ཨ་མྱེས་རྨ་ཆེན་གངས་རི་སྐབས་དྲུག་པའི་རྒྱལ་ཁབ་ས་གཤིས་གླིང་གར་ཚུད་པ།
ཨ་མྱེས་རྨ་ཆེན་གངས་རི་སྐབས་དྲུག་པའི་རྒྱལ་ཁབ་ས་གཤིས་གླིང་གར་ཚུད་པ།
ཉེ་ལམ། རྒྱལ་སའི་ཐོན་ཁུངས་པུའུ་ཡིས་སྐབས་དྲུག་པའི་རྒྱལ་ཁབ་ས་གཤིས་གླིང་གའི་ཐོབ་ཐང་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། རྒྱལ་ཡོངས་ས་གཤིས་ཤུལ་བཞག19ལྷག་ལ་རྒྱལ་ཁབ་ས་གཤིས་གླིང་གའི་ཐོབ་ཐང་བསྩལ། རྨ་ཆེན་རྫོང་གི་ཨ་མྱེས་རྨ་ཆེན་གངས་རིའང་དེའི་གྲས་སུ་ཚུད་ཅིང་འདི་ནི་རྨ་ཆེན་རྫོང་གི་ཐོག་དང་པོའི་རྒྱལ་ཁབ་ས་གཤིས་གླིང་ག་ཡིན་པར་བཤད།
མིག་སྔར། ཞིང་ཆེན་ཡོངས་སུ་གཉེན་པོ་གཡུ་རྩེ་སོགས་རྒྱལ་ཁབ་ས་གཤིས་གླིང་ག6གོང་རིམ་ལ་ཡར་ཞུ་ཞུས་ཡོད་ཅིང་། ཨ་མྱེས་རྨ་ཆེན་གངས་རི་ནི་རྒྱལ་ཁབ་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཚུད་པ་དང་། ལྗོངས་རྒྱུ་བ་རྣམས་ལ་སྤྲོ་གསེང་དང་། ལུས་ཁམས་བཅུད་སྲུང་། རིག་གནས་སྤྲོ་སྐྱིད་བཅས་ཀྱི་གནས་ཁམས་ཤིག་འདོན་སྤྲོད་བྱས། འདི་ནི་ས་གཤིས་ཤུལ་བཞག་གི་མཛེས་ལྗོངས་ཤིག་ཡིན་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་གལ་ཆེན་ཞིག་དང་། ས་གཤིས་ཚན་རིག་ཞིབ་འཇུག་དང་ཁྱབ་སྤེལ་བྱེད་པའི་གནས་ཤིག་ཀྱང་ཡིན།