མཚོ་སྔོན་པོའི་གསེར་ཉ་ཚང་དུ་ལོག་པའི་དུས་ལ་ཐོན་ནས“ཉ་བྱ་མཉམ་གནས”ཀྱི་སྐྱེ་ཁམས་ཡུལ་ལྗོངས་ཡང་བསྐྱར་མངོན་པ།
རྩོམ་པ་པོ།:
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2023-06-25
ཀློག་གྲངས།:
ཟླ6པའི་ཟླ་དཀྱིལ་དུ། “མཐོ་སྒང་གི་ཨིནྡྲ་ནི་ལ”ཞེས་མིང་ཐོགས་པའི་མཚོ་སྔོན་པོ་རུ་ཆུ་བྱ་མང་བོས་ལྡིང་སྐོར་བྱེད་ཅིང་། གསེར་ཉ་མང་བོས་མཚོ་མོའི་ནང་དུ་འཁྱུག་རྩལ་ངོམ། གསེར་ཉ་ཁྲི་མ་འབུམ་མཚོ་སྔོན་པོར་འབབ་པའི་ཆུ་བོ་ཁག་གི་མདོ་རུ་འདུས་ནས་ཆུ་བོའི་འབབ་རྒྱུན་དང་ལྡོག་ནས་རྐྱལ་ཏེ་རིགས་རྒྱུད་སྤེལ་རྒྱུ་ལ་བརྩོན་པ་དང་། དཀའ་ཚེགས་ཆེ་བའི་ལམ་བུ་འདི་བརྒྱུད་ནས་ཚེ་སྲོག་གསར་བ་ལ་བསུ་བ་བྱེད་བཞིན་ཡོད།
མཚོ་སྔོན་པོའི་གསེར་ཉ་ཚང་དུ་ལོག་བཞིན་པ།
བྱ་རིགས་ཀྱིས་ཚང་དུ་ལོག་བཞིན་པའི་གསེར་ཉ་འཛིན་པ།
ལོ་རེའི་ཟླ6པ་ནས8པའི་བར་དུ། མཚོ་སྔོན་པོ་ཁོ་ནར་མ་གཏོགས་མེད་པའི་དངོས་རིགས་གསེར་ཉ་འདི་ཡང་ལོ་རེ་ལ་ཐེངས་རེ་ཡི་ཚང་དུ་ལོག་པའི་ལམ་ལ་ཆས་པ་ཡིན།
མཚོ་སྔོན་པོའི་གསེར་ཉ་ཡི་རིག་གཞུང་མིང(学名)ལ་ལི་ཉ་རྗེན་པ(裸鲤)ཞེས་ཟེར་ཞིང་། དེ་ནི་ལུས་ན་ཉ་ཁྲབ་མེད་པའི་དབང་གིས་ཐོགས་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁོངས་ཀྱི་འོམ་ཆུ་དང་བུ་ཧ་ཆུ། མཚོ་འཁྱིལ་ཆུ་སོགས་ནི་གསེར་ཉ་མཚོ་སྔོན་པོའི་བྱང་ངོགས་ཀྱི་ཚང་དུ་ལོག་པའི་ཆུ་བོ་གཙོ་བོ་ཡིན།
མཚོ་སྔོན་པོའི་གསེར་ཉ་ཚང་དུ་ལོག་བཞིན་པ།
མཚོ་སྔོན་པོའི་གསེར་ཉ་ཆུའི་འབབ་རྒྱུན་དལ་བའི་གནས་སུ་འདུས་པ།
གསེར་ཉ་འདི་མཚོ་སྔོན་པོའི་གཟན་ཕྲེང་གི་ཁྲོད་དུ་ལྟེ་བའི་གནས་སུ་ཡོད་ཅིང་། དེ་ནི་ཉེ་འཁོར་གྱི་དུས་བྱ་རྣམས་ཀྱི“ཁ་ཟས་གཙོ་བོ”ཡིན་པ་དང་། བྱ་རིགས་ཀྱི་རྟུག་པ་ནི་ཕྱིར་མཚོ་ནང་གི་ཆུ་སྐྱེས་སྔོ་རིགས་དང་སྐྱེ་དངོས་ཕྲ་རབ་ཀྱི་གསོ་བཅུད་བྱས་ཏེ་གསེར་ཉ་ལ་ཁ་ཟས་འདོན་སྤྲོད་བྱེད་བཞིན་ཡོད། 2022ལོའི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་བསྡོམས་གསེར་ཉའི་རིགས་དུང་ཕྱུར1.97ཙམ་མཚོ་སྔོན་པོའི་ནང་ལ་བཏང་ཞིང་། མིའི་ཐབས་གསོ་འཕེལ་ལས་བཏང་བའི་བྱས་རྗེས་འཇོག་ཚད23%ཟིན་ཡོད།
ཆུ་འོག་ནས་པར་དུ་བླངས་པའི་མཚོ་སྔོན་པོའི་གསེར་ཉ།
མཚོ་སྔོན་པོའི་གསེར་ཉ་ཚང་དུ་ལོག་བཞིན་པ།
འབྲེལ་ཡོད་འོས་སྦྱོར།