༄༅།། ཡར་ལུང་སྨན་ཆུ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-06-23
ཀློག་གྲངས།:
རྫོང་མཁར་རབ་རྒྱས་ནས་མཆོད་རྟེན་ཐང་ཕྱོགས་ལ་འགྲོ་སའི་མི་རིང་སར་ལུང་གསུམ་གྱི་མདོ་ཞིག་ཡོད་པའི་མིང་ལ་ཡར་ལུང་སུམ་མདོར་གྲགས།གཡས་ཕྱོཊལུང་བའི་ལྷུང་ལྷུང་གི་ཆུ་རྒྱུན་དེད་ནས་ཡར་སྐྱོད་པ་ན་ལྗང་སྟུག་ཤུག་པའི་ཚལ་གྱིས་བཀང་བའི་ལུང་བ་འདིའི་མིང་ལ་སྨན་ཆུའི་ལུང་བ་ཟེར། ཡར་ལུང་སུམ་མདོ་ནས་ཁོད་སྙོམས་པའི་གཞུང་ལམ་དེད་ནས་ཡར་སྐྱོད་པ་ན་ཤུག་སྡོང་དང་མ་ཎི་ཆུ་འཁོར།ལྷབ་ལྷུབ་རླུང་གིས་སྐྱོད་པའི་དར་ལྕོག་མིག་ལམ་དུ་མངོན།ལྟ་ཞོར་འགྲོ་ཞོར་གྱིས་གོ་མེད་ངང་ཡར་ལུང་སྨན་ཆུར་ཐོན་པ་རེད།
དྭངས་གཙང་གི་སྨན་ཆུ་དེ་ཤུག་སྡོང་གིས་གཡོག་པའི་བྲག་ངོས་ནས་ཤར་ཤར་གྱིས་འབབ་ཀྱིན་འདུག་ལ། སྨན་ཆུ་ཧུབ་གང་འཐུང་བ་ན་ལུས་སེམས་ཀྱི་སྐོམ་པ་སེལ་བ་མ་ཟད།འབྱུང་བཞི་བདེ་བའི་སྣང་བ་ཞིག་ཀྱང་སྟེར་ཐུབ་པ་གདོན་མི་ཟའོ།
ཡར་ལུང་སྨན་ཆུ་ནས་མུ་མཐུད་དུ་མདུན་དུ་སྐྱོད་པ་ན་ལྷ་ལུང་ཞེས་བྱ་བའི་ལུང་བ་ཞིག་ལ་ཐོན།གཞི་ཁྱོན་ཆུང་རུང་བརྗིད་ཉམས་མི་ཤོར་བའི་ལྷ་ཁང་ཞིག་མིག་ལམ་དུ་མངོན། དེ་ནི་སངས་རྒྱས་སྨན་ལྷའི་ལྷ་ཁང་ཡིན།ལོ་རེའི་དབྱར་ཟླ་དྲུག་པའི་ཚེས་དྲུག་ཉིན་ལ།ལུང་བ་དེའི་དད་ལྡན་མང་ཚོགས་ཀྱིས་མཆོད་འབུལ་བྱེད་པ་དང་སྨན་ཆུ་འཐུང་བ་ཡིན།སྨན་ཆུ་སྤྱོད་པར་མཐུན་རྐྱེན་སྐྲུན་ཆེད་སྨན་ཆུའི་སྟེང་ཟམ་པ་ཞིག་ཀྱང་བཙུགས་ཡོད་པ་རེད།སྨན་ཆུའི་ཆུ་མིག་འགྲམ་གྱི་ཕ་བོང་སྟེང་བརྐོས་ཡོད་པའི་མིན་ཆིན་རྒྱལ་རབས་སྐབས་ཀྱི་ལྷ་སྐུ་དང་སྔགས་ཡིག་ད་བར་ཡང་གསལ་ལམ་མེར་མཐོང་ཐུབ།ངག་རྒྱུན་ལྟར་ན༌།དེ་སྔོན་ལུང་བ་འདིར་སྨན་ཆུའི་ཆུ་མིག་མང་བོ་ཡོད།མིན་ཆིན་རྒྱལ་རབས་སྐབས་སུ་སྟག་ལུང་ཁྲི་བ་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པ་ཆོས་ཀྱི་ཉི་མ་དང་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།ཐུ་བཀྭན་སྐུ་ཕྲེང་གསུམ་པ་བློ་བཟང་ཆོས་ཀྱི་ཉི་མ་སོགས་བླ་སྤྲུལ་ཆེན་མོ་རྣམསས་འདིར་འཚམས་སུ་བཞུགས་མྱོང་བ་མ་ཟད།ཆུ་མིག་རེ་རེར་རབ་གནས་ཀྱང་མཛད།ཆུ་མིག་གང་ཞིག་གིས་ཕོ་བའི་ནད་སེལ་ཐུབ་པ་དང་གང་ཞིག་གིས་མིག་ནད་སེལ་ནུས་པ།གང་ཞིག་གིས་པགས་ནད་བཅོས་ཐུབ་པའི་ཡོན་ཏན་རྡོ་བརྐོས་སུ་བཏབ། དུས་དེ་ནས་བཟུང༌།ཐག་ཉེ་རིང་གི་ནད་པའི་སྦྲ་གུར་གྱིས་ལུང་བར་བཀང་སོང།མི་མི་ཉུང་བ་ཞིག་གི་ནད་ཀྱི་སྡུག་བསྔལ་སེལ་བས་སྨན་ཆུའི་སྙན་གྲགས་ཀྱང་རླུང་གིས་སྐུལ་བ་བཞིན་ཕྱོགས་བཞི་མཚམས་བརྒྱད་དུ་གྲགས། འོན་ཀྱང༌།ཕྲག་དོག་གིས་མ་བཟོདཔའི་ཐ་ཤལ་སྐྱེས་བུ་ཞིག་གིས་སྨན་ཆུའི་ཁ་ཡིག་བཅོམ་པ་དང་ཁ་ཡིག་གོ་ལྡོག་ནས་བཞག་པས་དེ་ནས་བཟུང་སེམས་ཅན་གྱིས་གང་འདོད་དུ་ལོངས་སྤྱོད་མི་ཐུབ་པར་གྱུར༌།
ལོ་དུ་མའི་རྗེས་སུ།དགུང་ལོ་དྲུག་ཅུར་སོན་པའི་ཐུ་བཀྭན་སྐུ་ཕྲེང་གསུམ་པ་བློ་བཟང་ཆོས་ཀྱི་ཉི་མས་གནས་ཚུལ་འདི་མཁྱེན་ནས།ཁོང་ཉིད་ཆིབབས་ཁ་བསྒྱུར་ནས་དགོན་ལུང་དགོན་པ་ནས་ས་འདིར་ཕེབས།སྐུ་ཉིད་ཀྱིས་ཆུ་མིག་འགྲམ་ནས་ཉིན་ཞེ་དགུར་གསོལ་མཆོད་གནང་ནས་སྨན་ཆུར་ནད་བརྒྱ་སེལ་བའི་བྱིན་དུ་རླབས།དུས་དེ་ནས་བཟུང་ལོ་རེའི་དབྱར་ཟླ་ལྔ་བའི་ཚེས་ལྔ་ཉིན་ནི་སངས་རྒྱས་སྨན་ལྷའི་དུས་ཆེན་དང་དྲུག་པའི་ཚེས་དྲུག་ཉིན་སྨན་ཆུའི་དུས་ཆེན་དམངས་སྲོལ་དུ་ཆགས་སོ།
དཔའ་རིས་རྫོང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བོད་སྐད་སྡེ་ཚན་ལས།

འབྲེལ་ཡོད་འོས་སྦྱོར།