མཚོ་སྔོན་ཁྲི་ཀའི་ལི་སྡོང་མེ་ཏོག་རབ་ཏུ་བཞད་པ།
རྩོམ་པ་པོ།:ལྷ་སྒྲོན་མཚོས་སྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2026-04-13
ཀློག་གྲངས།:
དཔྱིད་ཟླ་བཞི་བའི་ཁྲི་ཀའི་ལི་སྡོང་མེ་ཏོག་གཉིད་ལས་སད་པར་གྱུར་ཞིང་། ལི་སྡོང་སྟོང་ཕྲག་གི་མེ་ཏོག་ལས་རྨ་ཆུ་འགྲམ་གཉིས་ཡོངས་སུ་རྒྱན་པའི་རྣམ་པ་ནི་སད་ཆགས་པ་དང་ཁ་བ་བབས་པ་དང་མཚུངས་ལ། བསིལ་རླུང་གཡུགས་པ་དང་བསྟུན་མེ་ཏོག་གི་དྲི་ཞིམ་ཕྱོགས་བཞིར་འཐུལ། “མཐོ་སྒང་གི་འབྲི་ཆུའི་ལྷོ་རྒྱུད”ཅེས་པའི་མཚན་སྙན་ལྡན་པའི་གྲོང་ཁྱེར་འདིས་ལོ་གཅིག་གི་ནང་ཆེས་ཞི་འཇམ་གྱི་དུས་ཚིགས་མགོ་བརྩམས་པ་རེད།

1998ལོར་ལི་སྡོང་མེ་ཏོག་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་སྤེལ་བ་ནས་ད་ལོར་སྐབས་ཉི་ཤུ་པའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཚིགས་མི་འགྱང་བར་སྤེལ་རྒྱུ་རེད། ལོ་ངོ་ཉི་ཤུ་རིང་དུས་ཚིགས་བཞི་བརྗེ་རེས་བྱས་པ་དང་། ཁྲི་ཀའི་རྫོང་སྲིད་གཞུང་དང་རྫོང་ཨུས་དུས་དང་རྣམ་པ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱས་ནས། ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་དང་། ལི་སྡོང་མེ་ཏོག་བརྗོད་དོན་དུ་བྱས་པའི་རིག་གནས་ཡུལ་སྐོར་བྱ་འགུལ་གྱིས“མེ་ཏོག་རྐང་གཅིག་གི་དོན”ནས“ཆུ་བོ་གཅིག་གི་དགའ་སྤྲོ”ཡི་འཕོ་འགྱུར་བྱུང་།

“ལི་སྡོང་མེ་ཏོག་དུས་ཆེན”ནས“རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཚིགས”། དུས་ཆེན་གྱི་མིང་རྒྱ་སྐྱེད་པའི་རྒྱབ་ཕྱོགས་ནི་རྣམ་པ་འགྱུར་བ་མཚོན། ནང་དོན་ཟབ་སར་མེ་ཏོག་ལ་གཟིགས་པའི་དཔལ་འབྱོར་ནས་རིག་གནས་དང་ཡུལ་སྐོར། སྐྱེ་ཁམས། ལུས་རྩལ། ཐོན་ལས་བཅས་དང་མཉམ་འདྲེས་གཏིང་ཟབ་བྱུང་བའི་བྱེ་བྲག་ཅན་གྱི་འགྱུར་ལྡོག་མངོན་འགྱུར་བྱུང་། དེ་ནི་ཁྲི་ཀ་རྫོང་གིས་རྨ་ཆུའི་རིག་གནས་ཀྱི་རྩ་བ་གཙིགས་སུ་བཟུང་བ་དང་། གཟུགས་འདས་རྨང་གཞི་སྔོག་འདོན་བྱས་པ། ཡུལ་སྐོར་ཐོན་ལས་རྒྱ་སྐྱེད་པ། སྐྱེ་ཁམས་གཞི་མདངས་སྲུང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་པ་མ་ཟད། མཐོ་སྒང་གི་གྲོང་ཁྱེར་ཆུང་ཆུང་འདིས་དུས་རབས་གསར་བའི“ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་གཉེར”མཉམ་དུ་འདྲེས་པའི་རྦ་རླབས་ཁྲོད་རྩ་བ་འཚོལ་བ་དང་མདུན་དུ་བསྐྱོད་པ། རེ་འདུན་གྱིས་ཁེངས་པའི་བགྲོད་ལམ་ཡིན། །

འབྲེལ་ཡོད་འོས་སྦྱོར།
