logo

༄༅།།རང་རྒྱལ་གྱི་ནང་བསྟན་པའི་གནས་རི་ཆེན་པོ་བཞི་བཤད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-06-03 ཀློག་གྲངས།:

 ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་གནས་རི་འགངས་ཆེན་བཞི་ནི། ཨུ་ཐའེ་ཧྲན་ཏེ་རི་བོ་རྩེ་ལྔ་དང༌། ཕུ་ཐོ་ཧྲན་ཏེ་ནན་ཧེ་པོ་ཏ་ལ། ཨོ་མེ་ཧྲན་ཏེ་གླང་ཆེན་འགྱིང་རི། ཀྱིའུ་ཧྭ་ཧྲན་ཏེ་རི་བོ་རྩེ་དགུ་བཅས་བཞི་ཡིན་ནོ། །
 ༡ ཨུ་ཐའེ་ཧྲན་(五台山)ཏེ་རྒྱ་ནག་རི་བོ་རྩེ་ལྔ་ནི་ཧྲན་ཞི་ཞིང་ཆེན་གྱི་ཨུ་ཐའེ་རྫོང་(山西省五台县)གི་ཤར་བྱང་དུ་ཡོད་པ་དང༌། མིང་གཞན་ལ་རི་བོ་དྭངས་བསིལ་ཡང་ཟེར། ནང་བ་སངས་རྒྱས་པས་རི་བོ་འདི་ནི་འཇམ་པའི་དབྱངས་དངོས་སུ་བཞུགས་པའི་གནས་ཡིན་པར་འདོད། རི་འདིའི་མིང་ནི་རིའི་རྩ་བ་གཅིག་ལ་རྩེ་མོ་ལྔ་ཡོད་པའི་ཆ་ནས་དེ་ལྟར་ཐོག་པ་ཡིན་ལ། དབུས་སུ་གསེར་གྱི་རི་བོ་སངས་གེ་འགྱིང་འདྲ། ཤར་དུ་ཤེལ་གྱི་རི་བོ་གླང་ཆེན་འགྱིང་འདྲ། ལྷོ་རུ་ཨ་ཀྲོའོ་རི་བོ་རྟ་མཆོག་ཉལ་འདྲ། ནུབ་ཏུ་པད་མ་ར་ཀའི་རི་བོ་རྨ་བྱ་གར་བྱེད་པ་འདྲ་བ། བྱང་དུ་ཨིན་དྲ་ནཱི་ལའི་རི་བོ་ཤང་ཤང་བསྣོལ་བ་འདྲ་བ་བཅས་ལྔར་གྲགས་ཤིང༌། རི་འདི་རྣམས་ཀྱི་རྩེ་མོ་དང་ལྟོངས། སུལ་དང་འདབས་བཅས་ན་གནའ་བོའི་དུས་སུ་དགེ་འདུན་གྱི་སྡེ་སུམ་བརྒྱ་དྲུག་ཅུ་ལྷག་ཡོད་ཅེས་གནས་འདིའི་དགེ་འདུན་པ་རྣམས་ཀྱིས་ངག་ལས་ཐོས་ཀྱང༌། ཧྲན་ཞི་ཞིང་ཆེན་རིག་རྫས་ཁང་གིས་དཔར་ནས་བཀྲམ་པའི་དེབ་ཆུང་ཞིག་ཏུ་བཅིངས་འགྲོལ་བྱས་མ་ཐག་རྩིས་གྲངས་བླངས་པའི་དགོན་སྡེའི་གྲངས་ཀ་ལས་རྒྱའི་བཙུན་པ་བཞུགས་པའི་དགོན་པ་དགུ་བཅུ་གོ་བདུན་དང་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཉེར་གསུམ་ཡོད་ཅེས་འཁོད་འདུག ད་ལྟ་ཡང་དགོན་པ་སུམ་ཅུ་སོ་དགུ་ལྷག་མཇལ་རྒྱུ་ཡོད་པ་ལས་བོད་སོག་གི་དགེ་འདུན་པ་བཞུགས་པའི་དགོན་པ་ཡང་ནུབ་ཕྱོགས་ཀུན་འདུས་གླིང་དང་ལྕང་སྐྱའི་སྒར་བ་སོགས་ལྔ་དྲུག་ཙམ་ཡོད་དོ། །  