༄༅།།གངས་རིན་པོ་ཆེ་དང་དེའི་རིག་གནས་ཀྱི་གསང་བ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-06-21
ཀློག་གྲངས།:
གཅིག ལོ་རྒྱུས་ཐོག་གི་གངས་རིན་པོ་ཆེ་དང་དེའི་རིག་གནས།
ལོ་རྒྱུས་སྨྲ་བ་དང་རིག་གནས་རིག་པ་བ་དག་གིས་ཞང་ཞུང་འོལ་མོ་ལུང་རིང་ནས་བྱུང་བའི་བོན་ཆོས་ནི་བོད་ཀྱི་ཤེས་རིག་གི་སྐྱ་རེངས་རེད་ཅེས་གསུངས། གནའ་རབས་ཀྱི་ཚད་ལྡན་ཡིག་ཆ་ཁག་ལས་ཞང་ཞུང་ནུབ་སྟག་གཟིག་ནས་ཤར་ཨ་མདོ་བར་དུ་ཆགས་ཡོད་པ་མ་ཟད་འོལ་མའི་ལུང་རིང་ནི་ཕལ་ཆེར་དེང་སྐབས་ཀྱི་གངས་རིན་པོ་ཆེའི་ཉེ་འདབས་དང་མ་ཕམ་གཡུ་མཚོའི་འགྲམ་གྱི་གུ་གེའི་ཡུལ་དུ་ཡོད། དེའི་ཕྱིར་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་མཐའ་སྐོར་ནི་བོད་ཀྱི་ཤེས་རིག་གི་ཐོག་མ་སྟེ་བོན་ཆོས་ཀྱི་འབྱུང་གནས་ཡིན། དོན་དངོས་ཐོག་འོལ་མོའི་ལུང་རིང་ནི་བོན་གྱི་བསྟན་པའི་སྲོལ་འབྱེད་མཁན་གཤེན་རབ་མི་བོ་ཆེའི་འཁྲུངས་ཡུལ་ཡིན་པས་གནའ་ནས་སྐད་གྲགས་ཧ་ཅང་ཆེ།
བོན་ནི་ནད་གདོན་དགྲ་བགེགས་སེལ་བ་དང་འབྲུ་ལྔ་སྨིན་ཞིང་རྨིག་བཞིའི་འཕེལ་ཁ་དར་བར་སྨོན་པ་གཙོ་བོར་བྱེད་པའི་ཆོས་ལུགས་ཤིག་ཡིན། དེའི་རྐྱེན་གྱིས་ཐོག་མ་ནས་ཞང་ཞུང་གི་རྒྱལ་བོ་དག་གིས་རྒྱབ་སྐྱོར་ཐོབ་ཅིང༌། སྐབས་དེར་གངས་རིན་པོ་ཆེའི་ནུབ་ཕྱོགས་ཀྱི་ཁྱུང་ལུང་འོལ་ཁ་ནི་ཞང་ཞུང་རྒྱལ་རབས་ཀྱི་ལྟེ་བ་ཡིན། གནས་འདིའི་མི་རྣམས་ཀྱིས་རྒྱལ་སྲིད་སྟོབས་འབྱོར་མངའ་ཐང་ལྡན་པ་དང་རིག་གནས་དཔལ་འབྱོར་འཕེལ་རྒྱས་ཕུན་སུམ་ཚོགས་པ། འབངས་མི་ཡོངས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་བཅས་ནི་གངས་ཏི་སེ་ལས་བྱུང་བ་དང་དེ་ནི་བོན་པོའི་གནས་རི་ཡིན་པས་འཛམ་གླིང་ལ་ཁ་ལོ་བསྒྱུར་བཞིན་ཡོད་པ་མ་ཟད་ཞང་ཞུང་རྒྱལ་བོའི་བླ་རི་ཡང་ཡིན་པས་དེའི་འཕེལ་འགྲིབ་དང་དགའ་སྐྱོ་ཆགས་སྡང་ནི་ཞང་ཞུང་རྒྱལ་རབས་ཀྱི་བདེ་སྡུག་དང་དར་རྒུད་ཐམས་ཅད་ལ་ཐད་ཀར་འབྲེལ་བར་ཡིད་ཆེས་བརྟན་པོ་བཅོལ་འདུག