logo

འདབ་པའི་ཉི་སྟེང་། མི་ཡུལ་གྱི་དག་ཞིང་།

རྩོམ་པ་པོ།: ཡོང་ཁུངས།:གངས་ལྗོངས་ཉི་གཞོན། དུས་ཚོད།:2023-06-19 ཀློག་གྲངས།:
གནས་རི་འཇམ་པའི་དབྱངས། ཡིའུ་ཅན་ཀྲུང་གིས་པར་བླངས།
       སྤྱི་ཟླ4པའི་ཚེས22ཉིན། སི་ཁྲོན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་གིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་དཔལ་འཕྲིན་ལམ«གླེང་མོལ»ཞེས་པའི་ལེ་ཚན་ནང་སི་ཁྲོན་གྱི་གདོད་མའི་སྣོད་བཅུད་ཀྱི་མཛེས་ཉམས་ལྡན་པའི་དཀར་མཛེས་ཁུལ་འདབ་པའི་ཉི་སྟེང་འོས་སྦྱོར་བྱས། དེ་དང་ཆབས་ཅིག་ཁོང་གིས་འཛམ་གླིང་རིམ་པའི་རིག་གནས་ཡུལ་སྐོར་བྱ་ཡུལ་གསར་པ་སྟེ་འདབ་པའི་ཉི་སྟེང་སྲུང་སྐྱོང་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏང་ཆེད། ཉེ་ཆར་ཉི་སྟེང་གྲོང་ཚོའི་རིག་གནས་ཀྱི་གཞི་རྟེན་གསར་པ་སླར་གསོ་བྱེད་བཞིན་ཡོད་ཅེས་བཤད།
གནས་རི་ཕྱག་ན་རྡོ་རྗེ། ཡིའུ་ཅན་ཀྲུང་གིས་པར་བླངས།
       དུས་རབས་གོང་མའི་ལོ་རབས20པར་ཨ་རིའི་མྱུལ་དཔྱད་པ་ཡུའེ་སེ་ཧྥུ་ལུའོ་ཁུ་ཡིས་ཚན་རིག་རྟོག་ཞིབ་དང་མྱུལ་དཔྱད་བྱེད་སྐབས་འདབ་པའི་ཉི་སྟེང་ཐོག་མར་གཟིགས་བྱུང་། ཁོང་གིས་ཧ་ལས་པའི་ངང་ནས་འཛམ་གླིང་གི་ཡུལ་གྲུ་གང་དུ་པར་རྒྱག་དང་མྱུར་དཔྱད་ལ་སྤྲོ་བས་མི་བུ་ཚོ་དེ་ལྟ་བུའི་མཛེས་ལྗོངས་ཀྱིས་སྒུག་ཡོད་ཅེས་མྱོང་ཚོར་ཟབ་མོ་བརྗོད། ཕྱིས་སུ་དབྱིན་ཇིའི་རྩོམ་པ་པོ་ཀྲན་མུའུ་སི་ཞེའར་ཏུན་གྱིས་ལུའོ་ཁུ་བོད་མྱུལ་དཔྱད་གཏམ་རྒྱུད་དེ་བརྩམས་སྒྲུང«ཡལ་བའི་ས་གཞིའི་མུ་མཐའ»ཅེས་པ་བརྩམས་པར་ཀུན་གྱི་ཡིད་སྨོན་ཤོར་སའི་སེམས་ཀྱི་ཉི་ཟླ་ཞེས་འཛམ་གླིང་གི་ས་གཞི་ཀུན་ཏུ་སྐད་གྲགས་སོང་།
ཉི་སྟེང་མཚོ་མགོ་དགོན། ཧྥུང་ཀོང་ཧྥུའུ་ཡིས་པར་བླངས།
       འདབ་པའི་ཉི་སྟེང་མཛེས་ལྗོངས་ཁུལ་དུ་གངས་རི་དང་མཚེའུ། རྩྭ་ཐང་དང་ནགས་ཚལ། རི་ལུང་དང་སྲོགས་ཆགས་སོགས་ཀྱིས་མཉམ་དུ་ཐུན་མོང་མ་ཡིན་པའི་གདོད་མའི་སྣོད་བཅུད་ཁོར་ཡུག་དེས་རང་བྱུང་ཁམས་ཀྱི་ཁྱད་ལྡན་གྱི་མཛེས་ཉམས་དེ་བཟོས་ཡོད་པས། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆོད་ཅིང་། ཉི་སྟེང་ནི2001ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་རྒྱལ་ཁབ་རིམ་པའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ཁུལ་བཙུགས། སྲུང་སྐྱོང་ཁུལ་ལ་རི་མཐོའི་རང་བྱུང་སྐྱེ་ཁམས་མ་ལག་ཆ་ཚང་བ་དང་གདོད་མའི་རྣམ་པ་སྲུང་འཛིན་བྱས་ཡོད་ལ། དེ་བཞིན་ཕུན་སུམ་ཚོགས་པའི་སྔོ་ཁེབས་དང་སྐྱེ་དངོས་ཀྱི་རིགས་ཡོད། དེའི་སྐྱེ་དངོས་ཁུལ་ནི་རིགས་སྣ་མང་བ་དང་། རིགས་རྒྱུད་འདྲ་མིན་སྣ་ཚོགས་ཡོད་པ། དེ་འདྲའི་སྐྱེ་ཁམས་དང་རང་བྱུང་གི་རྣམ་པ་ནི་འཕྲེད་རྒྱུག་རི་རྒྱུད་དང་མཚོ་བོད་ས་མཐོར་ཡང་ཧ་ཅང་མཐོང་དཀོན་པ་ཞིག་རེད།
ཉི་སྟེང་དུ་འཚོ་བའི་གནའ་བ། ཧྲི་ཕུང་གིས་པར་བླངས།
       འདབ་པའི་ཉི་སྟེང་དུ་ཁྱད་འཕགས་ཀྱི་རང་བྱུང་ཡུལ་ལྗོངས་དང་སྣ་མང་གི་སྐྱེ་ཁམས་མངའ་བར་མ་ཟད། ཕུན་སུམ་ཚོགས་པའི་ཁམས་པའི་རིག་གནས་ལྡན། བབ་ཆགས་ལ་གཏིང་ཟབ་ཀྱི་མི་ཆོས་རིག་གནས་དང་། བོད་བརྒྱུད་ནང་བསྟན་གྱི་དད་མོས་རིག་གནས། གླུ་གར་རིག་གནས། རྒྱན་གོས་རིག་གནས། ཁྱད་ལྡན་སྡོད་ཁང་། རྫ་ཆས་རིག་གནས་སོགས་གྱ་ནོམ་པའི་རིག་གནས་ལྡན་པས་ངེས་པ་དོན་གྱིས“ཤམ་བྷ་ལ”ཞེས་བརྗོད་ཆོག་ཆོག་རེད་དོ། །
ཉི་སྟེང་མཚོ་མགོ་དགོན་གྱི་བརླན་ས། ཡིའུ་ཅན་ཀྲུང་གིས་པར་བླངས།
ཉི་སྟེང་གི་ཞོགས་པ། ཧྥུང་ཀོང་ཧྥུའུ་ཡིས་པར་བླངས།
རི་འདབས་ཀྱི་ཁྱིམ་གཞིས། ཧྥུང་ཀོང་ཧྥུའུ་ཡིས་པར་བླངས།
གནས་རི་སྤྱན་རས་གཟིགས། ཡིའུ་ཅན་ཀྲུང་གིས་པར་བླངས།
འབྲེལ་ཡོད་འོས་སྦྱོར།