ལོ་རྒྱུས་ཀྱི་ཡིག་ཆར་བཀོད་པ་ལྟར་ན་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་རྗེ་བླ་མའི་སྐུ་ཚབ་ཏུ་གོང་མའི་ཕོ་བྲང་དུ་ཕེབས་སྐབས་དྭངས་བསིལ་རི་བོ་ནས་དགོན་པ་དྲུག་བཏབ་ཅིང་རི་བོ་དགེ་ལྡན་པའི་བསྟན་པ་གནས་འདིར་ཐོག་མར་སྤེལ། གཞན་ཡང་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་དང་ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོས་གནས་འདིར་ཞབས་ཀྱིས་བཅགས་ཤིང་ཡུན་རིང་སྒྲུབ་པ་མཛད་པའི་སྒྲུབ་ཁང་དང་གཟིམ་ཁང་སོགས་ད་ལྟ་ཡང་དངོས་སུ་མཇལ་རྒྱུ་ཡོད།
 ༢ ཕུ་ཐོ་ཧྲན་(普陀山)ཏེ་པོ་ཏ་ལ་ཀཿ་ནི(补陀洛迦)ཀྲེ་ཅང་ཞིང་ཆེན་གྱི་ཕུ་ཐོ་རྫོང་(浙江普陀县)གི་ཁོངས་སུ་ཡོད་ཅིང་ཀྲིའུ་ཧྲན་གླང་ཚོམ་གྱི་ཡ་གྱལ་དུ་གཏོགས། ཕུ་ཐོ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་པོ་ཏ་ལ་ཟུར་ཆག་པ་སྟེ་གྲུ་འཛིན་གྱི་དོན་ལ་འཇུག་པས་བོད་མི་རྣམས་ཀྱིས་ན་(ནན)་ཧེ་པོ་ཏ་ལ་ཞེས་ཀྱང་ཟེར། ནང་པ་སངས་རྒྱས་ཀྱི་ཆོས་ལུགས་པས་བཤད་ཚུལ་ལ་རི་བོ་འདི་ནི་ལུང་གིས་ཟིན་པའི་སྤྱན་རས་གཟིགས་ཀྱི་གནས་རི་ཡིན་ཡིན་པས་གནའ་བོའི་དུས་སུ་རྒྱ་གར་གྱི་གྲུབ་ཆེན་པ་ཞིག་འདིར་ཕེབས་ཏེ་སྒྲུབ་པ་ཡུན་རིང་མཛད་པར་བརྟེན་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་དངོས་སུ་མཇལ་ཞིང་ཀྱིས་ཁོང་ལ་ཁ་དོག་བདུན་ལྡན་གྱི་ནོར་བུ་གཟི་འོད་འབར་བ་ཞིག་གནང་བ་ནས་བཟུང་མ་ཧཱ་ཙི་ནའི་སྐྱེ་བོ་རྣམས་ཀྱིས་རི་བོ་འདི་འཕགས་པ་སྤྱན་རས་གཟིགས་དངོས་སུ་བཞུགས་པའི་གནས་སུ་ངོས་བཟུང་ནས་རྒྱལ་རབས་སོ་སོའི་རིང་ལ་དགེ་འདུན་གྱི་སྡེ་བཙུགས་ཤིང་རྟེན་བཞེངས་བསམ་གྱིས་མི་ཁྱབ་པ་བྱས་ཞེས་རྒྱའི་ཡིག་ཆ་དག་ན་གསལ།
 ཕུ་ཐོ་ཧྲན་གྱི་ཕྱོགས་བཞི་མཚོ་ཡིས་བསྐོར་ཅིང་ཡུལ་ལྗོངས་རབ་ཏུ་བརྗིད་པས་མི་རྣམས་ཀྱིས་གནས་འདིར鉊མཚོ་གླིང་ཆོས་ཀྱི་ཞིང་ཁམས་鉋ཞེས་སྙན་པའི་མཚན་གསོལ་བ་ནི་དོན་ལ་གནས་པ་ཞིག་ཡིན་ནོ།།
