༄༅།།ཤམ་བྷ་ལ་རྫོང་གི་གནའ་བོའི་མཁར་ཤུལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-07-20
ཀློག་གྲངས།:
བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་གཅིག་པུ་ཡིན།ཁུལ་སྲིད་གཞུང་ཡོད་སའི་ཤམ་ལྷ་ལ་རྫོང་ལ་སྔར་རྒྱལ་ཐང་རྫོང་ཟེར་ཞིང༌། ༢༠༠༡ལོར་ད་ལྟའི་མིང་དུ་བསྒྱུར་བ་རེད།
ཤམ་ལྷ་ལ་ནི་ཟི་ཁྲོན་དང༌། ཡུན་ནན། བོད་ལྗོངས་གསུམ་འབྲེལ་མཚམས་སུ་ཡོད་ཅིང༌། རྒྱ་མཚོའི་ངོས་ལས་སྨི་༣༤༠༠ཡིས་མཐོ།མི་གྲངས་འབུམ་༡ཡོད།རྫོང་མཁར་དུ་མི་ཁྲི་བཞི་ལྔ་ཙམ་ལས་མེད་ལ་ཡུལ་སྐོར་གྱི་དུས་ཚིགས་སུ་ཡུལ་སྐོར་སྤྲོ་འཆམ་ པའི་མི་གྲངས་ཡུལ་མི་ལས་མང་བ་ཡོད།ཤམ་ལྷ་ལའི་མི་སེར་གཙོ་བོ་ནི་བོད་རིགས་དང་དབྱིས་རིགས་རེད། དེར་སྲོང་བཙན་གླིང་དང་ནགས་ཕག་མཚོ་དང་བས་ མཐའ་མཚོ་ལ་སོགས་པའི་གནས་གྲགས་ཅན་མང་པོ་ཡོད།
ཤམ་ལྷ་ལའི་རྫོང་མཁར་ལ་སྲང་ལམ་གཙོ་བོ་གཉིས་ཡོད་དེ་གཅིག་ནི་རྒྱང་སྐྱོད་ལམ་དང་ཅིག་ཤོས་ནི་ཛམ་ཐང་ལམ་ཡིན།ཛམ་ཐང་ལམ་བརྒྱུད་ནས་ཕྱིན་ཚེ་ཛམ་ ཐང་གནའ་མཁར་(རྡོ་དཀར་རྫོང་ཡང་ཟེར) ཡོད་ས་དེར་སླེབས་ཐུབ །རྒྱལ་ཐང་ལ་གནའ་བོའི་དུས་སུ་ཛམ་ཐང་ཟེར་ཞིང༌། དེ་དང་ཟི་ཁྲོན་གྱི་ལི་ཐང༌། འབའ་ཐང་ བཅས་ནི་བོད་ཀྱི་རྒྱལ་པོའི་སྲས་གསུམ་གྱི་མངའ་རིས་ཡིན་པར་བཤད།
སྤྱི་ལོ་680ལོར། བོད་ཀྱི་བཙན་པོའི་རྒྱལ་རབས་ཀྱིས་ས་དེའི་རུས་ཆེན་ལའི་སྟེང་དུ་རྡོ་ཡིས་མཁར་བརྩིགས། མཁར་གྱི་ཕྱི་ལ་ཡུལ་དེའི་ས་དཀར་རིགས་ཤིག་ཡོད་པ་དེ་བྱུགས་པའི་རྐྱེན་གྱིས་རྡོ་དཀར་རྫོང་ཞེས་མིང་དུ་ཆགས། དེ་མིན་འོ་ཆུའི་ངོགས་སུ་ཉི་འོད་རྫོང་བརྩིགས་པ་རེད། ཆིང་རྒྱལ་རབས་ཀྱི་སྐབས་སུ་རྡོ་དཀར་རྫོང་ཡུན་ནན་དང་བོད་ལྗོངས་གཉིས་ཉོ་ཚོང་བྱེད་སའི་ཚོང་འདུས་གལ་ཆེན་དང༌། ཇ་རྟའི་ཚོང་ལམ་འགྲིམ་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ཡུལ་ཞིག་ཏུ་གྱུར། མི་སེར་རྒྱལ་ ཁབ་ཚུགས་མ་ཐག་པའི་སྐབས་སུ་གནའ་མཁར་ལ་ཇག་པའི་གསོད་སྲེག་འཕྲོག་ གསུམ་ཐེབས་ནས་ཉིན་བཞིན་ཉམས་རྒུད་དུ་གྱུར།