དེ་དག་གི་སྟེང་ནས་གངས་ཏི་སེ་ཡིས་གནའ་རབས་ཀྱི་བོད་མིའི་སེམས་ཁམས་སུ་གོ་གནས་གལ་ཆེན་ཟིན་ཡོད་པ་རྟོགས་ཐུབ་པས། བོད་ཀྱི་གནའ་རབས་ཤེས་རིག་གི་བྱུང་བ་དང་འཕེལ་རྒྱས་ནི་དེ་དང་འབྲེལ་བ་ཧ་ཅང་ཆེ་བ་རེད།
གངས་རིན་པོ་ཆེའི་འདབས་ཀྱི་ཨ་ཤེ་ཡའི་དབུས་དང་ཤར་གྱི་འབྲེལ་མཚམས་སུ་གནས་ཤིང་སངས་རྒྱས་ཆོས་ལུགས་དང་བོན་དང་ཆོས་ལུགས་གཞན་པའི་ཚད་ལྡན་གྱི་ཡིག་ཆ་དག་ན་鉊ཆུ་ཤེལ་གྱི་མཆོད་རྟེན་鉋གྱི་དཔེ་རུ་བཀོད་ཡོད་ལ་དེའི་དཔོག་པར་དཀའ་བའི་ནམ་ཟླ་དང་བལྟ་བས་ཆོག་མི་ཤེས་པའི་བཀོད་པ་སོགས་ཀྱིས་གནས་དེའི་ཁོར་ཡུག་ན་གནའ་ནས་ད་བར་དུ་འཚོ་བ་རོལ་བཞིན་པའི་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འགུགས་བཞིན་མཆིས། ལྷག་པར་དུ་ཨ་ཤེ་ཡའི་དབུས་ཤར་གྱི་གཙང་བོ་དང་ཆུ་བོ་ཆེན་པོ་རྣམས་ཀྱི་འབྱུང་གནས་ཡིན་པ་མ་ཟད་ཆུ་བོ་དང་གཙང་བོ་དེ་དག་བརྒྱུད་བཞིན་པའི་རྒྱལ་ཁབ་དང་ས་ཁུལ་དེའི་མི་རྣམས་ཀྱི་སྲོལ་རྒྱུན་ཀྱི་འདུ་ཤེས་ཁྲོད་ན་འདི་ནི་འཛམ་གླིང་དང་འཇིག་རྟེན་གྱི་ལྟེ་བ་ཡིན་ལ་མི་ཡུལ་དང་ལྷ་ཡུལ་ཚང་མ་ཡང་གནས་འདི་ནས་མགོ་བརྩམས་ཏེ་ཕྱོགས་བཞིར་མཆེད་པར་འདོད། མི་རྣམས་ཀྱིས་གནས་འདི་ལ་གསོལ་བསྟོད་ཞུས་ཏེ་རང་ཉིད་ལ་མགོན་སྐྱབས་དཔུང་གཉེན་མཛད་པར་སྐྱབས་འཇུག་ཞུ་བཞིན་ཡོད།
ཤར་ནུབ་ཕྱོགས་ཀྱི་རིག་གནས་བརྗེ་རེས་ཀྱི་ལོ་རྒྱུས་སྟེང་གངས་རིན་པོ་ཆེ་ཡིས་གོ་གནས་གལ་ཆེན་ཟིན་འདུག གནའ་དུས་སུ་གནས་འདིར་ཨ་ཤེ་ཡ་དང་ཡོ་རོབ་ཀྱི་སྐམ་ས་སྦྲེལ་བའི་གནའ་བོའི་ལམ་ཨང་གཉིས་པར་གྱུར་ལ་མི་ལ་ལས་鉊གླ་རྩེའི་ལམ་ཆེན་鉋ཞེས་ཀྱང་འབོད། ཚོང་ལམ་འདིས་ཤར་ནུབ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་བསྐྱངས་ཐུབ་ཡོད་པར་མ་ཟད་རིག་གནས་ཡང་གནས་འདི་ནས་ཕན་ཚུན་བརྗེ་རེས་དང་མཉམ་འདྲེས་བྱུང་ཡོད། བོད་རིགས་ཚོས་རང་ཉིད་ཀྱི་གདོད་མའི་རིག་གནས་ཀྱི་ཐོག་མའི་འབྱུང་ཁུངས་དེ་ནུབ་སྟག་གཟིག་ལ་གཏུགས་པར་སྤྲོ་བཞིན་པ་ནི་ཕྱོགས་ལྷུང་གི་ལྟ་ཚུལ་དང་མ་རྟོགས་ལོག་རྟོག་གི་ལྟ་ཚུལ་ཞིག་ཡིན་མོད། འོན་ཀྱང་འདིའི་སྟེང་ནས་བོད་ཀྱི་རིག་གནས་དེ་ནུབ་ཕྱོགས་ཀྱི་རིག་གནས་དང་ལྷག་པར་དུ་ཨ་ཤེ་ཡ་དབུས་ཁུལ་གྱི་རིག་གནས་སོ་སོའི་བ་གནའ་ནས་བརྗེ་རེས་མཉམ་འདྲེས་ཀྱི་ལོ་རྒྱུས་ཡོད་པ་གསལ་བཤད་བྱས་ཡོད།
གཉིས། གནས་མཇལ་བའི་སེམས་སྟེང་གི་གངས་རིན་པོ་ཆེ།
གངས་ཏི་སེ་ནི་ལེགས་སྦྱར་གྱི་སྐད་ཡིན། དོན་ལ་གངས་རི་ཟེར། བོད་སྐད་དུ་གངས་རིན་པོ་ཆེ་འབོད། དེའི་མཐོ་ཚད་རྒྱ་མཚོ་ངོས་ལས་སྤྱི་ཁྲི་༧༢༠༠ལྷག་ཡོད། གནའ་ནས་བཟུང་ཨ་ཤེ་ཡའི་ཁུལ་གྱི་མི་རྣམས་ཀྱིས་དད་པ་དང་མཇལ་སྐོར་བྱེད་པའི་གནས་མཆོག་ཅིག་ཏུ་གྱུར་འདུག གནས་མཇལ་བའི་ངོས་ནས་བཤད་ན་སོ་སོའི་ཆོས་ལུགས་མི་འདྲ་བས་སྐོར་ལམ་གྱི་ཁ་ཕྱོགས་དང་བསྐོར་བ་བྱེད་སྟངས་ལ་ཁྱད་པར་མཆིས། ནང་པའི་རྗེས་འཇུག་པ་ཚོའི་སྐོར་བ་ལ་ཕྱི་སྐོར་དང་ནང་སྐོར་རིགས་གཉིས་ཡོད། ཕྱི་སྐོར་ནི་གངས་རིན་པོ་ཆེ་ལྟེ་བ་བྱས་ཏེ་སྐོར་ལམ་ཆེན་པོ་བརྒྱུད་ནས་འགྲོ་བ་དང་ནང་སྐོར་ནི་གངས་རིའི་ལྷོ་ཟུར་གྱི་གནས་བརྟན་ཡན་ལག་འབྱུང་གི་རིའི་ལམ་ཆུང་བ་དེ་བརྒྱུད་ནས་འགྲོ། ཕྱི་ནང་གི་སྐོར་ལམ་གཉིས་ཀྱི་བྱུང་ཚུལ་ནི་ཕལ་ཆེར་ཐེག་པ་ཆེ་ཆུང་གིས་འདི་ལ་འཛིན་པའི་ལྟ་བ་མི་མཐུན་པ་དང་འབྲེལ་བ་ཡོད་པས་དེར་ཆོས་ལུགས་ཀྱི་ཐད་ལའང་དམིགས་དོན་མི་འདྲ་བ་རེ་ཡོད། ཐེག་ཆེན་གྱིས་གངས་རིན་པོ་ཆེ་ནི་རིའི་རྒྱལ་པོ་ཡིན་པར་བཞེད་ལ། དེ་ནི་དཔལ་བདེ་མཆོག་གི་གཞལ་ཡས་ཁང་ཡིན་པ་མ་ཟད་མཐའ་འཁོར་གྱི་རི་དང་ཆུ་བོ་རྣམས་ཀྱིས་ཀྱང་ཆོས་ཀྱི་དགོངས་དོན་ཟབ་མོ་ཞིག་མཚོན་ཞིང། དཔལ་བདེ་མཆོག་གི་གཞལ་ཡས་ཁང་གི་གྲ

འབྲེལ་ཡོད་འོས་སྦྱོར།