 ༣ཨོ་མེ་ཧྲན་ཏེ་གླིང་ཆེན་འགྱིང་རི་ནི་ཟི་ཁྲོན་ཞིང་ཆེན་གྱི་ལོ་ཧྲན་(四川乐山)ས་ཁུལ་དུ་ཡོད་ཅིང་འཕགས་པ་ཀུན་ཏུ་བཟང་བོའི་གནས་ཡིན་ལ། ནང་བའི་ཆོས་གཞུང་དུ་བཤད་པའི་རི་བོ་འོད་ཟེར་ཅན་(光明山)ཡང་རི་འདི་ཡིན་ཞེས་རྒྱའི་ཡིག་ཆར་གསལ། རི་བོ་འདིའི་རྩེ་མཐོ་ཤོས་ལ་རྒྱ་མཚོའི་ངོས་ནས་སྨིས་སུམ་སྟོང་དགུ་བཅུ་གོ་དགུ་ཡོད་ཅིང་མིང་ལ་སངས་རྒྱས་ཁྲི་ཡི་རི་བོ་(万佛山)ཟེར། ཡིག་ཆ་ཁ་ཤས་ཀྱི་ནང་དུ་ཧན་རྒྱལ་རབས་ཀྱི་སྐབས་ནས་བཟུང་གནས་འདིར་ལྷ་ཁང་དང་གཙུག་ལག་ཁང་ཡོད་ཅེས་བྲིས་འདུག་མོད། ཡིན་ན་ཡང་གླང་ཆེན་འགྱིང་རིའི་དཀར་ཆག་ལྟར་ན་ཆེས་སྔ་བའི་དགོན་པ་ནི་ཝེ་རྒྱལ་རབས་ཀྱི་དུས་སུ་བཞེངས་པའི་ཆུ་ནག་དགོན་པ་(黑水寺)སྟེ། ཅིན་རྒྱལ་རབས་ཀྱི་སྐབས་སུ་གནས་འདིར་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་བརྙན་བཞེངས་ཤིང་ཕུ་ཤན་སི་(普县寺)ཞེས་མཚན་གསོལ། ཐང་རྒྱལ་རབས་ཀྱི་སྐབས་སུ་ཆུ་དཀར་དགོན་པ་(白水寺)ཞེས་མིང་བསྒྱུར། མིང་རྒྱལ་རབས་ཀྱི་དུས་སུ་སླར་ཡང་དབན་ཉན་སི་ཞེས་མཚན་བརྗེས། སྔར་དགོན་པ་འདིར་ལྷ་ཁང་བདུན་ཡོད་ཀྱང་ཕྱིས་སུ་མེ་དགྲ་བཞེས་ཏེ་སྲེག་ཟའི་ཁམས་སུ་ཐིམ། ༡༩༥༣ལོར་བསྐྱར་དུ་བཞེངས་ཤིང་དགོན་པའི་དཀྱིལ་གྱི་དབུས་ཁང་དུ་གླང་ཆེན་མཆེ་བ་དྲུག་ལྡན་ལ་བཅིབས་པའི་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་བརྙན་ལྗིད་ཚད་ལ་ཏུན་དྲུག་ཅུ་རེ་གཉིས་ལོངས་པ་ཞིག་བཞེངས་ཤིང༌། དགོན་པ་འདི་ནི་གླང་ཆེན་འགྱིང་རེའི་དགོན་པ་ཐམས་ཅད་ཀྱི་ནང་ནས་ཆེས་ཆེ་ཤོས་དང་སྔ་ཤོས་ཡིན་ནོ།།  རི་བོ་འདི་ནི་མཐོ་ལ་བརྗིད་ཅིང་ལྗོན་པའི་ཚང་ཚིང་གིས་རབ་ཏུ་དཀྲིགས། རི་རྩེ་ནས་རི་འདབས་ཀྱི་བར་དུ་ཆུ་ཕྲན་ལྷུང་ལྷུང་དུ་འབབ་ཅིང་སྤྲིན་དཀར་དང་ན་བུན་ལང་ལོང་དུ་འཕྱུར་བའི་ཀློང་ན་སྒེག་ཉམས་སྟོན་པའི་སུམ་རྩེན་ལྷ་ཡི་གནས་ཀྱི་གར་མཁན་མ་ཞིག་དང་གཉིས་སུ་མེད་པས་མི་རྣམས་ཀྱིས


འབྲེལ་ཡོད་འོས་སྦྱོར།