logo

ཡུས་ཧྲུའུ་ཡི་སྣོད་བཅུད།

རྩོམ་པ་པོ།:ཀུན་དགའ་བསོད་ནམས། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། དུས་ཚོད།:2026-01-21 ཀློག་གྲངས།:
       ཡངས་ཤིང་རྒྱ་ཆེ་བའི་ཡུས་ཧྲུའུ་རྩྭ་ཐང་དུ་གཙོད་ཁྱུ་གང་དགར་རྒྱུ་ལ། དེ་དག་གི་མགོ་བོ་ཀྲོག་ཀྲོག་བྱེད་ཅིང་། མིག་ཟུང་དོགས་ཟོན་དང་མཚར་སྣང་གིས་ཁེངས། དྲོད་འབབ་དུས། སྐལ་བཟང་མེ་ཏོག་གི་འཛུམ་རྒྱ་གཅིག་རྗེས་གཉིས་མཐུད་ཀྱིས་གྲོལ་ཏེ་གློ་སྐྱ་དང་དཀར་པོ། སྨུག་མདོག་བཅས་ཀྱིས་མཐའ་མེད་པའི་རྩྭ་ཐང་བརྒྱན། གནམ་གཤིས་ཇེ་གྲང་དུ་གྱུར་རྗེས། ལོ་མ་དམར་པོ་དང་སེར་པོས་ལུང་གཞུང་ཐམས་ཅད་ཁེངས། ལན་རེར་ཝ་དམར་མིག་ལམ་དུ་རྒྱུ་ཞིང་། དམར་ལ་གནག་སྣུམ་གྱི་རྔ་མ་ས་ངོས་སུ་དྲུད་པས། མཛེས་ཤིང་ལྟ་ན་སྡུག ཁ་བ་བབས་རྗེས་ཀྱི་ཡུས་ཧྲུའུ་འཇམ་ཐིང་ངེར་གནས་ཤིང་། རྩྭ་ཐང་དུ་ཁ་བས་ཡོངས་སུ་གཡོགས་པ་ནི་ཕྱིང་དཀར་ཐང་དུ་བཏིངས་པ་དང་འདྲ།
སྲོད་དུས་ཀྱི་གཙོད།
རྩེ་བཞིན་པའི་ཝ་དམར།
སྲེ་མོང་བྲག་རྡོའི་སྟེང་དུ་འགོས་ནས་དོགས་ཟོན་ཆེན་པོས་ལྟ་བ།
ཁ་བ་བབས་རྗེས་ས་རྟ་གྲོ་ལི་ཟས་འཚོལ་དུ་འགྲོ་བ།
རྩྭ་ཐང་གི་རྐྱང་ཁྱུ།
གསིང་མའི་ཁུགས་ནི་རི་སྐྱེས་སྲོག་ཆགས་ཀྱི་བསྟི་གནས་སུ་གྱུར།
བྲག་རིའི་ཡང་སྟེང་ནས་གསའ་དང་འཕྲད་པ།
ཁ་བའི་ཁྲོད་ཀྱི་ཁྲུང་ཁྲུང་སྐེ་ནག
རྩོམ་པ་པོ་དང་པར་བ་ནི་ཀུན་དགའ་བསོད་ནམས་ཡིན།
འབྲེལ་ཡོད་འོས་སྦྱོར།