གནའ་མཁར་གྱི་དཀྱིལ་སྙིང་ནི་རུས་ཆེན་ལ་ཡིན་ཞིང་དེ་ལས་བྱང་སྒོ། གསེར་འབྲུག མཛོད་ཁང་བཅས་སྲང་ལམ་ཆེན་པོ་གསུམ་ཕྱིར་བསྲིངས་ཡོད།གཏོར་སྐྱོན་ཐེབས་ཚད་ཆེས་ཆུང་ཞིང་གཞི་ཁྱོན་ཆེས་ཆེ་བའི་བོད་རིགས་ཀྱི་གནའ་མཁར་འདི་ཡུལ་སྐོར་བ་འགའ་རེས་ཤེས་རྗེས་དེའི་ལོ་རྒྱུས་ཀྱི་རིན་ཐང་གིས་ཡིད་འཕྲོག་པར་ གྱུར་ཏེ་དེ་གར་གཞི་སྡོད་བྱས་པ་རེད། ད་ལྟ་གནའ་མཁར་གྱི་ཁང་གླར་གཏོང་བྱེད་ཀྱི་ཁང་པ་༤༠༠ལྷག་ཡོད་པ་ལས།ཁང་པ་༨༣ནི་འཛམ་གླིང་གི་ཡུལ་ལུང་ངེས་མེད་ནས་ཡོང་བའི་མ་དངུལ་གཏོང་མཁན་གྱིས་གླས་ཡོད་ཅིང༌། གནའ་མཁར་འདི་ཆང་ཁང་དང་ཁོ་ཧྥེ་ཁང་མང་བའི་ཡུལ་ཞིག་ཏུ་གྱུར་ཡོད།
ཕྱུགས་ར་ཆང་ཁང་ནི་ཀྲུང་གོའི་ཆེས་རང་གཤིས་ལྡན་པའི་ཆང་ཁང་རེད་ཅེས་ཕྱི་རྒྱལ་གྱི་ཡུལ་སྐོར་ལག་དེབ་ནང་དུ་བཀོད་ཡོད། སྐུ་ཞབས་ཨན་ལགས་ནི་རྒྱལ་ཁོངས་སུའེ་ཙེར་དང་རུས་ཁོངས་རྒྱ་རིགས་ཡིན་པའི་ལུས་ལ་གཙག་རིས་འགོད་མཁན་ཞིག་རེད། ཁོང་གིས་རྒྱུན་པར་ལས་ཀ་དུས་ཚོད་ཟླ་བ་ཁ་ཤས་བྱས་ནས་དངུལ་ འདང་ངེས་ཤིག་བཙལ་རྗེས། ཕྱོགས་བཞི་མཚམས་བརྒྱད་དུ་ཉུལ་སྐྱོད་བྱེད་པར་ ཕེབས་ཀྱི་ཡོད། སྤྱི་ལོ་2002ལོར་ཁོ་རང་ཤམ་ལྷ་ལར་སླེབས་ཤིང་དེ་མུར་ཡུལ་འདིར་ཞེན་ཆགས་པ་རེད། དེ་ལྟར་ཁོ་དང་སུའེ་ཙེར་གྱི་གྲོགས་པོ་ཞིག་གིས་ཆང་ཁང་ཞིག་གཉེར་ཏེ་འདིར་མ་དངུལ་གཏོང་མཁན་ཐོག་མ་ཆགས་པ་རེད། སྐུ་ཞབས་ཨན་ལགས་ཀྱིས་གསུངས་པ་ལྟར་ན་ད་ལྟ་འདི་གའི་ཁང་གླ་ལྡབ་འགས་ཇེ་མཐོར་སོང་ཡོད་ པས་ཁོ་རང་ཅུང་ཟད་བྱེད་དཀའ་བའི་གནས་སུ་ལྷུང་སྐད་འདུག ཡིན་ན་ཡང་ དངུལ་བསྒྲུབརྒྱུ་ནི་ཁོར་མཚོན་ན་གལ་ཆེ་ཤོས་མ་ཡིན་ཞིང༌། ཁོ་རང་དགའ་པོ་ གནང་ཡུལ་གཙོ་བོ་ནི་གྲོགས་པོ་ཚོ་དང་མཉམ་དུ་འཛོམ་རྒྱུ་དེ་རེད།
