་པ་དང་རླུང་ཟགས་ནུས་པ(风蚀作用)གཉིས་ཡིན་ཞིང་། སྤྱིར་ན་ས་འོག་གི་གཏིང་སར་བཅུག་ཡོད་པའི་གསར་ཉེ་ལོ་སྐོར(新近纪)གྱི་ཆུ་བོ་དང་མཚེའུ་རྣམ་པའི་དིམ་བསགས་ས་རིམ་ལ་ཁྱབ་ཁོངས་ཆགས་སྟངས་འགུལ་སྐྱོད་ཀྱི་ཤུགས་རྐྱེན་ཐེབས་པ་ལས་འཁོར་ལྟེ་ཐུང་བའི་ལྟེབ་གཉེར་ཆགས་སྟངས(褶皱构造)རབ་དང་རིམ་པ་ཞིག་གྲུབ་པ་དང་། ལྟེབ་གཉེར་ཆགས་སྟངས་ཀྱིས་སྤྱིར་ན་ཆུ་མཉམ་འགྲེམས་རས་ལྟར་ཡོད་པའི་བྲག་རིའི་ས་རིམ་ལ་གུག་འཁྱོག་བྱུང་དུ་བཅུག་ཡོད། གུག་འཁྱོག་བྱུང་བའི་བྲག་རིའི་ས་རིམ་དེ་དག་ཡར་འཕགས་ནས་ས་ངོས་ལ་ཐོན་རྗེས། དུས་ཡུན་རིང་བོའི་རླུང་ཟགས་ནུས་པ་ཐེབས་པ་བརྒྱུད། རླུང་ཟད་ནུས་པ(风化能力)འགོག་ཤུགས་མི་འདྲ་བའི་གུག་འཁྱོག་བྲག་རིའི་ས་རིམ་ལ་ཧེ་བག་ཆེ་བའི་རླུང་ཟད་གཞོག་ཟད་བྱུང་བར་བརྟེན། ད་སྐབས་ང་ཚོས་ཆེ་མཐོང་ཐིག་ཚད(宏观尺度)ལས་མཐོང་བའི་སྒོར་རིས་ཆེན་པོ་ཞིག་ལ་འདྲ་བའི་ཁྱད་མཚར་ས་དབྱིབས་ཀྱི་མཛེས་ལྗོངས་འདི་གྲུབ་ཡོད།
འབྲེལ་ཡོད་འོས་སྦྱོར།