logo

དཀར་མཛེས་ཁུལ་གྱི་དར་མདོ་ཕག་མོ་རིའི་གནས་བསྐོར་དུས་ཆེན་སྤེལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཁམས་པའི་དྲ་བ། དུས་ཚོད།:2016-05-20 ཀློག་གྲངས།:


དཀར་མཛེས་ཁུལ་གྱི་དར་མདོ་ཕག་མོ་རིའི་གནས་བསྐོར་དུས་ཆེན་སྤེལ་བ།

དཀར་མཛེས་ཁུལ་གྱི་དར་མདོ་ཕག་མོ་རིའི་གནས་བསྐོར་དུས་ཆེན་སྤེལ་བ།
གོས་སྐུ་བཤམས་པ།


འཁྲབ་སྟོན།


གད་སྙིགས་འཐུ་བཞིན་པ།

     ཉེ་སྔོན། དར་མདོ་ཕག་མོ་རི་བོའི་རྒྱལ་སྤྱིའི་གནས་བསྐོར་དུས་ཆེན་གྱི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་ཞིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་རྣམས་ལོ་བཞིན་གྱི་འདུས་འཛོམས་ལྟར་དར་མདོ་ཕག་མོ་རི་བོར་འཛོམས་ཏེ་ཆོས་མཇལ་གནས་བསྐོར་ལ་བྲེལ་བ་དང་། ཡིད་དབང་འཕྲོག་པའི་གླུ་གར་གྱི་འཁྲབ་སྟོན་སོགས་ལ་ཚིམ་མེད་རོལ་བར་བྱས།
     སྔ་དྲོའི་ཆུ་ཚོད9:00ཡི་སྟེང་ཕག་མོ་རི་བོའི་གདན་ཐོག་ན་སྟོན་པའི་ཞལ་ཐང་ཆེན་མོ་བཤམས་ཤིང་། བསང་དུད་དཀར་པོ་དགུང་ལ་འཕྱུར་བཞིན་དུང་སྒྲ་སྙན་མོ་བར་སྣང་འགེངས་ཏེ་གླུ་གར་གྱི་མཆོད་པའི་འགོ་བཟུང་བ་སྟེ། དཀར་མཛེས་ཁུལ་གླུ་གར་ཚོགས་པ་དང་དར་མདོ་རིག་རྩལ་མཐུན་ཚོགས། མི་ཉག་ཨ་ཅེ་ལྷ་མོའི་ཟློས་གར་ཚོགས་པ། དར་མདོ་ཁུང་ཡུས་སྐོར་བྲོ་འཁྲབ་སྟོན་རུ་ཁག་དང་སི་ཁྲོན་མི་རིགས་སློབ་གླིང་རོལ་མོ་གླུ་གར་ཚན་ཁག་སོགས་དང་། དེ་བཞིན་རང་ཁུལ་གྱི་གླུ་པ་གླུ་མ་སོགས་ཀྱིས་འཁྲབ་རིམ་ཚན་པ་ལྔའི་སྒོ་ནས་དཀར་མཛེས་ཁུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་གཟིགས་མོ་བ་རྣམས་ལ་ཕུལ་བ་རེད།
     བྱེད་སྒོ་སྤེལ་རིང་། མི་སེར་དང་ཡུལ་སྐོར་བ་རྣམས་ཀྱིས་གད་སྙིགས་སོགས་གང་དགར་མི་འདོར་བ་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་མ་དང་དར་མདོ་སློབ་འབྲིང་གི་ཁོངས་གཏོགས་སློབ་ཆུང་གི་སློབ་མ། དེ་བཞིན་ལས་རིགས་ཁག་སོ་སོའི་དང་བླངས་པ་རྣམས་ཀྱིས་གདན་ཐོག་གི་གད་སྙིགས་དག་འཐུ་ཞིང་གཙང་འཕྱག་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།