ཨ་མེན་ཆང་ཁང་ཡང་མི་སེམས་འགུགས་པ་ཞིག་འདུག དེའི་སྒོ་ཁར་བྲེས་ཁས་བཟོས་པའི་སྒྲོན་ཁེབས་ཆེན་པོ་ཞིག་འདུག་པ་རྒྱང་རིང་ནས་མཐོང་ཐུབ། ཆང་ཁང་དེ་ནི་དེ་སྔ་བོད་ཀྱི་ནས་ཆང་བཙག་ས་ཞིག་རེད། ད་ལྟ་ཆང་ཁང་དུ་བཅོས་པ་རེད། དེའི་གཤིས་ཁམས་བབས་ཆགས་ལ་ཁམས་གཙང་བ་ཞིག་ཏུ་སྣང༌། སྦྱིན་བདག་ཨབ་ཏུ་ལགས་ནི་ས་ཁེ་སི་ཞེས་པའི་རོལ་ཆ་འབུད་མཁན་འིག་ཡིན་ཞིང་ཁོ་ཡང་ས་འདིར་དགའ་བའི་རྐྱེན་གྱིས་ཆུང་མ་ཨ་མེན་དང་མཉམ་དུ་ཆང་ཁང་འདི་གཉེར་བ་རེད།
གནའ་མཁར་དུ་སྤྱི་ལོ༡༧༤༢ལོར་བཞེངས་པའི་རྡོ་དཀར་ལྷ་ཁང་ཡོད།བཀའ་བསྟན་ལྷ་ཁང་དེ་ནི་བོད་རྒྱ་གཉིས་ཀྱི་བཟོ་ལུགས་ཟུང་དུ་སྦྲེལ་བའི་བཟོ་བཀོད་ཅིག་ཡིན་པ་དང་ནང་དུ་“སངས་རྒྱས་བསྟན་པ་ཀུན་གྱི་བླ་ན་བཀུར་”ཞེས་པའི་གོང་མ་གཡུང་ཀྲེང་གི་ཕྱག་བྲིས་ཡོད། བཀའ་བསྟན་ལྷ་ཁང་དེ་ནི་བོད་རིགས་རྣམས་ཀྱིས་གྲོས་ཁ་བསྡུར་ས་དང་འདུ་འཛོམས་བྱེད་ས།ཆོས་ལུགས་ཀྱི་ཆོ་ག་སྤེལ་ས་བཅས་རེད། འདུ་ཁང་ནང་དུ་ཆིང་རྒྱལ་རབས་སྐབས་ཀྱི་བོད་རིགས་ཀྱི་ལྷ་བྲིས་པ་ཚོས་ བྲིས་པའི་ལྡེབས་རིས་ཡོད་པ་རྣམས་ཐིག་རིས་བྱང་ཆ་ལྡན་ལ་ཁ་དོག་མངོན་པར་ བཀྲ། རི་མོའི་འབྲི་སྟངས་ཀྱི་ཐད་ནས་རྒྱ་རིགས་དང༌། པའེ་རིགས། འཇང་རིགས་བཅས་ཀྱི་ལུགས་ཀྱང་འདྲེས་ཡོད་པས་བོད་ཀྱི་ས་གནས་གཞན་དག་ཏུ་མཐོང་ དཀོན་པ་ཞིག་རེད།
རུས་ཆེན་ལའི་སྤྱི་གླིང་དུ་ཡོད་པའི་ཀླུ་རྒྱལ་ལྷ་ཁང་ནི་ཐོག་སོ་གསུམ་དང་ལྡན་ པའི་རྒྱའི་ལུགས་ཀྱི་བཟོ་བཀོད་ཅིག་ཡིན་ཞིང༌།དེ་ལས་གནའ་མཁར་ཧྲིལ་པོར་མར་བལྟས་ཆོག་རི་རྩེ་རུ་མ་ཎི་འཁོར་ལོ་ཆེན་པོ་ཞིག་བཞེངས་ཡོད་པ་དེ་ལས་གསེར་འོད་ལམ་ལམ་དུ་འཚེར་གྱིན་འདུག་པ་གནའ་མཁར་གྱི་ཕྱོགས་སོ་སོ་ནས་མཐོངཐུབ། བཤད་ཚུལ་ལྟར་ན་ཅི་ནེ་སིའི་འཛམ་གླ

འབྲེལ་ཡོད་འོས་སྦྱོར།